གསང་བ།
སུས་ཀྱང་མཉམ་འཇོག་བྱེད་མི་སྲིད་པའི།
ངའི་ལྷིང་འཇགས་ཀྱི་གྲུ་ཟུར་དེར།
སྐྱོ་གདུང་དང་ན་ཟུག་གི་ཁུར་བོ་སྤུངས་ནས།
ནམ་ཞིག་གི་ཚེ་ན།
ངས་དེ་དག་ལྷག་ལུས་མེད་པར་ཁུར་ནས།
གནས་གང་ཞིག་ཏུ་སུ་ཞིག་གི་ཕྱོགས་སུ་བསྐྱོད་དགོས་སམ།
ཀྱེ། བདག་གི་སྐྱོ་མཚོར་མོས་པའི་ཡིད་དབང་ལགས།
མཚན་མོ་མང་པོ་ཞིག་ལ།
ཆུ་ཤེལ་གྱི་དབང་བོ་དང་ལྷན་དུ།
སྐྱ་རེངས་མང་པོ་ཞིག་ལ་སྣེ་ལེན་བྱས་རྗེས།
ངས་ད་གཟོད་གནས་ལུགས་གང་ཞིག་རྟོགས་པ་ཇི་བཞིན།
དེ་ནི་ངའི་འཚོ་བའི་ལམ་རྒྱགས་རེད་ཅེས་ལབ་དགོས་བྱུང་།
འཁྲེང་བཞིན་པའི་བྱ་དངོས་ཡོད་ཚད་དང་།
ཐོབ་ཡོད་པའི་བྱ་དངོས་གང་ཡོད།
ངས་གསང་བ་ཡི་སྒྲོམ་རུ་བཅུག་ནས།
གངྒྰ་སྲིང་མོའི་རྒྱུན་ལ་བསྐྱུར་འདོད།
སོ་ནམ་གྱི་ལས་ལ་བརྩོན་པའི་མི་དམངས་ཀྱིས།
རོལ་རྙེད་མ་ཡི་མཚན་མཆོག་སྦྱར་ནས།
རྒྱུས་མེད་པའི་མི་ཞིག་ཕུལ་ལམ།
ཁྱི་ལ་ཟས་བཞིན་ལོགས་ཤིག་ཏུ་འཕེན།
གང་ལྟར་ཡང་།
མཇུག་འབྲས་གཅིག་ཡིན་སྲིད་པས།
དོ་སྣང་བྱས་ཀྱང་རུང་ལ།
མ་བྱས་ཀྱང་ཆོག་གོ།
༢༠༡༣ལོའི་ཟླ༥ཚེས༢༥ཉིན་ལྷ་ལྡན་དགས་པའི་ཞིང་ནས་སྦྱར།
ངའི་ལྷིང་འཇགས་ཀྱི་གྲུ་ཟུར་དེར།
སྐྱོ་གདུང་དང་ན་ཟུག་གི་ཁུར་བོ་སྤུངས་ནས།
ནམ་ཞིག་གི་ཚེ་ན།
ངས་དེ་དག་ལྷག་ལུས་མེད་པར་ཁུར་ནས།
གནས་གང་ཞིག་ཏུ་སུ་ཞིག་གི་ཕྱོགས་སུ་བསྐྱོད་དགོས་སམ།
ཀྱེ། བདག་གི་སྐྱོ་མཚོར་མོས་པའི་ཡིད་དབང་ལགས།
མཚན་མོ་མང་པོ་ཞིག་ལ།
ཆུ་ཤེལ་གྱི་དབང་བོ་དང་ལྷན་དུ།
སྐྱ་རེངས་མང་པོ་ཞིག་ལ་སྣེ་ལེན་བྱས་རྗེས།
ངས་ད་གཟོད་གནས་ལུགས་གང་ཞིག་རྟོགས་པ་ཇི་བཞིན།
དེ་ནི་ངའི་འཚོ་བའི་ལམ་རྒྱགས་རེད་ཅེས་ལབ་དགོས་བྱུང་།
འཁྲེང་བཞིན་པའི་བྱ་དངོས་ཡོད་ཚད་དང་།
ཐོབ་ཡོད་པའི་བྱ་དངོས་གང་ཡོད།
ངས་གསང་བ་ཡི་སྒྲོམ་རུ་བཅུག་ནས།
གངྒྰ་སྲིང་མོའི་རྒྱུན་ལ་བསྐྱུར་འདོད།
སོ་ནམ་གྱི་ལས་ལ་བརྩོན་པའི་མི་དམངས་ཀྱིས།
རོལ་རྙེད་མ་ཡི་མཚན་མཆོག་སྦྱར་ནས།
རྒྱུས་མེད་པའི་མི་ཞིག་ཕུལ་ལམ།
ཁྱི་ལ་ཟས་བཞིན་ལོགས་ཤིག་ཏུ་འཕེན།
གང་ལྟར་ཡང་།
མཇུག་འབྲས་གཅིག་ཡིན་སྲིད་པས།
དོ་སྣང་བྱས་ཀྱང་རུང་ལ།
མ་བྱས་ཀྱང་ཆོག་གོ།
༢༠༡༣ལོའི་ཟླ༥ཚེས༢༥ཉིན་ལྷ་ལྡན་དགས་པའི་ཞིང་ནས་སྦྱར།
རྩོམ་ཁུངས། ངེད་དྲ་བ།