ལྷ་སའི་སྐྱིད་ཆུ།

གྲ་གཉེན་ཚེ་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-06-19

              ------------ང་རང་ལོ་ངོ་གསུམ་གྱི་ཡར་སྔོན་དུ་སྐྱིད་ཆུའི་ངོགས་སུ་འགྲེང་མྱོང་ཞིང་། དེ་དུས་ཀྱི་ཚོར་བའི་འདུ་ལོང་ད་ལྟ་ཡང་ངའི་སེམས་ཁ་ན་གཡོ།
ང་རང་ཁྱེད་ཀྱི་ངོགས་སུ་ཐེངས་གཅིག་ལས་ལངས་མ་མྱོང་།
དེ་ནི་ལོ་ངོ་གསུམ་གྱི་ཡར་སྔོན་དུ་རེད།
ང་ཡིས་དྲན་གདུང་ཞེས་པའི་ན་ཟུག་བཏེགས་ནས་ལོ་མང་སོང་།
ནན་གྱིས་བརྩིས་ན་ལོ་ངོ་གསུམ་རེད།
 
ཁྱེད་ཀྱི་ཞི་དུལ་གྱི་བཞུར་ཚུལ་དང་བརྟན་བརླིང་གི་འབབ་ཚུལ་དེས།
ངའི་སེམས་ཁོང་སུ་བསམ་གཞིགས་ཀྱི་ཀློང་འཁོར་ཆེན་པོ་ཞིག་བརྡོལ་དུ་བཅུག
ཁྱེད་ཀྱི་བཞུར་རྒྱུན་ནི་འཚར་ལོངས་ཀྱི་གོ་རིམ་ཞིག་སྟེ།
གངས་རིན་པོ་ཆེའི་གངས་ཀྱི་འདབ་མ་ཞིག་ནས།
སྨད་ཀྱི་ལང་ལོང་འཁོལ་བའི་རྦ་རླབས་སུ་གྲུབ་རེག་བར།
བྲག་རྡོ་ཇི་ཙམ་གྱི་རྡུང་རྡེག་ཕོག་པ་དང་གཡང་ས་ཇི་ཙམ་ལ་ལྷུང་པ།
ཁྱེད་ཀྱི་བཞུར་རྒྱུན་འདི་ཁོ་ནས་ཤེས་འོང་།
 
ཁྱེད་ཀྱི་བཞུར་རྒྱུན་ནི་དུས་ཚོད་ཀྱི་འཁོར་རྒྱུན་ཞིག་སྟེ།
རླངས་གཟུགས་ཀྱིས་བསྙལ་བའི་མེ་ཏོག་ཅིག་ནས་ཆུ་ཐིག་ཕྲ་མོ་ཞིག།
ཆུ་ཐིག་ཕྲ་མོ་ཞིག་ནས་ལང་ལོང་རྒྱུ་བའི་གཙང་པོ་ཆེན་པོ་ཞིག་གི་བར།
དུས་ཚོད་ཀྱི་རི་སུལ་གང་མང་བསྐོར་བ།
ཁྱེད་ཀྱི་རྦབས་རིས་ལས་གསལ་འོང་།
 
ཁྱེད་ཀྱི་བཞུར་རྒྱུན་ནི་མཛེས་སྡུག་གི་གྱོང་གུན་ཅིག་སྟེ།
གངས་དཀར་གྱི་བརྩེ་འདང་ལས་གྲུབ་པའི་མེ་ཏོག་དཀར་པོ་གཅིག
བ་ཚྭའི་རྡུལ་ཉོག་དང་འདྲེས་ཏེ་རྒྱ་མཚོའི་ཕང་བ་ནས་སྐེམས་པ།
གྱོང་གུན་ཐེངས་གཅིག་ཅི་ལ་མིན།
                                                           ༢༠༡༢ལོའི༡༡ཚེས༢༡ཉིན་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་སའི་སྐྱིད་ཆུ།

