ཉིན་འགའི་སེན་རིས།༼སྙན་ཚོམ༽

           ང་།
བརྩེ་བའི་ལག་པ་དེ་ལག་པའི་མཐིལ་ན
གྲིབ་མ་ལྷོད་པོ་ཞིག་གི་རྒྱབ་ན
ཐ་སྙད་དག་ཆུད་ཟོས་སུ་བཏང་བའི་ཁར
རི་མོར་བྲིས་པའི་སྟོང་བའི་ཐིག་ལེ
ཡང་ན་སྡིག་སྒྲིབ་ཀྱིས་སྦགས་པའི་མཚན་མོ
འཁྲབ་ཡོལ་ཞིག་གི་དབུས་ནས་ཤུལ་ཏེ
ཁྱེད་ཀྱི་ལུས་པོའི་ཕྱི་ནང་གསང་གསུམ་ལ་འདྲེས་ཚེ
མ་རིག་པ་ནི་བདག་གི་འོད་ཟེར་རོ

           གྲིབ་རིས།
གྲིབ་རིས་མགྱོགས་ཙམ་འགུལ་བའི་སྣེ་ལ
མིད་པ་ལས་ལུད་པའི་མེ་ཏོག་གློ་ཁ
བསྲེགས་ནས་ཐལ་བར་བྱས་ཀྱང་བསྐྱར་དུ་བཞད་འོང་བས
ཚིགས་མལ་ག་འདྲ་ཞིག་གི་སྒྲོ་གུ་བརྟོལ་ཀྱང
ཟླ་འོད་དང་སྐར་མའི་ཚོགས་ཀྱི་མིག་འབྲས་བཏོགས་ནས
ངའི་རྨི་ལམ་གྱི་རུམ་ཁ་ཕྱེས་སོང་

         ཁྱེད།
རྡོ་ཡིས་གཅུར་བའི་མཛུབ་ཁྲག་གིས
ཡུན་རིང་ལ་ཁྱེད་ཀྱི་ཁ་ངོ་བྲིས་ཤིང
སྨིན་མ་འབྲི་སྐབས་ཀྱི་སེམས་ངལ་དེས
འཇིག་རྟེན་ཀུན་ཞིག་ཅིང
གནམ་ས་གཉིས་ཀྱང་རལ་བའི་ཤུལ་ཏུ
ཁྱེད་ལ་ཅི་ཞིག་ལྷག་ཡོད
སྟོང་པ  རྟེན་འབྲེལ
ཡང་ན་གཞི་ནས་ངོ་མི་ཤེས་པའི་སྐར་མ་དག་གིས
འཆོར་སྒེར་དང་ཉམས་ཉེས
སྒོ་མོ་ཡོད་ཚད་ཕྱེས་ཡོད་ཨང

         ལག་པ་འཁྱག་ཚུལ།
ཆུ་འཁྱག་པ་དཀར་ཡོལ་གང་གི་ནང་དུ་སྦངས་པའི
ཉི་འོད་འང་དམར་ལྷང་ངེར་འདར་ཞིང
ཉི་འོད་ཀྱི་སྐྱིབས་སུ་གབ་པའི་ལག་པ་འང་འདར
ལག་པའི་སེན་མོའི་རྩེ་ལ་བགོས་པའི་ཡི་གེ་དེ་དག་ཀྱང
གྲང་བ་དང་འཁྱག་པས་བསྡམས་ཤིང
ཉི་འོད་ལ་རྒྱབ་ཀྱིས་ཕྱོགས་པས་ངང་འདར

དུས་ཚོད་གང་འཚམ་གྱི་རིང་ལ
ཁང་ཁར་བབ་པའི་བྱིའུ་དང་གྱང་ཁར་འཇབས་པའི་ཞི་ལ
གྱང་ལྡེབས་སུ་ནམ་ཡང་ཅག་ཅག་བྱེད་པའི་ཆུ་ཚོད་དག་ཀྱང
ཁ་བའི་ཁྲོད་ན་བསྐྱུར་བའི་རྡོ་བ་ནང་བཞིན
ལག་པ་མང་པོ་དང་མིག་ཟུང་མང་པོས་མ་ཁེབས་ཤིང
མ་ཁེབས་པའི་ཚུལ་གྱིས་འདར

          སོ་བ།
ཁྱེད་ཀྱི་མདེའུ་ཞིག་མེ་མདར་བླུགས་རྗེས
ལག་པ་མ་འགུལ་གོང་ནས
ངའི་དཔྲལ་བ་ཚ་བས་ངར་ཞིང
གྲིབ་བརྙན་གྱི་ཕག་ཏུ་གཞའ་བའི་འབུ་སྦྲང་ཡང་འཕུར་སོང

