མག་མོག་གི་དག་ཞིང་།༼སྙན་ཚོམ༽

འབའ་ཚེ་སྨྱོན།༼ཆབ་མདོ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-07-01

སུ་ཞིག་གི་ལྷག་བསམ་གྱིས་བཞེངས་པའི།
རྡོ་རིང་བརྗིད་པོ།
     ----ཁ་བྱང་གི་འགྲེལ་དུ།

ཉི་མ་དང་བར་ཐག་ཉེ་བས་དབུ་སྐྲ་རླུང་བུས་ཁུར་ཞིང་།
ཟླ་བ་དང་ཉེ་བར་གནས་པས།
གཙང་པོའི་རླབས་རྒྱུན་མིག་ཀོང་ན་འཕྱོ།
སྐར་ཚོགས་ཀྱིས་མཐའ་ནས་སྐོར་ཞིང་གདའ།

སྐྱིད་ཆུ་སྔོན་མོ་སུ་ཞིག་གི་སྙིང་ལ་བཞུར་བ་ནས།
བྲག་གཡེར་བའི་བྲག་ཁུང་གང་གི་སྦུགས་སུ་འཁོར་པའི།
མདའ་མོ་གཞུ་ལ་ཤོར་པའི་བྲག་ཅ་ཡང་ཡང་ཉིལ།
ལྷ་ལུང་དཔལ་རྡོར་ཟེར་བའི་མིང་ཞིག་ཀྱང་།
སྐྱིད་ཆུའི་རླབས་འགྲོས་ཀྱིས་ཁུར་ཏེ་དྲན་པའི་མིག་མདུན་དུ་ཡང་ཞིང་གཡོ།

ཚོས་དམར་མཁུར་མགོར་སྐུད་སའི་ཞོགས་པ་དེ་ནས།
མྱོས་བུམ་གྱིས་ཕྱུག་པའི་ཨ་ཅག་འཕྱོན་མའི་དོད་ཀྱིས།
རང་ཉིད་ཀྱི་སྐད་ངག་དང་སྦྱོར་བ།
རང་ཉིད་ཀྱི་སྐྱེས་ཁུངས་ལའང་།
འགྲེལ་བཤད་ལྷག་མ་ཞིག་གི་ཁ་བཏགས་རླུང་གིས་སྒྲོན་ཏེ།
དུས་ཚོད་ཅིག་གི་ཐག་སྒྲ་འགེམ་བཞིན།
ད་ལྟ། མཆོང་སྐྱོད་ཆེན་པོ་ཞིག་གི་རྡོག་ལམ་ན་འཚོ་ཞིང་གདའ།

ཁྱེད་ཀྱི་ནེམ་ཤ་དོད་པའི་མེ་ཏོག་སྒང་ལ།
སྲིད་འདིའི་ཆགས་ཅན་སྐྱེས་འགྲོས་འགྲམ་ཆུ་གཏོར་མྱོང་ལ།
ཅི་ཞིག་གི་དོད་དུ་ཕངས་མེད་ཚེ་སྲོག་ཀྱང་སྦྱིན་མྱོང་ཨང་།

དུང་ལྟར་གྲགས་པའི་ད་ལྟའི་དབྱངས་འགྲོས་དེ་ཡང་།
ཁྱེད་ཀྱི་བླ་འགུགས་ཀྱི་བུམ་པ་ཉིད་ལགས་ན།
བསླེབས་དང་སླེབ་བཞིན་པ་དག་ཀྱང་ཉིད་ཀྱི་ཟས་སྐལ་རང་རེད་ཨང་།

སྐྱིད་ཆུ་སྔོན་མོ་ཁ་སང་ལྟར་བཞུར་ཐོན་པའི་དེ་རིང་།
ངས་གཞི་ནས་ཁྱེད་ཀྱི་སྤྱན་ཆབ་བསྲེས་ནས་ཡོད་པ་མཐོང་བྱུང་།
ད་དུང་ཁྱེད་ཀྱི་རྔུལ་ཆུས་གྲུབ་པའི་ཕུང་བོ་རེ་རེ།
མིག་མདུན་དུ་ཤུལ་མེད་ཡལ་བའི་བྲིས་གཟུགས་དག་ཨང་།

གློ་བུར་བའི་བྲེད་ཤ་རེ་རེས་ཀྱང་།
གོམས་ལོབས་ཀྱིས་ཡ་ཆུང་ལ་ལག་སྙོབ་རེ་བྱེད་དགོས་ཨང་།
            2013/3/25ཉིན་ལྷོ་རོང་དུ།

