བུ་མོ་དེ་དང་ལྷན་དུ།

ས་དམར་གྲགས་པ།༼ལྷ་ས༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-07-08

 

མཚན་མོ་དེར་ང་རང་བཟི་ཁ་མ་དྭངས་པའི་སྔོན་དུ
ཁོ་མོའི་ལག་པས་ང་ལ་བརྡ་གང་མང་བསྟན་བྱུང
ངས་ཅི་ཡང་བཤད་མ་ཕོད་པར
མིག་བརྡས་ཁྱེད་རང་ངའི་ཆུང་མ་བྱ་འམ་ཞེས་དྲིས

བུ་མོ་དེ་ངུས་སོང   ཆང་གཡོག་མའང་བསླེབས་སོང
ང་རང་ཤེལ་དམ་ཞིག་ཏུ་འཛུལ་ནས་ཕྱིར་བུད་མེད
ཆང་གཡོག་མ་དེས་ང་ལ་ལྟ་བཞིན་ལྟ་བཞིན
"ཁྱེད་རང་ཆུང་བ་ལ་གསུངས་བྱུང"

ཅུང་ཙམ་ཁ་རོག་གེར་བསྡད་རྗེས
"བུ་མོ་དེས་ཆུང་མ་ནི་ཅི་ཞིག་རེད་གསུངས་བྱུང"
ངས་རང་གི་སེམས་པ་བསྟན་ཏེ་འདི་རེད་ཞུས་པས
ཁོ་མོས་མགོ་བོ་དགྱེ་སྟེ་ང་ལ་བཤད་རྒྱུར
"ངས་རྨི་ལམ་ཁོ་ན་ལས་བསྐྲུན་མི་འདོད་གསུངས་བྱུང"

ཁེར་རྐྱང་དུ་གྱུར་བའི་སྣང་བ་ཞིག་གིས
བདག་གི་མིག་ཆུས་ཆང་ལ་རོལ་སོང
ང་རང་ཇི་ལྟར་བཟི་སོང་ཞུས་ཀྱང
མིག་ཆུས་དེ་ལྟར་ཆང་ཁོ་ནར་རོལ་བཞིན་གདའ
མཚན་མོས་ཀྱང་ཆང་ལ་རོལ་བཞིན་གདའ

    ༢༠༡༣/༥/༡༥ཉིན་དབུས་སུ་གྲུབ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུ་མོ་དེ་དང་ལྷན་དུ།

2013-07-08 ས་དམར་གྲགས་པ།༼ལྷ་ས༽ ཀློག་གྲངས། མཆན ཡོད།

 

མཚན་མོ་དེར་ང་རང་བཟི་ཁ་མ་དྭངས་པའི་སྔོན་དུ
ཁོ་མོའི་ལག་པས་ང་ལ་བརྡ་གང་མང་བསྟན་བྱུང
ངས་ཅི་ཡང་བཤད་མ་ཕོད་པར
མིག་བརྡས་ཁྱེད་རང་ངའི་ཆུང་མ་བྱ་འམ་ཞེས་དྲིས

བུ་མོ་དེ་ངུས་སོང   ཆང་གཡོག་མའང་བསླེབས་སོང
ང་རང་ཤེལ་དམ་ཞིག་ཏུ་འཛུལ་ནས་ཕྱིར་བུད་མེད
ཆང་གཡོག་མ་དེས་ང་ལ་ལྟ་བཞིན་ལྟ་བཞིན
"ཁྱེད་རང་ཆུང་བ་ལ་གསུངས་བྱུང"

ཅུང་ཙམ་ཁ་རོག་གེར་བསྡད་རྗེས
"བུ་མོ་དེས་ཆུང་མ་ནི་ཅི་ཞིག་རེད་གསུངས་བྱུང"
ངས་རང་གི་སེམས་པ་བསྟན་ཏེ་འདི་རེད་ཞུས་པས
ཁོ་མོས་མགོ་བོ་དགྱེ་སྟེ་ང་ལ་བཤད་རྒྱུར
"ངས་རྨི་ལམ་ཁོ་ན་ལས་བསྐྲུན་མི་འདོད་གསུངས་བྱུང"

ཁེར་རྐྱང་དུ་གྱུར་བའི་སྣང་བ་ཞིག་གིས
བདག་གི་མིག་ཆུས་ཆང་ལ་རོལ་སོང
ང་རང་ཇི་ལྟར་བཟི་སོང་ཞུས་ཀྱང
མིག་ཆུས་དེ་ལྟར་ཆང་ཁོ་ནར་རོལ་བཞིན་གདའ
མཚན་མོས་ཀྱང་ཆང་ལ་རོལ་བཞིན་གདའ

    ༢༠༡༣/༥/༡༥ཉིན་དབུས་སུ་གྲུབ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།