 
ཁྱེད་ཉིན་དེ་ནས་བཟུང
ངའི་མིག་ནང་གི་དགེ་སྡིག་གཉིས་སུ་གྱུར་ཅིང
ལག་པའི་མཛུབ་མོ་རེ་རེ
སྙིང་ལ་རེག་པའི་སྡིག་སྲིན་གྱི་མཆུ་ཏོ་རུ་གྲུབ

 
དུས་ཚོད་ཀྱིས་འཐག་བཞིན་པའི་ཉི་ཟླ་གཉིས་དང་ཁྱེད
གཙང་པོ་ཞིག་གི་ཕྱི་ནང་དུ་ལྟུང་རྗེས
ཆག་གས་སུ་གྱུར་བའི་གྲྭ་ཤག་ནང་གི་སྟོང་ཉིད
རྨི་ལམ་དུ་འཐིམས

        ཐག་པ་རུལ་བ།
མིག་ཤེལ་ནག་པོ་ཞིག་གྱོན་ནས
ལག་པ་རུམ་ལ་བཅུག་སྟེ
ཟླ་བ་བཞི་བའི་མགོ་མཇུག་གཉིས་ལ་བལྟས་ཚེ
དབྱར་རྩྭ་རྐོ་བའི་ལག་པ་དག་དང
སྨྱུང་གནས་པ་སྡོད་སའི་རས་གུར
རང་གི་ཟས་ཅོག་སྟེང་གི་ཇ་ཕོར
གཅིག་གི་འཕྲོར་གཅིག་གིས་གདོང་ག་བཞུ་གིན་བསླེབས་ཚེ
མིག་ནས་རྣ་བའི་བར་དུ
ཚ་ཚ་འུར་འུར་གྱི་དམག་མི་ཞིག་དང་འདྲ་བར
ལམ་གང་ནས་བུད་དེ
རུ་གང་དུ་བསྒྲིག་དགོས་པར་ཡང་བསམ་བློ་གཏོང་དགོས

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉིན་འགའི་སེན་རིས།༼སྙན་ཚོམ༽

2013-05-28 ལྷམ་ཀོག ཀློག་གྲངས། མཆན ཡོད།

           ང་།
བརྩེ་བའི་ལག་པ་དེ་ལག་པའི་མཐིལ་ན
གྲིབ་མ་ལྷོད་པོ་ཞིག་གི་རྒྱབ་ན
ཐ་སྙད་དག་ཆུད་ཟོས་སུ་བཏང་བའི་ཁར
རི་མོར་བྲིས་པའི་སྟོང་བའི་ཐིག་ལེ
ཡང་ན་སྡིག་སྒྲིབ་ཀྱིས་སྦགས་པའི་མཚན་མོ
འཁྲབ་ཡོལ་ཞིག་གི་དབུས་ནས་ཤུལ་ཏེ
ཁྱེད་ཀྱི་ལུས་པོའི་ཕྱི་ནང་གསང་གསུམ་ལ་འདྲེས་ཚེ
མ་རིག་པ་ནི་བདག་གི་འོད་ཟེར་རོ

           གྲིབ་རིས།
གྲིབ་རིས་མགྱོགས་ཙམ་འགུལ་བའི་སྣེ་ལ
མིད་པ་ལས་ལུད་པའི་མེ་ཏོག་གློ་ཁ
བསྲེགས་ནས་ཐལ་བར་བྱས་ཀྱང་བསྐྱར་དུ་བཞད་འོང་བས
ཚིགས་མལ་ག་འདྲ་ཞིག་གི་སྒྲོ་གུ་བརྟོལ་ཀྱང
ཟླ་འོད་དང་སྐར་མའི་ཚོགས་ཀྱི་མིག་འབྲས་བཏོགས་ནས
ངའི་རྨི་ལམ་གྱི་རུམ་ཁ་ཕྱེས་སོང་

