ཧ་སར་ཐབས་མཁས་ཀྱི་སྙན་ངག་ཁག་གཉིས།

           དེང་སྐབས།
འབྱོར་ལྡན་བླ་མའི་མདུན་ན་གྲྭ་བ་ཐ་ར་ར།།
དབང་ཅན་དཔོན་པོའི་སྔུན་ན་གཡོག་ལི་སྒུར་རུ་རུ།།
 
ཤོ་རྒྱག་བུ་ཡི་གཞུག་ན་དོམ་དེད་སྒྲིག་སེ་སྒྲིག།
སྨད་འཚོང་ཡག་མའི་འདོམ་ན་མཇེ་ངན་འགྲེང་སེ་འགྲེང་།།
 
འཁོར་བའི་ཨོང་ཤ་གྲང་ལ་རེག་པའི་དམར་ལྷུག་ལྷུག།
སེམས་པའི་བྲང་ཁ་རྨོངས་པར་ལྷུང་བའི་སྐྱོ་ལྷིང་ལྷིང་།།
 
 
         ཀྱག་ཀྱོག་གི་མི་ཚེ།
སྐྱེ་མ་དགོས་འཁོར་བའི་ཐབ་མགོ་འདིར་བསྐྱོན་བྱུང་།།
མེ་དམར་བོའི་གྲོ་མ་བཙོ་བཙོ་ཞིག་བྱས་སོང་།།
 
འགྲོ་མ་དགོས་དགོན་པའི་འདུ་ཁང་དུ་བསྐྱོད་སོང་།།
སྡོམ་དམ་ཚིག་སྦྲུལ་གྱི་མདུད་པ་བཞིན་བཤིག་སོང་།།
 
ལྷུང་མ་དགོས་མཛའ་མོའི་འདོམ་ཁུད་དུ་ལྷུང་སོང་།།
ངའི་རང་གཤིས་ལྕགས་ཀྱི་ཐག་པ་དེ་ཆད་སོང་།།
 
       ཧྭ་སར་ཐབས་མཁས་སུ་འབོད་པའི་ཁོ་བོ་ནི།       རྩོམ་ཡིག་ཀློག་ན་ཉིན་མཚན་གཉིས་ཀ་འཁོར་ལོ་བསྐོར་བསྐོར་བྱེད་མཁན་ཞིག་དང་།  བུ་མོ་རྩེས་ན་མི་ཚེ་གཅིག་པོ་ཐབ་མེ་སྦར་སྦར་བྱེད་མཁན་ཞིག་ཡིན་པས། དེང་མའི་སློབ་གྲོགས་དང་།   བར་གྱི་ཆོས་གྲོགས།    ད་ལྟའི་རུ་ཁ་ཁྱིམ་མཚེས་ཀྱི་ཤག་པོ་ཚོས་ཀྱང་༼ཐབས་མཁས།   ཐབས་མཁས།    ཁྱོད་ཀྱི་འོག་གི་དེ་ངོ་མ་བཤད་རྒྱུ་ཞིག་མི་འདུག༼ཟེར་ལ།    བདག་གི་རྩོམ་གྲོགས་འོག་བཤད་པ་མདའ་བཙན་པོས་ཀྱང་༼ཨོ་ཧོ་ཧོ།   གྲྭ་ལོག་ཅིག་ལ་འདི་འདྲའི་རིང་ཞིང་སྦོམ་པ་ཞིག་དབང་ན་བླ་ལོག་ཅིག་ལ་ཅི་འདྲ་ཞིག་དབང་ཨང་།  ངོ་མ།    ཁས་བླངས་ནི།༽ཟེར་བས།    ངས་ཀྱང་ཁོ་བོར་༼རང་གི་གདོང་ལེགས་མིན་ཅི་བཤད་དེ་གཞན་ལ་དབང་རུང་།    རང་གི་འདོམ་ལེགས་མིན་དེ་ལས་རེད་ལས་རེད༽ཅེས་མི་བཤད་ཀ་མེད་བྱུང་སོང་ངོ།།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཧ་སར་ཐབས་མཁས་ཀྱི་སྙན་ངག་ཁག་གཉིས།