           ཁྱོད་དང་ངའི་ལོ་སར་གྱི་མདུད་པ།
དུས་ཚོད་ཀྱི་ཕ་བོང་གང་གི་འཛུམ་མེད་ཀྱི་བཀོད་སྒྲིག་དེས།
ངའི་ལོ་གསར་གྱི་མགྲོན་པོ་རྣལ་མ་འཛུམ་འཛུམ་གྱིས།
ངའི་ལུས་ཕུང་གི་ཕྱི་ནང་ཀུན་ཏུ་རྐང་རྗེས་བཞིན་བསླེབས།

ཁ་པར་གྱི་སྐུད་ལམ་ན་ཕ་མ་དང་ཕུ་ནུའི་བརྩེ་སེམས་ཀྱིས།
ལུང་ཁོག་ཅིག་ཏུ་སྟར་ཀའི་མེ་ཏོག་ལྷུག་ལྷུག་བཞད།
ཨ་རག་ཅིག་གི་བཟི་གཏམ་ལས་རྙིད་ཟིན་པའི་ལྗང་མྱུག་གི་ལོ་རྒྱུས་ལ།
མཚོན་མདངས་ཀྱིས་བཀྲ། བཀྲ་ཤིས་པའི་ཁ་བཏགས་དཀར་པོ་ཡུག་གཅིག
ཁ་བ་བཞིན་དྲན་པའི་དཀར་ཡོལ་གྱི་ངོས་ལ་མར་ལོ་བཞིན་ཆགས།
དྲན་པའི་སྒོ་གླེགས་ཀྱི་མདུད་རྒྱ་ཡང་ལྷུག་ལྷུག་དགོད།

སྤྲིན་པ་ཞིག་གི་སྒལ་གཞུང་དུ་གཉིད་དུ་ཡར་པའི་འཇའ་ཚོན།
ས་གཞི་ཞིག་གི་ཆེ་ཆུང་རིམ་བཞིན།
ཉི་འོད་གང་དེའི་ཁ་དོག་གི་གྲངས་ཀ་མིད་ཀྱིན།
ཁྭ་ཏ་གང་གི་གཤོག་འགྱུར་ལ་མིག་ཟུང་གླན་ཏེ།
རྨི་ལམ་གང་དེའི་བྲང་གཞུང་དུ་རྩྭ་ཐང་གང་གི་བྲིས་གཟུགས་ཀྱིས་འཚོ།

ཡིག་ནོར་གྱིས་ཟོས་པའི་རྣམ་ཤེས་ཚོགས་ལ། 
དབྱངས་གསལ་གྱི་དབྱང་རླུང་དམ་བུ་གང་གི་མཆོད་པ་བཤམས་ཏེ།
གཤག་བཅོས་ཐེངས་ཤིག་གི་དུས་ཚོད་ཀྱི་ས་བོན་ས་ཆེན་གང་གི་སྒོ་ཞིང་དུ་སྨིན།

ཨ་རག་གི་ཁ་ན་འཁོར་བའི་སྤྱི་གཙུག་གི་མགུལ་རྒྱན་བརྗིད་པོ།
ཚེ་སྲོག་ཅིག་གི་མིད་པ་རུ་ཆུ་མོ་བཞིན་འཁྱིལ་ཚེ། ཅི་ཞིག་ལ་འཁྱུད་པའི།
ཁྱོད་ཀྱི་རུས་རྐང་གི་ན་ཟུག་ཉག་ཅིག་གི་ང་རྒྱལ་གྱི་ཁ་བ་དཀར་པོ།
གྲང་ཤུར་ཤུར་གྱིས་དྲན་པ་ཞིག་གི་སེམས་སུ་ལྗིད་ལྗིད་ཀྱིས་ལྷུང་།

ཁྱོད་ཀྱི་དུ་རྐང་དང་། ཁྱོད་ཀྱི་རྐང་རྗེས། ཁྱོད་ཀྱི་ཨ་རག
ད་ལྟའི་ངའི་ཁང་མིག་འདིར་ཤུགས་ཀྱིས་འཁོར།
འབུ་སྡོམ་ཞིག་གི་དྲ་རྒྱའང་ངའི་ཕུང་བོ་དང་སྦྲེལ།
དོན་ལྔ་སྣོད་དྲུག་གི་ཁ་སྒོ་ཐམས་ཅད་རྦད་ཀྱིས་བཅད་པ་ནས།
རང་འབབ་ཆུ་ཕྲན་གྱི་ལྟོ་བ་ཆེན་པོ། ད་ལྟའི་དྲན་སེམས་ཀྱི་ཟབ་སར་བསྐུངས།
ལྗང་མྱུག་ཅིག་གི་རྩེ་མོའང་དྲན་པ་ཞིག་གི་དཀྱིལ་གཞུང་དུ་ཤུགས་ཀྱིས་འགུལ་གྱིན་འདུག

