ཨ་མཆོག་ཟུར་མིག་གི་སྙན་ངག་ཁག་ལྔ།

         1སིལ་བུར་བཅག་རྗེས།
སྒོ་དང་སྒེའུ་ཁུང་སིལ་བུར་བཅག་རྗེས
སྤྲིན་པའི་ཡང་སྟེང་དུ
ཤེལ་གྱི་ཕོ་བྲང་ཞིག་བཞེངས
 
སྐྱོ་གདུང་དང་ངལ་དུབ་བསལ་རྗེས
 
དུས་ཚོད་ཀྱི་མདའ་རྩེ་འདར་ཙམ་འདར་ཙམ་གྱིས
གཙང་བོ་དང་ཆུ་ཕྲན་མེ་ཡིས་སྲེག་སྟེ
ཐལ་བར་གྱུར
 
དཔྱིད་འགོའི་མེ་ཏོག
སྤྲིན་པསི་མགུལ་ལ་འཁྱུད་དེ
སྐད་ཅིག་ཉིད་ལ
ལོ་རྒྱུས་ཀྱི་གསང་བ་གྲུབ
 
           2ཆར་བས་བརླན་པའི་མཚན་མོ།
ཆར་བའི་ཆུ་ཐིགས་དག
སྒེའུ་ཁུང་ལས་འགྲིལ་ཡོང
ངའི་མདུན་རྒྱབ་ཀྱི་དངོས་པོ་དག
 
ག་ལེར          ག་ལེར         སྒེའུ་ཁུང་གི་གམ་དུ
རེ་རེ་རྡུལ་ཕྲན་དུ་གྲུབ
རེ་རེ་རྡུལ་ཕྲ་རབ་ཏུ་གྲུབ
 
དབྱིབས་དང་ཁ་དོག་མི་གསལ་བ་དག
 
སྐབས་རེར      ང་དང་ཉེ་བར་བཅར་འོང
སྐབས་རེར      ཕྱི་རོལ་གྱི་རྡོ་བ་དག་གི་ངོས་སུ་འཐིམ
 
མུན་ནག་གི་མཚན་མོ
ཅི་ཡང་མི་མཐོང
ལག་པ་ཅི་ཙམ་བསྲིངས་ཀྱང
དེ་ཙམ་གྱིས་སྟོང་བར་སྣང
 
ཆར་བའི་ཆུ་ཐིགས་དག
གྱང་གི་རྩིག་ངོས་སུ
མར་ཟགས་ཀྱིན་འདུག
 
           3གློ་བ་དཀར་པོ།
མཚོ་ངོགས་ཀྱི་སྐར་ཚོམ་དག
མག་མོག་རབ་རིབ་ཅིག་གི་ནང་རོལ་ཏུ
རྡུལ་ཕྲན་དུ་གྲུབ
 
འགྱིག་དམ་གྱི་ཤུབས་སུ་ལུས་པའི་རྣམ་ཤེས་ཀྱི་ཚོགས
དུས་ཚོད་ཀྱིས་དཀྲོག་སྟེ
བར་སྣང་དུ་ཁུར
 
རྡུལ་གཟུགས་ཀྱི་གློ་བ་དཀར་པོ
མུན་པའི་མིག་ཀོང་དུ་
མེ་ཡིས་འབར་སོང་སྐད
ང་ལ་གློ་བ་དམར་པོ་ཞིག་ཇི་འདྲའི་མཁོ་ཨང
 
          4ནམ་མཁའ་སྐྱ་བོ།
གྱང་གི་རྩིག་པ་དག་མཐོ་དྲགས་འདུག
ཕར་ངོགས་སུ་ལག་པ་ཡང་བསྲིངས་མི་ཐུབ་པས
དཀར་པོ་དང་ནག་པོ་དུས་གཅིག་ཏུ
ས་རྡུལ་ཞིག་གི་ངོ་བོར་འཐིམ
 
མུན་པའི་གསེབ་ཀྱི་ཨི་ཁུང་དཀར་པོ
མིག་ཟུང་ཇི་ལྟར་བགྲད་ཀྱང
དེ་དག་ནི་འདོད་ཆགས་དང་ཞེ་སྡང་ཞིག་གོ
 
སྐྱབས་འགྲོ་ཚར་གཅིག་བཀླགས་རྗེས
 
ནད་ཁྲི་སྔོན་པོ་བརྒྱབ་པའི་ནད་པ་དེས་ཀྱང
ལག་པ་རལ་བོ་དག་དུམ་བུར་བཅད་དེ
འགྱིག་གི་ལག་པ་ཞིག་ཚུར་བསྲིངས་ཡོང་གིན་འདུག
 
ཚོར་བ་དག་རླངས་པ་བཞིན་ཡལ་ཤུལ་དུ
སྒྱུམ་མཁན་གྱི་རྒྱན་གོས་ནིི
ནག་པོ་ཞིག་ཏུ་གྱུར་འདུག

          5མེ་ཏོག
                   ---Bལ་ཕུལ་བ།
སྤྲིན་པའིི་བང་རིམ་བརྟོལ་རྗེས
སྟོང་བའི་དབྱིངས་ནས་མེ་ཏོག་ཅིག་བཏུས་ཏེ
མུན་པའི་ཁ་གཏད་དུ
འོད་ཀྱི་ཁང་མིག་ཅིག་བཟོས
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་མཆོག་ཟུར་མིག་གི་སྙན་ངག་ཁག་ལྔ།

