ལྷུང་བཟེད་དེ།
སྤྲིན་དཀར་གྱི་བཟོས་བའི་ལྷུང་བཟེད་དེ
ཕོག་ཐུག་མ་གཏོང་རླུང་གི་ཁུར་འགྲོ
ས་འབག་གི་བཟོས་བའི་ལྷུང་བཟེད་དེ
རྩེད་སྤྱད་མ་བྱེད་གས་ཆག་ཤོར་འགྲོ
གནའ་བོའི་ལྷུང་བཟེད་དེ་ཡག་རྒྱུ་མེད་རུང
བརྟན་བརླིང་ཆེ་བའི་བློ་གཏོད་ཉན་གི
ད་ལྟའི་ལྷུང་བཟེད་འདི་མིག་ལ་མཛེས་ཀྱང
ཁྲེལ་གཞུང་མེད་པའི་རང་ཉིད་བསླུ་གི
མ་འོངས་བའི་ལྷུང་བཟེད་དེ་
ངའི་ཚོར་བ་མིན་ན་སྐྲག་སྣང་གི་བཟོས་འདུག་པའི
ཐ་ན་རང་ཉིད་ནང་དུ་ལྷུང་ནས་འཆི་ནའང་ཐང་གི
མདོར་ན་ལྷུང་བཟེད་ཟེར་བའི་དངོས་བོ་འདི
འཇིག་རྟེན་ལས་འགོང་བའི་ནོར་བུ་ཞིག་ཡིན་ཡང
དེ་ནི་དགོས་འདོད་ནོར་བུ་ཀུན་འབྱུང་ཟེར་བའི་ནོར་བུ་དང་མི་འདྲ་བར
ནང་ན་མུ་གེ་ཡི་བྱིན་བརླབས་བརྒྱབ་འདུག་པའི ཕྱི་ན་ཧམ་སེམས་ཀྱི་རྦ་ཀློང་འཕྱོ་འདུག་པའི
སུ་ཞིག་གི་ནང་ཁྲོལ་ཕྱིར་སྔོག་པ་དང་འདྲ
ཕོག་ཐུག་མ་གཏོང་རླུང་གི་ཁུར་འགྲོ
ས་འབག་གི་བཟོས་བའི་ལྷུང་བཟེད་དེ
རྩེད་སྤྱད་མ་བྱེད་གས་ཆག་ཤོར་འགྲོ
གནའ་བོའི་ལྷུང་བཟེད་དེ་ཡག་རྒྱུ་མེད་རུང
བརྟན་བརླིང་ཆེ་བའི་བློ་གཏོད་ཉན་གི
ད་ལྟའི་ལྷུང་བཟེད་འདི་མིག་ལ་མཛེས་ཀྱང
ཁྲེལ་གཞུང་མེད་པའི་རང་ཉིད་བསླུ་གི
མ་འོངས་བའི་ལྷུང་བཟེད་དེ་
ངའི་ཚོར་བ་མིན་ན་སྐྲག་སྣང་གི་བཟོས་འདུག་པའི
ཐ་ན་རང་ཉིད་ནང་དུ་ལྷུང་ནས་འཆི་ནའང་ཐང་གི
མདོར་ན་ལྷུང་བཟེད་ཟེར་བའི་དངོས་བོ་འདི
འཇིག་རྟེན་ལས་འགོང་བའི་ནོར་བུ་ཞིག་ཡིན་ཡང
དེ་ནི་དགོས་འདོད་ནོར་བུ་ཀུན་འབྱུང་ཟེར་བའི་ནོར་བུ་དང་མི་འདྲ་བར
ནང་ན་མུ་གེ་ཡི་བྱིན་བརླབས་བརྒྱབ་འདུག་པའི ཕྱི་ན་ཧམ་སེམས་ཀྱི་རྦ་ཀློང་འཕྱོ་འདུག་པའི
སུ་ཞིག་གི་ནང་ཁྲོལ་ཕྱིར་སྔོག་པ་དང་འདྲ
རྩོམ་ཁུངས། ངེད་དྲ་བ།