དེ་རིང་གི་ཁ་བ།
དེ་རིང་ཕ་ཡུལ་ལ་ཁ་བ་བབ་འདུག་པས།
ཕ་ཡུལ་གྱི་ཡུལ་ལུང་ལྷིང་འཇགས་འཇགས་རེད།
ནམ་མཁའ་དང་ས་གཞི།ཆུ་བོ་དང་གཞུང་ལམ།
དཀར་བོང་བོང་གི་མི་ཡུལ་འདི་ཇི་འདྲའི་དྭངས་ཤིང་ཉམས་ཆུང་ཨང་།
དེ་རིང་གི་ཁ་བ་ནི་དཔྱིད་མགོ་གསར་ཚེས་ཀྱི་ཁ་བ་དེ་ཡིན་པས།
དེ་རིང་གི་ཁ་བ་ནི་དབྱར་ལྗོངས་གསར་བ་ཞིག་སྤྱིན་པའི་སྔོན་འགྲོ་དེ་མ་ཡིན་ནམ།
དེ་ནི་ལྷས་མི་ཡུལ་ལ་གནང་བའི་རྣམ་དཀར་གྱི་ཁ་བ་ཡིན་ནམ།
དེ་ནི་མིས་ལྷ་ཡུལ་ལ་འབུལ་བའི་སེམས་ཀྱི་མཆོད་པ་ཡིན།
ངས་ཀྱིས་དེ་ནི་དགའ་འོས་པའི་རྟེན་འབྲེལ་གྱི་ཐོག་མ་ཞིག་དང་རེ་སྨོན་གྱི་སྤྲོ་སྣང་ཏུ་འདོད།
དེ་རིང་གི་ཁ་བ་ནི་དྭངས་གཙང་ཞི་འཇམ་ཞིག་དང་ངན་རུལ་དགུ་བཟློག་གི་ཁ་བ་ཞིག་ཡིན་པར་སྨོན།
ངས། དེ་རིང་ས་སྒང་མ་མའི་སྐྱེ་རྒུ་དག་ལ་ཁ་བ་ལྟ་བུ་སྙན་ཚིག་ཞིག་འབུལ་ན་བསམ་བྱུང་ལ།
ངས་ནི་ཁ་བ་ལྟ་བུ་སེམས་ཁམས་དེ་འཚོལ་ནའང་བསམ་བྱུང་།
དེ་རིང་ནས། དེ་རིང་གི་ཁ་བ་འདི་ནས། དྲན་གདུང་གཅིག་གིས།
སྐྱོ་སྣང་དང་གནར་སྡུག་གི་ལོ་ཟླ་བྱིངས་ནས་རྫོགས་ཏེ།
ཞི་མཐུན་དང་བདེ་སྐྱིད་འཚེ་མེད་ཞིག་གི་སྨོན་འདུན་ཞུ་ཡི་ཡོད།
ཁ་བ། ཁྱེད་ཀྱི་འབབ་རྒྱུན་འདི་ནི།
ས་སྒང་མ་མའི་ལྷག་བསམ་མཚོན་ལ།སྒང་བ་བོད་མིའི་སེམས་འདུན་དེ་མཚོན་ཡོད།
ཁ་བ་དཀར་པོ།སེམས་འདུན་གསར་བའི་བདེ་སྐྱིད་ཀྱི་ཕོ་ཉ་ཞིག་ཡིན་པར་སྨོན།
༢༠༡༣-༥-༢ཉིན་ཕ་ཡུལ་ནས།
རྩོམ་ཁུངས། ངེད་དྲ་བ།