2013-06-12 ཨ་མཆོག་ཟུར་མིག ཀློག་གྲངས། མཆན ཡོད།

         1སིལ་བུར་བཅག་རྗེས།
སྒོ་དང་སྒེའུ་ཁུང་སིལ་བུར་བཅག་རྗེས
སྤྲིན་པའི་ཡང་སྟེང་དུ
ཤེལ་གྱི་ཕོ་བྲང་ཞིག་བཞེངས
 
སྐྱོ་གདུང་དང་ངལ་དུབ་བསལ་རྗེས
 
དུས་ཚོད་ཀྱི་མདའ་རྩེ་འདར་ཙམ་འདར་ཙམ་གྱིས
གཙང་བོ་དང་ཆུ་ཕྲན་མེ་ཡིས་སྲེག་སྟེ
ཐལ་བར་གྱུར
 
དཔྱིད་འགོའི་མེ་ཏོག
སྤྲིན་པསི་མགུལ་ལ་འཁྱུད་དེ
སྐད་ཅིག་ཉིད་ལ
ལོ་རྒྱུས་ཀྱི་གསང་བ་གྲུབ
 
           2ཆར་བས་བརླན་པའི་མཚན་མོ།
ཆར་བའི་ཆུ་ཐིགས་དག
སྒེའུ་ཁུང་ལས་འགྲིལ་ཡོང
ངའི་མདུན་རྒྱབ་ཀྱི་དངོས་པོ་དག
 
ག་ལེར          ག་ལེར         སྒེའུ་ཁུང་གི་གམ་དུ
རེ་རེ་རྡུལ་ཕྲན་དུ་གྲུབ
རེ་རེ་རྡུལ་ཕྲ་རབ་ཏུ་གྲུབ
 
དབྱིབས་དང་ཁ་དོག་མི་གསལ་བ་དག
 
སྐབས་རེར      ང་དང་ཉེ་བར་བཅར་འོང
སྐབས་རེར      ཕྱི་རོལ་གྱི་རྡོ་བ་དག་གི་ངོས་སུ་འཐིམ
 
མུན་ནག་གི་མཚན་མོ
ཅི་ཡང་མི་མཐོང
ལག་པ་ཅི་ཙམ་བསྲིངས་ཀྱང
དེ་ཙམ་གྱིས་སྟོང་བར་སྣང
 
ཆར་བའི་ཆུ་ཐིགས་དག
གྱང་གི་རྩིག་ངོས་སུ
མར་ཟགས་ཀྱིན་འདུག
 
           3གློ་བ་དཀར་པོ།
མཚོ་ངོགས་ཀྱི་སྐར་ཚོམ་དག
མག་མོག་རབ་རིབ་ཅིག་གི་ནང་རོལ་ཏུ
རྡུལ་ཕྲན་དུ་གྲུབ
 
འགྱིག་དམ་གྱི་ཤུབས་སུ་ལུས་པའི་རྣམ་ཤེས་ཀྱི་ཚོགས
དུས་ཚོད་ཀྱིས་དཀྲོག་སྟེ
བར་སྣང་དུ་ཁུར
 
རྡུལ་གཟུགས་ཀྱི་གློ་བ་དཀར་པོ
མུན་པའི་མིག་ཀོང་དུ་
མེ་ཡིས་འབར་སོང་སྐད
ང་ལ་གློ་བ་དམར་པོ་ཞིག་ཇི་འདྲའི་མཁོ་ཨང
 
          4ནམ་མཁའ་སྐྱ་བོ།
གྱང་གི་རྩིག་པ་དག་མཐོ་དྲགས་འདུག
ཕར་ངོགས་སུ་ལག་པ་ཡང་བསྲིངས་མི་ཐུབ་པས
དཀར་པོ་དང་ནག་པོ་དུས་གཅིག་ཏུ
ས་རྡུལ་ཞིག་གི་ངོ་བོར་འཐིམ
 
མུན་པའི་གསེབ་ཀྱི་ཨི་ཁུང་དཀར་པོ
མིག་ཟུང་ཇི་ལྟར་བགྲད་ཀྱང
དེ་དག་ནི་འདོད་ཆགས་དང་ཞེ་སྡང་ཞིག་གོ
 
སྐྱབས་འགྲོ་ཚར་གཅིག་བཀླགས་རྗེས
 
ནད་ཁྲི་སྔོན་པོ་བརྒྱབ་པའི་ནད་པ་དེས་ཀྱང
ལག་པ་རལ་བོ་དག་དུམ་བུར་བཅད་དེ
འགྱིག་གི་ལག་པ་ཞིག་ཚུར་བསྲིངས་ཡོང་གིན་འདུག
 
ཚོར་བ་དག་རླངས་པ་བཞིན་ཡལ་ཤུལ་དུ
སྒྱུམ་མཁན་གྱི་རྒྱན་གོས་ནིི
ནག་པོ་ཞིག་ཏུ་གྱུར་འདུག

          5མེ་ཏོག
                   ---Bལ་ཕུལ་བ།
སྤྲིན་པའིི་བང་རིམ་བརྟོལ་རྗེས
སྟོང་བའི་དབྱིངས་ནས་མེ་ཏོག་ཅིག་བཏུས་ཏེ
མུན་པའི་ཁ་གཏད་དུ
འོད་ཀྱི་ཁང་མིག་ཅིག་བཟོས
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།