ཕ་ཡུལ་དྲན། ཞིང་ས་དྲན།

ལོ་མ་སར་གོང་གི་དགུན་ཚིགས་དེར།
ས་མཐའ་ན་ཡོད་པའི་ང་རང་ཕ་ཡུལ་ལ་ལོག
རྣང་ཞིང་གི་ཁ་ཚིགས་བརྒྱུད་ནས་ཕ་ཡུལ་ལ་ལོག
འདྲུད་འཐེན་འཁོར་ལོའི་བྲེད་འཚུབ་ཀྱིས་དཔྱིད་མགོ་ཚུགས་ཀྱིན་ཡོད།
ཨ་མའི་ངག་ལས་དགུན་གྲོ་ཟེར་བ་ཞིག་ཡོད་པ་ཤེས།

མི་ལོ་ག་ཚོད་ཅིག་གི་སྔོན་གྱི་ཁལ་མ་འདེད་མཁན་ཚོ་མཐོང་མ་བྱུང་།
ཐོ་ཟེར་བའི་བྱེའུ་འགོག་བྱེད་དེའང་མཐོང་མ་བྱུང་།
ལོ་རེའི་རྨོ་འདེབས་ཀྱི་སྐབས་སུ་ཞིང་ཚུགས་ན་རྩེད་འཇོར་རོལ་བའི་བྱིས་པ་དག
འཚར་ལོངས་བྱུང་ནས་ས་མཐའ་འགྲིམས་ཚར།

རྣང་ཞིང་གི་སྟེང་ནས་རང་ཉིད་སྦར་མྱོང་བའི་བུད་མེད་དག་གནས་ལ་འགྲོ་ཚར།
ཁ་སང་གི་འབྲུ་རྡོག་དག་རུམ་མྱོང་བའི་ཨ་ཕས་དངུལ་ཆུ་ཅི་འདྲའི་མང་པོ་ཞིག
ད་ལོ་ཡང་ཞིང་ས་གྲུ་བཞི་འདིའི་སྟེང་ལ་བསྟིམས་དགོས་ཨང་།
འབྲུ་རྡོག་རེ་རེ་བྱེའུ་བཞིན་སྒུམ་མྱོང་བའི་ཨ་མའི་གདོང་ལ་ད་ལོ་ཡང་གཉེར་མ་ཅི་འདྲ་ཞིག་བྲིས་འགྲོ་ཨང་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་ཡུལ་དྲན། ཞིང་ས་དྲན།

2013-05-29 གཅན་ཨ་རྡོར། ཀློག་གྲངས། མཆན ཡོད།

ལོ་མ་སར་གོང་གི་དགུན་ཚིགས་དེར།
ས་མཐའ་ན་ཡོད་པའི་ང་རང་ཕ་ཡུལ་ལ་ལོག
རྣང་ཞིང་གི་ཁ་ཚིགས་བརྒྱུད་ནས་ཕ་ཡུལ་ལ་ལོག
འདྲུད་འཐེན་འཁོར་ལོའི་བྲེད་འཚུབ་ཀྱིས་དཔྱིད་མགོ་ཚུགས་ཀྱིན་ཡོད།
ཨ་མའི་ངག་ལས་དགུན་གྲོ་ཟེར་བ་ཞིག་ཡོད་པ་ཤེས།

མི་ལོ་ག་ཚོད་ཅིག་གི་སྔོན་གྱི་ཁལ་མ་འདེད་མཁན་ཚོ་མཐོང་མ་བྱུང་།
ཐོ་ཟེར་བའི་བྱེའུ་འགོག་བྱེད་དེའང་མཐོང་མ་བྱུང་།
ལོ་རེའི་རྨོ་འདེབས་ཀྱི་སྐབས་སུ་ཞིང་ཚུགས་ན་རྩེད་འཇོར་རོལ་བའི་བྱིས་པ་དག
འཚར་ལོངས་བྱུང་ནས་ས་མཐའ་འགྲིམས་ཚར།

རྣང་ཞིང་གི་སྟེང་ནས་རང་ཉིད་སྦར་མྱོང་བའི་བུད་མེད་དག་གནས་ལ་འགྲོ་ཚར།
ཁ་སང་གི་འབྲུ་རྡོག་དག་རུམ་མྱོང་བའི་ཨ་ཕས་དངུལ་ཆུ་ཅི་འདྲའི་མང་པོ་ཞིག
ད་ལོ་ཡང་ཞིང་ས་གྲུ་བཞི་འདིའི་སྟེང་ལ་བསྟིམས་དགོས་ཨང་།
འབྲུ་རྡོག་རེ་རེ་བྱེའུ་བཞིན་སྒུམ་མྱོང་བའི་ཨ་མའི་གདོང་ལ་ད་ལོ་ཡང་གཉེར་མ་ཅི་འདྲ་ཞིག་བྲིས་འགྲོ་ཨང་།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།