ཆུ་ཀླུང་རྨས་མ།
ཆུ་ཀླུང་རྨས་མ་ཞིག་གིས
འཛེམ་དོགས་མི་གནང་བར་ང་རང་རྒྱང་ནས་རྒྱང་དུ་འཁུར
གྲུ་གཟིངས་ཆག་རོ་དེ བྱེ་མའི་ཐང་ཆེན་གྱི་མངོན་ལ་མི་ངོམས་པའི་རི་མོ་ཞིག་ལྟར
རང་ཉིད་ཀྱིས་རང་གི་རྨི་ལམ་ལག་པས་བསྒྲིབ་པར་བརྩོན
ཆུ་ཀླུང་རྨས་མ་ཞིག་གིས་འཛེམ་དོགས་མེད་པར་ཡོད་ཚད་འཁུར་བར་བྱས
ཆུ་འཁྱག་ཏུ་ལྷག་པའི་གྲུ་གཟིངས་དེའང་གླིང་ཕྲན་གཞན་ཞིག་ཏུ་འཁུར་བར་བྱས
འཛེམ་དོགས་གང་ཡང་མེད་པར་འཁུར་བར་ཅེས
ཆུ་ཀླུང་དུ་རང་གི་རྨི་ལམ་དང་ཕུགས་བསམ་སྦས་ཡོད
འཁུར་བར་ཅེས་ཤིག
གཉིད་ལ་རོལ་བའི་ལོ་རབས་དག་ཏུ
བདག་ལ་རྨི་ལམ་དང་ཕུགས་བསམ་དགོས་དོན་ག་རེ་ཡོད
ཆུ་ཀླུང་རྨས་མ་ཞིག་གིས་བདག་གི་རྨི་ལམ་འཁུར་བར་བྱས
རྨི་ལམ་མེད་པའི་ལོ་རབས་དག་ཏུ
བདག་ལ་ཕུགས་བསམ་དགོས་དོན་ག་རེ་ཡོད འཁུར་བར་ཀྱེ
ཆག་རོར་ལྷག་པའི་གྲུ་གཟིངས་དེའང
རྨི་ལམ་དུ་རྨིས་དགོས་དོན་ག་རེ་ཡིན
༢༠༡༣ ༥ ༡༤
རྩོམ་ཁུངས། ངེད་དྲ་བ།