ཤུག་པ།
བཟློག་དཀའི་དུས་ཀྱི་ཆོས་ཉིད་ལས་མངོན་པར་རྒྱལ་པའི་བློ་སྤོབས་ཤིག
དགུན་གསུམ་གྱི་ལྷགས་པའི་ཁྲོད་ནས་གཡུལ་འགྱེད་ཀྱི་དཔའ་བོ་བཞིན་འགྲེངས་སྟེ།
ལྗང་མདོག་གི་ཡལ་ག་བསྲིངས་ནས་ཚེ་སྲོག་གི་གཏམ་རྒྱུད་བསྐྱངས།
ཞབས་འོག་གི་རྩད་པ་ས་གཏིང་ནས་རྒྱས་ཤིང་།
བདེན་དོན་གྱི་མགོ་བོ་ཁོད་ཡངས་པའི་མཁའ་དབྱིངས་སུ་བསྙེགས་པས།
རི་རྩེའི་འཐོར་རླུང་གི་ཁྲོད་དུ་སྲུང་དམག་གི་ལས་དབང་སྐྱོང་བའི་རྣམ་ཐར་ཤིག
ཡི་མུག་པའི་བྱེ་ཐང་འགྲིམས་ཀྱང་།
གནས་དེ་རུ་ལྗང་མདོག་གི་ས་བོན་རེ་འདེབས་པ་ནི།
མི་ཚེ་འདིའི་ཐུགས་མོས་འབའ་ཞིག་གོ།
༢༠༡༢ལོའི་ཟླ་༥བའི་ཚེས་༥ཉིན་ལ་ཁམས་ཡུལ་ཤུལ་ནས།
རྩོམ་ཁུངས། ངེད་དྲ་བ།