བྲག་ཕུག་ཁ་བྱང་བལྟ།

གྲ་གཉེན་ཚེ་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-06-19


སྲིད་པའི་གཅོང་རོང་ལྟ་བུའི་ཁ་བྱང་བལྟ་ན།
ཉི་མ་དང་འོད་སྣང་ཞེས་པའི་ཐ་སྙད་མེད།
 
ཚད་མ་དང་གནས་ལུགས་ཀྱི་འདམ་སྙིགས་ཐུག་དྲག་པ་འམ།
སྐལ་བ་དམན་པ་ཅི་ཞིག་གི་མཚན་མ་རུ།
ཁ་བྱང་བལྟ་ལ་ཉི་འོད་མི་འདུག
ཉི་འོད་མེད་པའི་ཁ་བྱང་བལྟ་ལ་འོད་སྣང་དང་དྲོ་སྐྱིད་མི་འདུག
བྲག་ཁུང་གི་ཕྱི་ནང་ལོ་ངོ་སྟོང་ཕྲག་སྔོན་གྱི་སྡོམ་ཐག་གིས་བཏུམས།
ཞེ་མར་བའི་སྡོང་རྒན་ནག་པོས་མཚམས་མཚམས་སུ་རྫིག་ཉམས་ངོམས།
 
འདི་ན། དམྱལ་བ་དང་ལྷ་ཡུལ་ལ་བར་ཐག་མི་འདུག
བསོད་ནམས་ཆེ་ན་ལྷ་ཡུལ་ཀླད་སྟེང་ནས་འཚེར་འོང་ལ།
བྱས་ཉེས་ན་དམྱལ་བ་རྐང་འོག་ནས་བརྡོལ་འོང་།
 
བྲག་ཕུག་གི་ཕྱི་རོལ་དུ་ཞོགས་པ་ཞིག་གི་མགོ་བརྩམས་བྱུང་།
མི་རེ་རེས་རང་ལ་དབང་བའི་གྲིབགཟུགས་དང་འོད་ཟེར་འཁུར་ནས་བསྐྱོད་ཀྱིན་མཆིས།
འོན་ཀྱང་། བྲག་ཁུང་གི་ནང་ན་རང་ལ་དབང་བའི་གྲིབ་གཟུགས་ཕྲ་མོ་ཞིག་ཀྱང་མི་འདུག
ངས་སྔར་བཞིན་གཏིང་ཟབ་པའི་བྲག་ཕུག་གི་མཁའ་རུ་གཡེང་སྟེ།
འོད་ཀྱི་ཉག་མ་ཕྲ་མོ་ཞིག་ཀྱོག་འཕྲོ་བར་སྒུག
        ༢༠༡༢ལོའི༡༢ཚེས༡༢ཉིན་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བྲག་ཕུག་ཁ་བྱང་བལྟ།

2013-06-19 གྲ་གཉེན་ཚེ་རྒྱལ། ཀློག་གྲངས། མཆན ཡོད།


སྲིད་པའི་གཅོང་རོང་ལྟ་བུའི་ཁ་བྱང་བལྟ་ན།
ཉི་མ་དང་འོད་སྣང་ཞེས་པའི་ཐ་སྙད་མེད།
 
ཚད་མ་དང་གནས་ལུགས་ཀྱི་འདམ་སྙིགས་ཐུག་དྲག་པ་འམ།
སྐལ་བ་དམན་པ་ཅི་ཞིག་གི་མཚན་མ་རུ།
ཁ་བྱང་བལྟ་ལ་ཉི་འོད་མི་འདུག
ཉི་འོད་མེད་པའི་ཁ་བྱང་བལྟ་ལ་འོད་སྣང་དང་དྲོ་སྐྱིད་མི་འདུག
བྲག་ཁུང་གི་ཕྱི་ནང་ལོ་ངོ་སྟོང་ཕྲག་སྔོན་གྱི་སྡོམ་ཐག་གིས་བཏུམས།
ཞེ་མར་བའི་སྡོང་རྒན་ནག་པོས་མཚམས་མཚམས་སུ་རྫིག་ཉམས་ངོམས།
 
འདི་ན། དམྱལ་བ་དང་ལྷ་ཡུལ་ལ་བར་ཐག་མི་འདུག
བསོད་ནམས་ཆེ་ན་ལྷ་ཡུལ་ཀླད་སྟེང་ནས་འཚེར་འོང་ལ།
བྱས་ཉེས་ན་དམྱལ་བ་རྐང་འོག་ནས་བརྡོལ་འོང་།
 
བྲག་ཕུག་གི་ཕྱི་རོལ་དུ་ཞོགས་པ་ཞིག་གི་མགོ་བརྩམས་བྱུང་།
མི་རེ་རེས་རང་ལ་དབང་བའི་གྲིབགཟུགས་དང་འོད་ཟེར་འཁུར་ནས་བསྐྱོད་ཀྱིན་མཆིས།
འོན་ཀྱང་། བྲག་ཁུང་གི་ནང་ན་རང་ལ་དབང་བའི་གྲིབ་གཟུགས་ཕྲ་མོ་ཞིག་ཀྱང་མི་འདུག
ངས་སྔར་བཞིན་གཏིང་ཟབ་པའི་བྲག་ཕུག་གི་མཁའ་རུ་གཡེང་སྟེ།
འོད་ཀྱི་ཉག་མ་ཕྲ་མོ་ཞིག་ཀྱོག་འཕྲོ་བར་སྒུག
        ༢༠༡༢ལོའི༡༢ཚེས༡༢ཉིན་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།