སེམས་མཇལ།

རྔོག་བུ་དཔལ་ཆེན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-06-03


ཉི་མའི་བརྩེ་འཛུམ་མ་ཡལ་ཞིང་།།
ཟླ་བས་བསིལ་ཟེར་མ་སྤྲོས་གོང་།།
སྐར་ཚོགས་དགོད་པའི་ཧབ་སྒྲའི་ཀློང་།།
ཞིང་མཆོག་ལྷ་སར་སེམས་ནས་མཇལ།།
 
ས་ཆེན་གོམ་པས་མ་གཞལ་ཞིང་།།
རྒྱལ་ཁམས་རིག་པས་མ་བསྐོར་ཡང་།།
རྒྱང་རིང་ཉི་མ་ལྷ་སའི་གྲོང་།།
རྨི་ལམ་ནང་དུ་ཡང་ཡང་འཁོར།།
 
རྩྭ་ཟིལ་ཉི་མས་མ་སྐམ་པས།།
འབུ་སྦྲང་གཤོག་པ་ཆུ་ཡིས་བརླན།།
གནམ་འཕང་གཅོད་འདོད་ཕྱེ་ལེབ་དག།
གནམ་སའི་མཚམས་ན་འདར་ཞིང་ལྡས།།
 
གངས་ལ་ཉི་ཟེར་ཅོད་པན་མཛེས།།
འཛིན་མའི་གོས་ཀྱི་མེ་ཏོག་ཡག།
དྲི་ཞིམ་རླུང་དང་བསྡོངས་པ་ཡི།།
སྨན་གྱི་ལྗོངས་ནས་ལྷ་སར་སྨོན།།
 
གངས་རི་རླུང་གིས་བསྒུལ་ཀྱང་ཆོག།
རྒྱ་མཚོ་ཉི་མས་སྐམ་ཡང་རུང་།།
སེམས་གྱི་གནས་མཆོག་མཇལ་འདོད་ཀྱི།།
རེ་བའི་མིག་ཟུང་བཙུམ་པ་མེད།།

རི་བོས་གྲིབ་ནག་གྱོན་ནས་ཡོང་།།
ཆུ་བོས་སྨྲེང་གླུ་གྱེར་ནས་ཡོང་།།
སྒོ་ཁྱིའི་ཟུག་སྐད་གཉོམ་པོ་ལ།།
ན་ཟུག་ཟབ་མོའི་དབྱངས་རྟ་འཁྱིལ།།
 
ལྷིང་འཇགས་འཁྱིལ་བའི་རི་སུལ་ནས།།
བསམ་གཞིག་བརྩེགས་མའི་རླབས་ཕྲེང་གཡོ།།
མེས་པོའི་མཛད་པ་ཀློག་བཞིན་དུ།།
རྒྱང་རིང་ལྷ་སར་སེམས་ནས་མཇལ།།
 
                ༢༠༡༢   ༣    ༡༥ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་མཇལ།

2013-06-03 རྔོག་བུ་དཔལ་ཆེན། ཀློག་གྲངས། མཆན ཡོད།


ཉི་མའི་བརྩེ་འཛུམ་མ་ཡལ་ཞིང་།།
ཟླ་བས་བསིལ་ཟེར་མ་སྤྲོས་གོང་།།
སྐར་ཚོགས་དགོད་པའི་ཧབ་སྒྲའི་ཀློང་།།
ཞིང་མཆོག་ལྷ་སར་སེམས་ནས་མཇལ།།
 
ས་ཆེན་གོམ་པས་མ་གཞལ་ཞིང་།།
རྒྱལ་ཁམས་རིག་པས་མ་བསྐོར་ཡང་།།
རྒྱང་རིང་ཉི་མ་ལྷ་སའི་གྲོང་།།
རྨི་ལམ་ནང་དུ་ཡང་ཡང་འཁོར།།
 
རྩྭ་ཟིལ་ཉི་མས་མ་སྐམ་པས།།
འབུ་སྦྲང་གཤོག་པ་ཆུ་ཡིས་བརླན།།
གནམ་འཕང་གཅོད་འདོད་ཕྱེ་ལེབ་དག།
གནམ་སའི་མཚམས་ན་འདར་ཞིང་ལྡས།།
 
གངས་ལ་ཉི་ཟེར་ཅོད་པན་མཛེས།།
འཛིན་མའི་གོས་ཀྱི་མེ་ཏོག་ཡག།
དྲི་ཞིམ་རླུང་དང་བསྡོངས་པ་ཡི།།
སྨན་གྱི་ལྗོངས་ནས་ལྷ་སར་སྨོན།།
 
གངས་རི་རླུང་གིས་བསྒུལ་ཀྱང་ཆོག།
རྒྱ་མཚོ་ཉི་མས་སྐམ་ཡང་རུང་།།
སེམས་གྱི་གནས་མཆོག་མཇལ་འདོད་ཀྱི།།
རེ་བའི་མིག་ཟུང་བཙུམ་པ་མེད།།

རི་བོས་གྲིབ་ནག་གྱོན་ནས་ཡོང་།།
ཆུ་བོས་སྨྲེང་གླུ་གྱེར་ནས་ཡོང་།།
སྒོ་ཁྱིའི་ཟུག་སྐད་གཉོམ་པོ་ལ།།
ན་ཟུག་ཟབ་མོའི་དབྱངས་རྟ་འཁྱིལ།།
 
ལྷིང་འཇགས་འཁྱིལ་བའི་རི་སུལ་ནས།།
བསམ་གཞིག་བརྩེགས་མའི་རླབས་ཕྲེང་གཡོ།།
མེས་པོའི་མཛད་པ་ཀློག་བཞིན་དུ།།
རྒྱང་རིང་ལྷ་སར་སེམས་ནས་མཇལ།།
 
                ༢༠༡༢   ༣    ༡༥ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།