         ཁྱེད།
རྡོ་ཡིས་གཅུར་བའི་མཛུབ་ཁྲག་གིས
ཡུན་རིང་ལ་ཁྱེད་ཀྱི་ཁ་ངོ་བྲིས་ཤིང
སྨིན་མ་འབྲི་སྐབས་ཀྱི་སེམས་ངལ་དེས
འཇིག་རྟེན་ཀུན་ཞིག་ཅིང
གནམ་ས་གཉིས་ཀྱང་རལ་བའི་ཤུལ་ཏུ
ཁྱེད་ལ་ཅི་ཞིག་ལྷག་ཡོད
སྟོང་པ  རྟེན་འབྲེལ
ཡང་ན་གཞི་ནས་ངོ་མི་ཤེས་པའི་སྐར་མ་དག་གིས
འཆོར་སྒེར་དང་ཉམས་ཉེས
སྒོ་མོ་ཡོད་ཚད་ཕྱེས་ཡོད་ཨང

         ལག་པ་འཁྱག་ཚུལ།
ཆུ་འཁྱག་པ་དཀར་ཡོལ་གང་གི་ནང་དུ་སྦངས་པའི
ཉི་འོད་འང་དམར་ལྷང་ངེར་འདར་ཞིང
ཉི་འོད་ཀྱི་སྐྱིབས་སུ་གབ་པའི་ལག་པ་འང་འདར
ལག་པའི་སེན་མོའི་རྩེ་ལ་བགོས་པའི་ཡི་གེ་དེ་དག་ཀྱང
གྲང་བ་དང་འཁྱག་པས་བསྡམས་ཤིང
ཉི་འོད་ལ་རྒྱབ་ཀྱིས་ཕྱོགས་པས་ངང་འདར

དུས་ཚོད་གང་འཚམ་གྱི་རིང་ལ
ཁང་ཁར་བབ་པའི་བྱིའུ་དང་གྱང་ཁར་འཇབས་པའི་ཞི་ལ
གྱང་ལྡེབས་སུ་ནམ་ཡང་ཅག་ཅག་བྱེད་པའི་ཆུ་ཚོད་དག་ཀྱང
ཁ་བའི་ཁྲོད་ན་བསྐྱུར་བའི་རྡོ་བ་ནང་བཞིན
ལག་པ་མང་པོ་དང་མིག་ཟུང་མང་པོས་མ་ཁེབས་ཤིང
མ་ཁེབས་པའི་ཚུལ་གྱིས་འདར

          སོ་བ།
ཁྱེད་ཀྱི་མདེའུ་ཞིག་མེ་མདར་བླུགས་རྗེས
ལག་པ་མ་འགུལ་གོང་ནས
ངའི་དཔྲལ་བ་ཚ་བས་ངར་ཞིང
གྲིབ་བརྙན་གྱི་ཕག་ཏུ་གཞའ་བའི་འབུ་སྦྲང་ཡང་འཕུར་སོང

 
ཁྱེད་ཉིན་དེ་ནས་བཟུང
ངའི་མིག་ནང་གི་དགེ་སྡིག་གཉིས་སུ་གྱུར་ཅིང
ལག་པའི་མཛུབ་མོ་རེ་རེ
སྙིང་ལ་རེག་པའི་སྡིག་སྲིན་གྱི་མཆུ་ཏོ་རུ་གྲུབ

 
དུས་ཚོད་ཀྱིས་འཐག་བཞིན་པའི་ཉི་ཟླ་གཉིས་དང་ཁྱེད
གཙང་པོ་ཞིག་གི་ཕྱི་ནང་དུ་ལྟུང་རྗེས
ཆག་གས་སུ་གྱུར་བའི་གྲྭ་ཤག་ནང་གི་སྟོང་ཉིད
རྨི་ལམ་དུ་འཐིམས

        ཐག་པ་རུལ་བ།
མིག་ཤེལ་ནག་པོ་ཞིག་གྱོན་ནས
ལག་པ་རུམ་ལ་བཅུག་སྟེ
ཟླ་བ་བཞི་བའི་མགོ་མཇུག་གཉིས་ལ་བལྟས་ཚེ
དབྱར་རྩྭ་རྐོ་བའི་ལག་པ་དག་དང
སྨྱུང་གནས་པ་སྡོད་སའི་རས་གུར
རང་གི་ཟས་ཅོག་སྟེང་གི་ཇ་ཕོར
གཅིག་གི་འཕྲོར་གཅིག་གིས་གདོང་ག་བཞུ་གིན་བསླེབས་ཚེ
མིག་ནས་རྣ་བའི་བར་དུ
ཚ་ཚ་འུར་འུར་གྱི་དམག་མི་ཞིག་དང་འདྲ་བར
ལམ་གང་ནས་བུད་དེ
རུ་གང་དུ་བསྒྲིག་དགོས་པར་ཡང་བསམ་བློ་གཏོང་དགོས

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།