2013-06-19 གྲ་གཉེན་ཚེ་རྒྱལ། ཀློག་གྲངས། མཆན ཡོད།

              ------------ང་རང་ལོ་ངོ་གསུམ་གྱི་ཡར་སྔོན་དུ་སྐྱིད་ཆུའི་ངོགས་སུ་འགྲེང་མྱོང་ཞིང་། དེ་དུས་ཀྱི་ཚོར་བའི་འདུ་ལོང་ད་ལྟ་ཡང་ངའི་སེམས་ཁ་ན་གཡོ།
ང་རང་ཁྱེད་ཀྱི་ངོགས་སུ་ཐེངས་གཅིག་ལས་ལངས་མ་མྱོང་།
དེ་ནི་ལོ་ངོ་གསུམ་གྱི་ཡར་སྔོན་དུ་རེད།
ང་ཡིས་དྲན་གདུང་ཞེས་པའི་ན་ཟུག་བཏེགས་ནས་ལོ་མང་སོང་།
ནན་གྱིས་བརྩིས་ན་ལོ་ངོ་གསུམ་རེད།
 
ཁྱེད་ཀྱི་ཞི་དུལ་གྱི་བཞུར་ཚུལ་དང་བརྟན་བརླིང་གི་འབབ་ཚུལ་དེས།
ངའི་སེམས་ཁོང་སུ་བསམ་གཞིགས་ཀྱི་ཀློང་འཁོར་ཆེན་པོ་ཞིག་བརྡོལ་དུ་བཅུག
ཁྱེད་ཀྱི་བཞུར་རྒྱུན་ནི་འཚར་ལོངས་ཀྱི་གོ་རིམ་ཞིག་སྟེ།
གངས་རིན་པོ་ཆེའི་གངས་ཀྱི་འདབ་མ་ཞིག་ནས།
སྨད་ཀྱི་ལང་ལོང་འཁོལ་བའི་རྦ་རླབས་སུ་གྲུབ་རེག་བར།
བྲག་རྡོ་ཇི་ཙམ་གྱི་རྡུང་རྡེག་ཕོག་པ་དང་གཡང་ས་ཇི་ཙམ་ལ་ལྷུང་པ།
ཁྱེད་ཀྱི་བཞུར་རྒྱུན་འདི་ཁོ་ནས་ཤེས་འོང་།
 
ཁྱེད་ཀྱི་བཞུར་རྒྱུན་ནི་དུས་ཚོད་ཀྱི་འཁོར་རྒྱུན་ཞིག་སྟེ།
རླངས་གཟུགས་ཀྱིས་བསྙལ་བའི་མེ་ཏོག་ཅིག་ནས་ཆུ་ཐིག་ཕྲ་མོ་ཞིག།
ཆུ་ཐིག་ཕྲ་མོ་ཞིག་ནས་ལང་ལོང་རྒྱུ་བའི་གཙང་པོ་ཆེན་པོ་ཞིག་གི་བར།
དུས་ཚོད་ཀྱི་རི་སུལ་གང་མང་བསྐོར་བ།
ཁྱེད་ཀྱི་རྦབས་རིས་ལས་གསལ་འོང་།
 
ཁྱེད་ཀྱི་བཞུར་རྒྱུན་ནི་མཛེས་སྡུག་གི་གྱོང་གུན་ཅིག་སྟེ།
གངས་དཀར་གྱི་བརྩེ་འདང་ལས་གྲུབ་པའི་མེ་ཏོག་དཀར་པོ་གཅིག
བ་ཚྭའི་རྡུལ་ཉོག་དང་འདྲེས་ཏེ་རྒྱ་མཚོའི་ཕང་བ་ནས་སྐེམས་པ།
གྱོང་གུན་ཐེངས་གཅིག་ཅི་ལ་མིན།
                                                           ༢༠༡༢ལོའི༡༡ཚེས༢༡ཉིན་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།