ཁྲག་གི་རྨི་ལམ།
བདག་གིས་རྨིས་པའི་ན་ཟུག་གི་ལོ་རྒྱུས
འཇིག་རྟེན་གང་དུ་བྱུང་མྱོང་ངམ
མ་མྱོང་ཏེ་བདག་ནི་གང་གིས་ཀྱང་གླེང་ཐབས་བྲལ་བའི་དབྱངས་རྟ་ཞིག
གོ་དང་མ་གོ་བའི་མཚམས་ནས
སུས་ཀྱང་བདག་གི་རྨི་ལམ་དཀྲོགས་མི་ཆོག
ཁྲག་གི་གོམ་ཁ་དངངས་སྐྲག་གི་རྨི་ལམ་ལ་ཕྱོགས་དུས
ཕ་ཡུལ་གྱི་གངས་རི་དེ་རྒས་འདུག
རེ་འབྲས་ཀྱི་མེ་ཏོག་དེ་རྙིད་སོང
སྙིང་སྟོབས་ཀྱི་ཁྲག་རྩ་དེ་སྐམ་འདུག
ཨ་ཧ་བོ་་་་་་་་་་་་་བདག་ཤི་འདུག
བདག་ནི་ཚེ་སྲོག་བྲལ་བའི་སྲིན་འབུ་ཞིག
གཟུགས་མེད་དབྱིངས་ནས་རྣམ་ཤེས་འཚོལ་བའི་དབུལ་བོ་དབུལ་རྐྱང་དེ
གསོན་ཤུགས་བྲལ་བའི་ལམ་དེ་ནས་སུ་ཞིག་བུད་ཀྱང
རང་ཉིད་ཀྱིས་སློང་མོ་བྱེད་མི་སྲིད
བདག་ནི་དབྲལ་བ་ན་རྒས་གཉེར་འཁྱུལ་མི་འདུག་པས
དུས་ཀྱི་མཐའ་ལ་ཐོན་ཡང
ཁ་བའི་དུས་སུ་རང་ཉིད་ནི་དྲོད་ཁོལ་མེད་པའི་མི་ཞིག་ཡིན་པ་བརྗེད་མེད
བསྐལ་བའི་བར་དུ་བརྗེད་མི་སྲིད།
སྤྱི་ལོ་2013ལོའི་ཟླ6པའི་ཚེ7ཉིན་གངས་ལྗོངས་དྲྭ་ཁང་ནས།
རྩོམ་ཁུངས། ངེད་དྲ་བ།