ཚེ་སྲོག་གི་བརྩེ་དུང་དང་ཞར་བྱུང་སེམས་ཁྲལ།

ཨོམ་སྲས་བདེ་གྲོལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-05-26

བརྩེ་དུང༌།མི་སེམས་ལ་མཛེས་སྡུག་གི་ཁ་བ་བཞིན་འབབ་པའི་ལོངས་སྤྱོད་ཡིན་ན།
ཉལ་ཐ་དང་དུག་ཆང་གིས་སྨྱོས་བའི་མི་ཚོགས་འདིས།
བརྩེ་བ་ཁ་གང་གི་ཐང་ཆེན་ལ
འབྱོར་དང་ལྕགས་ཁམས་ཀྱིས་ས་རྐོ་རྡོ་སློག་བྱེད་དགོས་པ་ཅིའི་ཕྱིར་ཡིན་ནམ།
 
བརྩེ་དུང༌།ཟུངས་ཁྲག་དང་སྒལ་རྩའི་གསེབ་ནས་བཞུར་བའི་བདེ་སྐྱིད་ཀྱི་ལྷག་མ་ཡིན་ན།
ངོ་གདོང་ལ་ཤོག་དངུལ་གྱི་རི་མོ་བྲིས་པའི་མི་ཚོགས་འདིས།
བརྩེ་བ་རིམ་གང་གི་ལོ་རྒྱུས་ལ
ལྐོག་ཚོང་དང་ཨ་སྒོར་གྱིས་བསྒྱིར་བཀོད་བྱས་པ་ཅི་ཞིག་གིས་རྨོངས་པ་ཡིན་ནམ།
 
བརྩེ་དུང༌།མིའི་རིགས་ཀྱི་ས་ཆུ་མེ་རླུང་དང་དོན་ལྔ་སྣོད་དྲུག་ཚེ་སྲོག་ཡིན་ན།
བླུན་སྤྱོད་དང་གཏོར་ལག་ལ་དགའ་བའི་མི་ཚོགས་འདིས།
བརྩེ་བ་ཁྱིམ་གང་གི་མཛའ་ཐང་ལ
གཏོར་བཅོམ་དང་མྱི་ཤི་རྟ་འགྱེད་ཀྱི་དམེ་ཁྲག་གཏོར་བ་ཅི་ཡིས་ལན་ནམ།
 
དེ་ལྟར།"དཀོན་མཆོག་ནི་བརྩེ་བ་ཡིན་ལ་བརྩེ་བ་ནི་དཀོན་མཆོག་ཡིན་"ཚུལ་བསམ་ན།
ཚེ་སྲོག་གི་བརྩེ་དུང་རྨག་མེད་བཟོ་བ་ནི་རྒྱུ་འབྲས་ཡིན་ནམ།
ཨ་་་དཀོན་མཆོག་གང་རུང་གི་ཐུགས་སྲས་ལྟ་བུའི་བརྩེ་དུང་གི་མྱི་ཡ་་་་་་་་

                 གོང་དུ་སྤྱད་པ་ནི་Jesus ཡི་ཚིག་ཡིན།            

༢༠༠༨༦༢༣ཉིན་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་སྲོག་གི་བརྩེ་དུང་དང་ཞར་བྱུང་སེམས་ཁྲལ།

2013-05-26 ཨོམ་སྲས་བདེ་གྲོལ། ཀློག་གྲངས། མཆན ཡོད།

བརྩེ་དུང༌།མི་སེམས་ལ་མཛེས་སྡུག་གི་ཁ་བ་བཞིན་འབབ་པའི་ལོངས་སྤྱོད་ཡིན་ན།
ཉལ་ཐ་དང་དུག་ཆང་གིས་སྨྱོས་བའི་མི་ཚོགས་འདིས།
བརྩེ་བ་ཁ་གང་གི་ཐང་ཆེན་ལ
འབྱོར་དང་ལྕགས་ཁམས་ཀྱིས་ས་རྐོ་རྡོ་སློག་བྱེད་དགོས་པ་ཅིའི་ཕྱིར་ཡིན་ནམ།
 
བརྩེ་དུང༌།ཟུངས་ཁྲག་དང་སྒལ་རྩའི་གསེབ་ནས་བཞུར་བའི་བདེ་སྐྱིད་ཀྱི་ལྷག་མ་ཡིན་ན།
ངོ་གདོང་ལ་ཤོག་དངུལ་གྱི་རི་མོ་བྲིས་པའི་མི་ཚོགས་འདིས།
བརྩེ་བ་རིམ་གང་གི་ལོ་རྒྱུས་ལ
ལྐོག་ཚོང་དང་ཨ་སྒོར་གྱིས་བསྒྱིར་བཀོད་བྱས་པ་ཅི་ཞིག་གིས་རྨོངས་པ་ཡིན་ནམ།
 
བརྩེ་དུང༌།མིའི་རིགས་ཀྱི་ས་ཆུ་མེ་རླུང་དང་དོན་ལྔ་སྣོད་དྲུག་ཚེ་སྲོག་ཡིན་ན།
བླུན་སྤྱོད་དང་གཏོར་ལག་ལ་དགའ་བའི་མི་ཚོགས་འདིས།
བརྩེ་བ་ཁྱིམ་གང་གི་མཛའ་ཐང་ལ
གཏོར་བཅོམ་དང་མྱི་ཤི་རྟ་འགྱེད་ཀྱི་དམེ་ཁྲག་གཏོར་བ་ཅི་ཡིས་ལན་ནམ།
 
དེ་ལྟར།"དཀོན་མཆོག་ནི་བརྩེ་བ་ཡིན་ལ་བརྩེ་བ་ནི་དཀོན་མཆོག་ཡིན་"ཚུལ་བསམ་ན།
ཚེ་སྲོག་གི་བརྩེ་དུང་རྨག་མེད་བཟོ་བ་ནི་རྒྱུ་འབྲས་ཡིན་ནམ།
ཨ་་་དཀོན་མཆོག་གང་རུང་གི་ཐུགས་སྲས་ལྟ་བུའི་བརྩེ་དུང་གི་མྱི་ཡ་་་་་་་་

                 གོང་དུ་སྤྱད་པ་ནི་Jesus ཡི་ཚིག་ཡིན།            

༢༠༠༨༦༢༣ཉིན་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།