                                               2013/2/13ཉིན་སྨྱོན་པས་ལྷོ་རོང་ཡུལ་དུ།

         ཁ་བའི་ཁྲོད་ཀྱི་སྙན་ངག་ཡ་མ་ཟུང་།
ལྷོ་རོང་ལ་ཁ་བ་བབས་བྱུང་།
ང་ཡི་སེམས་ལ་ཁ་བ་བབས་བྱུང་།
དྲན་པའི་ཞབས་ལ་ཁ་བ་ཆགས་བྱུང་།

ཁ་བ་བབས་བྱུང་། འཛུམ་འཛུམ་གྱིས་བབས་བྱུང་།
ས་ཆེན་འདིའི་སྦུགས་སུ་བོར་བའི་རྫོང་མཁར་གང་དེའི་ངོ་གདོང་ལ་བབས་བྱུང་།
སིམ་སིམ་གྱིས་བབས་བྱུང་། ཁ་རོག་གེར་བབས་བྱུང་།
མིག་ཟུང་གང་གི་ཐུ་འོག་ནས་བབས་བྱུང་།

ཁ་བ་བབས་བྱུང་། མཚན་མོ་འདིའི་སྣ་མགོ་ནས་བབས་བྱུང་།
དཀར་བོང་བོང་གིས་བབས་བྱུང་།
སྒྱུ་རྩལ་གྱིས་བབས་བྱུང་།
སྨྱོན་པའི་རྟུལ་ཞུགས་ཀྱིས་བབས་བྱུང་།
སྤྱོད་ལེགས་ཀུན་མཐུན་གྱིས་བབས་བྱུང་།

ཁ་བ་བབས་བྱུང་། སྤྱང་མོ་སོང་ཤུལ་གྱི་རྐང་རྗེས་སྒང་ལ་བབས་བྱུང་།
ལམ་འགྲམ་གྱི་གླང་སྨྱོན་གང་དེའི་རྭ་རྩེར་བབས་བྱུང་།
འཇོ་སྒེག་གིས་བབས་བྱུང་།

ཁ་བ་བབས་བྱུང་། སྨད་ཚོང་མའི་མྱོས་བུམ་གྱི་རྩེ་མོ་ནས་བབས་བྱུང་།
བརྩེ་དུངས་ཀྱིས་བབས་བྱུང་། སྦི་རག་གིས་བབས་བྱུང་།
བཅོས་མ་རྐྱང་རྐྱང་གིས་བབས་བྱུང་།
ཁྱོད་ཀྱི་སྙིང་དབུས་ཀྱི་ཕོ་མོའི་མཉམ་སྤྱོད་ཀྱི།
གསང་སྤྱོད་ཁང་གི་སྒོ་དྲུང་དུ་བབས་བྱུང་།

ཁ་བ་བབས་བྱུང་།
ཁྱི་ཕྲུག་ཅིག་གི་རྔ་མར་བབས་བྱུང་།
རྫིག་རྫིག་གིས་བབས་བྱུང་།
བདེན་རྫུན་གྱིས་བབས་བྱུང་།
ཀུན་ཤེས་ཀྱིས་བབས་བྱུང་།

ཁ་བ་བབས་བྱུང་། ང་ཡི་སྙིང་སྡུག་མའི་མཁུར་མགོ་ནས་བབས་བྱུང་།
ང་ཡི་ལག་ཟུང་གི་མཐོང་མི་སྲིད་པའི་ས་ཆེན་གྱི་ངོར་བབས་བྱུང་།

ཁ་བ་བབས་བྱུང་།
ན་ཟུག་གིས་བབས་བྱུང་།
ཚོར་ཤེས་ཀྱིས་བབས་བྱུང་།
མཛེས་སྡུག་གིས་བབས་བྱུང་།
བདེ་སྐྱིད་ཀྱིས་བབས་བྱུང་།

ཁ་བ་བབས་བྱུང་།
རེ་སྒུག་གིས་བབས་བྱུང་།
རེ་འབོད་ཀྱིས་བབས་བྱུང་།
འགྱོད་གདུང་གིས་བབས་བྱུང་།
རྒྱལ་ཁའི་ངང་བབས་བྱུང་།
འཇམ་འཇམ་གྱིས་བབས་བྱུང་།

ཁ་བ་བབས་བྱུང་།
ཁ་བ་བབས་བྱུང་།
ཁ་བ་བབས་བྱུང་།
     2013/3/16ཉིན་སྨྱོན་པས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མག་མོག་གི་དག་ཞིང་།༼སྙན་ཚོམ༽

2013-07-01 འབའ་ཚེ་སྨྱོན།༼ཆབ་མདོ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།