རུ་སྡེ་ཕྲ་མོ།


དུ་བ་ངའི་འཇིག་རྟེན་དུ་བཏབ་པའི་ལོ་ཟླ་ནག་པོ
སུ་ཡི་ངོ་གདོང་དུ་འབྲི་མི་ཚར་བའི་སྙན་ངག་གི་ཁུག་པ་ཡིན་ན
ཁྱོད་ནི་ངའི་རྩ་ལམ་ན་བཞུར་བའི་གསེར་མདོག་གི་ཁྲག་དམར་དེ་ཡིན་ནམ
ཡང་ན་གནམ་སྔོན་པོར་དོད་པའི་ཟླ་བ་དཀར་པོའི་ཚེམས་ཕྲེང་ཡིན
 
རྫ་མགོར་བྲིས་བའི་ཀ་ཁ་ག་ང་ནི     འཁོར་ལོ་ཞིག་ཡིན་ནམ
ཡང་ན་ཆང་ཕོར་ནང་འཁྱུག་པའི་གསེར་ཉ་དེ་ཡིན
ཡང་ན་རྡོ་གཅལ་ངོས་སུ་ཉི་མར་སྲོས་པའི་སྐྱག་འབུ་རྔ་རིང་དེ་ཡིན
 
ཇག་པ་ཞིག་རི་ལ་བྱོལ་བའི་འཁུན་སྒྲ་ནི
ས་འབུ་བཞིན་ཐོས་དཀའ་ནའང   མི་སེམས་བཞིན་གསལ་ལྷང་ངེར་རེད
དེ་བས      རྡོག་ཞབས་སུ་སྨིན་པའི་མིག་ཟུང་ནི
རུ་སྡེ་ཕྲ་མོའི་ཐ་སྙད་ཀྱིས་བཅུམ་པའི་ན་ཟུག་དེ་མ་ཡིན་ནམ
 
       2013.4.16ཉིན་པདྨ་མེ་ཏོག་ཐང་དུ་སྦྱར་བའོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རུ་སྡེ་ཕྲ་མོ།

2013-05-31 རྣོ་ཟུར། ཀློག་གྲངས། མཆན ཡོད།


དུ་བ་ངའི་འཇིག་རྟེན་དུ་བཏབ་པའི་ལོ་ཟླ་ནག་པོ
སུ་ཡི་ངོ་གདོང་དུ་འབྲི་མི་ཚར་བའི་སྙན་ངག་གི་ཁུག་པ་ཡིན་ན
ཁྱོད་ནི་ངའི་རྩ་ལམ་ན་བཞུར་བའི་གསེར་མདོག་གི་ཁྲག་དམར་དེ་ཡིན་ནམ
ཡང་ན་གནམ་སྔོན་པོར་དོད་པའི་ཟླ་བ་དཀར་པོའི་ཚེམས་ཕྲེང་ཡིན
 
རྫ་མགོར་བྲིས་བའི་ཀ་ཁ་ག་ང་ནི     འཁོར་ལོ་ཞིག་ཡིན་ནམ
ཡང་ན་ཆང་ཕོར་ནང་འཁྱུག་པའི་གསེར་ཉ་དེ་ཡིན
ཡང་ན་རྡོ་གཅལ་ངོས་སུ་ཉི་མར་སྲོས་པའི་སྐྱག་འབུ་རྔ་རིང་དེ་ཡིན
 
ཇག་པ་ཞིག་རི་ལ་བྱོལ་བའི་འཁུན་སྒྲ་ནི
ས་འབུ་བཞིན་ཐོས་དཀའ་ནའང   མི་སེམས་བཞིན་གསལ་ལྷང་ངེར་རེད
དེ་བས      རྡོག་ཞབས་སུ་སྨིན་པའི་མིག་ཟུང་ནི
རུ་སྡེ་ཕྲ་མོའི་ཐ་སྙད་ཀྱིས་བཅུམ་པའི་ན་ཟུག་དེ་མ་ཡིན་ནམ
 
       2013.4.16ཉིན་པདྨ་མེ་ཏོག་ཐང་དུ་སྦྱར་བའོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།