སྐྱེ་སྐར་འདས་རྗེས།
ཀུ་ཤུའི་སྡོང་བོ་དེ་ས་རུ་འགྱེལ་སོང
ལག་པ་རིང་བོ་ཐོགས་པའི་མི་ལགས ད་ལྟ་ཀུ་ཤུ་འཐུ་རྒྱུ་མི་འདུག
ནད་འབུ་གསོ་བའི་ཀུ་ཤུའི་སྡོང་བོ་ཞིག
ཁྱེད་ཉིད་འཆམ་འཆམ་བྱེད་སའི་གླིང་ག་རུ་བཏབ་ཡོད
ང་རང་ཀུ་ཤུ་ཟ་བར་སྤྲོ་བ་མེད དགོངས་དག་ཞུ
མེ་ཏོག་གསུམ་དུས་མཉམ་དུ་མི་ཡུལ་ལ་འཁྲུངས
མིང་མེད་པ་དེ་དག ཀུ་ཤུ་ཟ་བར་ཕེབས་ཤོག
བདག་གི་ཀུ་ཤུའི་སྡོང་བོ་རབ་དུ་སྨིན་འདུག
བདག་གི་ཆུང་མ་ཀུ་ཤུ་ཟ་བར་ཤིན་ཏུ་སྤྲོ་བ་ཡོད
དེ་རིང ཁོ་མོའི་སྐྱེ་སྐར་འདས་རྗེས
བདག་གིས་ཀུ་ཤུའི་སྡོང་བོ་ཞིག་ཉོ་དགོས སང་ལོ
བདག་གིས་བྱིས་པ་དག་ཁྲིད་ནས་ཀུ་ཤུ་འཐུ་རུ་འགྲོ་ངེས
༢༠༡༣ ༡ ༨
རྩོམ་ཁུངས། ངེད་དྲ་བ།