མཚམས་སྤྲིན་དམར་སྨུག
ཉི་འོད་ཟ་ཟི་འདིའི་ཁུག་ན
སུ་ཞིག་ཤིང་སྡོང་གི་གྲིབ་བསིལ་འོག་བསྡད་ཡོད
ཉི་མས་ལུས་པོ་ཡོངས་བསྲེགས་ཚར་བའི་རྨོ་མོ་དེའམ
ཡང་ན་འཆི་བ་བསྒུག་པའི་སྐྱེས་པ་ཞིག
ས་སྒྱེད་ཀྱི་འགྲམ་གང་རུང་ན
འགྱོད་པ་སྒྱེ་མོ་གང་རུམ་ནས
ཕྱི་དྲན་སླེ་བོ་གང་ཁུར་ཡོད
ཉི་འོད་ཟ་ཟི་འདིའི་འོག་ཏུ
མཚམས་སྤྲིན་དམར་སྨུག་འདི་ལས
ཁ་དཀྲིས་དམར་སྨུག་ཅན་གྱི་བུ་མོ་ཞིག་དྲན་ཞིང
ཆུ་རིས་ཀྱི་ངོས་ལས་མཆུ་དང་མཆུ་ཕྲད་པའི
སེམས་ཀྱི་འཕར་ལྡིང་མཚུངས་པའི
ལག་པ་ཟུང་གི་དྲོ་གྲང་སྙོམས་པའི
ན་ཆུང་བུ་མོ་དེ་ལྷག་ཏུ་དྲན་ཞིང་སྨྲེང
སྒོ་ཁའི་དར་ལྕོག་ཟད་པོ་དེ
ན་ཆུང་མའི་སེམས་རྩ་ལྷོད་ལྷོད་འདྲ་བར་སྣང་ཡང
རྣམ་རྟོག་གི་རྒྱུ་བ་རྒོད་དྲགས་པ་མིན་ན
མྱི་སེམས་ལ་རྡོ་དང་བྱེ་མ་འཚང་ཡོང
འདམ་དང་འབག་བཙོག་བསྲེས་ཡོང
ས་སྲོད་ཀྱིས་བརྩེ་བར་རྨ་ཁ་བཟོས་ཤིང
རྨ་ཁ་དེ་ལས་ཕྱི་དྲན་མག་མོག་ཏུ་བཏང
མཚམས་སྤྲིན་གྱི་གོས་ལྭ་དེ་རྒྱང་ནས་རྒྱང་དུ་བཀྱེད་ཅིང
རེ་བའི་རྨི་ལམ་དེ་ས་སྲོད་ཀྱི་སྐྱིབས་ཁུགས་སུ་འཁྱིལ
ཆང་དང་བུད་མེད་ཀྱི་ནགས་ཚལ་དེ་ནས
བྱ་དང་བྱེའུ་ནི་ནམ་ཡང་འཕུར་ལ་དགའ
ཝ་དང་སྤྱང་ཁུ་ནི་ནམ་ཡང་འདུར་ལ་དགའ
འབག་གྱོན་མཁན་དེ་དག
ནགས་ཚལ་ཆེན་པོའི་ཀློང་དུ་སིམ་ཞིང
གྲམ་ཐང་ཞིག་གི་མངའ་ཐང་དུ་འཐིམས་པར་བྱས
སྤྱི་ལོ་༢༠༡༣ལོའི་ཟླ༥པའི་ཚེས༣ཉིན་སྦྱར།
རྩོམ་ཁུངས། ངེད་དྲ་བ།