2013-06-26 ཧ་སར་ཐབས་མཁས། ཀློག་གྲངས། མཆན ཡོད།

           དེང་སྐབས།
འབྱོར་ལྡན་བླ་མའི་མདུན་ན་གྲྭ་བ་ཐ་ར་ར།།
དབང་ཅན་དཔོན་པོའི་སྔུན་ན་གཡོག་ལི་སྒུར་རུ་རུ།།
 
ཤོ་རྒྱག་བུ་ཡི་གཞུག་ན་དོམ་དེད་སྒྲིག་སེ་སྒྲིག།
སྨད་འཚོང་ཡག་མའི་འདོམ་ན་མཇེ་ངན་འགྲེང་སེ་འགྲེང་།།
 
འཁོར་བའི་ཨོང་ཤ་གྲང་ལ་རེག་པའི་དམར་ལྷུག་ལྷུག།
སེམས་པའི་བྲང་ཁ་རྨོངས་པར་ལྷུང་བའི་སྐྱོ་ལྷིང་ལྷིང་།།
 
 
         ཀྱག་ཀྱོག་གི་མི་ཚེ།
སྐྱེ་མ་དགོས་འཁོར་བའི་ཐབ་མགོ་འདིར་བསྐྱོན་བྱུང་།།
མེ་དམར་བོའི་གྲོ་མ་བཙོ་བཙོ་ཞིག་བྱས་སོང་།།
 
འགྲོ་མ་དགོས་དགོན་པའི་འདུ་ཁང་དུ་བསྐྱོད་སོང་།།
སྡོམ་དམ་ཚིག་སྦྲུལ་གྱི་མདུད་པ་བཞིན་བཤིག་སོང་།།
 
ལྷུང་མ་དགོས་མཛའ་མོའི་འདོམ་ཁུད་དུ་ལྷུང་སོང་།།
ངའི་རང་གཤིས་ལྕགས་ཀྱི་ཐག་པ་དེ་ཆད་སོང་།།
 
       ཧྭ་སར་ཐབས་མཁས་སུ་འབོད་པའི་ཁོ་བོ་ནི།       རྩོམ་ཡིག་ཀློག་ན་ཉིན་མཚན་གཉིས་ཀ་འཁོར་ལོ་བསྐོར་བསྐོར་བྱེད་མཁན་ཞིག་དང་།  བུ་མོ་རྩེས་ན་མི་ཚེ་གཅིག་པོ་ཐབ་མེ་སྦར་སྦར་བྱེད་མཁན་ཞིག་ཡིན་པས། དེང་མའི་སློབ་གྲོགས་དང་།   བར་གྱི་ཆོས་གྲོགས།    ད་ལྟའི་རུ་ཁ་ཁྱིམ་མཚེས་ཀྱི་ཤག་པོ་ཚོས་ཀྱང་༼ཐབས་མཁས།   ཐབས་མཁས།    ཁྱོད་ཀྱི་འོག་གི་དེ་ངོ་མ་བཤད་རྒྱུ་ཞིག་མི་འདུག༼ཟེར་ལ།    བདག་གི་རྩོམ་གྲོགས་འོག་བཤད་པ་མདའ་བཙན་པོས་ཀྱང་༼ཨོ་ཧོ་ཧོ།   གྲྭ་ལོག་ཅིག་ལ་འདི་འདྲའི་རིང་ཞིང་སྦོམ་པ་ཞིག་དབང་ན་བླ་ལོག་ཅིག་ལ་ཅི་འདྲ་ཞིག་དབང་ཨང་།  ངོ་མ།    ཁས་བླངས་ནི།༽ཟེར་བས།    ངས་ཀྱང་ཁོ་བོར་༼རང་གི་གདོང་ལེགས་མིན་ཅི་བཤད་དེ་གཞན་ལ་དབང་རུང་།    རང་གི་འདོམ་ལེགས་མིན་དེ་ལས་རེད་ལས་རེད༽ཅེས་མི་བཤད་ཀ་མེད་བྱུང་སོང་ངོ།།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།