དྲན་པའི་དབྱིངས་སུ་བཏེགས་པའི་ཨ་མ།

རྔོག་བུ་དཔལ་ཆེན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-05-23

              --- འཛམ་གླིང་མ་ཡུམ་དུས་ཆེན་ལ་ཕུལ།
                               
ཨ་མ་ནི་ལོ་ཟླའི་རི་རབ་ཀྱི་འགག་འཕྲང་བརྒྱུད་པའི་གཙང་བོ་ཞིག་སྟེ
གཙང་བོའི་བཞུར་རྒྱུན་མ་འགག་བར་དུ
གསེར་ཉའི་ཚོགས་ལ་བདེ་སྐྱིད་ཀྱི་གནས་མལ་དྲོད་མོ་ཞིག་ཡོད
 
ནམ་མཁའ་ལྟ་བུའི་ཨ་མའི་སེམས་གྱི་མངའ་ཐང་གིས
ང་ཚོ་བྱ་ཞིག་ཡིན་པའི་དབང་དུ་བཏང་ན་གཤོག་རྩལ་རྒྱས་སུ་བཅུག་ཅིང
རྒྱ་མཚོ་ལྟ་བུའི་ཨ་མའི་ཡིད་ཀྱི་འབྱོར་ཕྱུག་གིས
ང་ཚོ་ཉ་ཞིག་ཡིན་པའི་དབང་དུ་བཏང་ན་རྐྱལ་རྩལ་རྒྱས་སུ་བཅུག་ཡོད
 
ད་ནི      ཨ་མའི་མིག་ཟུང་གིས་བུ་ཕྲུག་གི་རྒྱབ་གཟུགས་མ་བོར་བའི་ལོ་ཟླ་ཚར་གྱིན་འདུག
ཨ་མའི་ཡིད་སེམས་ཀྱིས་བུ་ཕྲུག་གི་བདེ་སྡུག་མ་དོར་བའི་ཉིན་མཚན་འདས་ཀྱིན་འདུག
དེ་བས           ཨ་མ་ཡང་འཆི་མེད་རྒས་མེད་ཅིག་ག་ལ་ཡིན་ཨང
 
ཨ་མ་ནི་ཆེས་སྤྱིར་བཏང་གི་འབྲོག་མོ་ཞིག་ཡིན
ལོ་ཟླའི་རྒས་གཉེར་གྱི་རི་མོ་ཐོད་ལ་འབབ་ཀྱིན་པའི་ཨ་མས
དབུ་སྐྲའི་ཉག་མ་རེ་རེ་ལ་ཁ་བའི་མེ་ཏོག་འཛུམ་གྱིན་པའི་ཨ་མས
ལྷག་བསམ་གྱི་ཀློང་ནས་བསྩལ་བའི་བྱམས་བརྩེའི་དྲོད་ཁོལ་རེ་རེས
བུ་དང་བུ་མོ་ཚོའི་ཡིད་ལ་མཛེས་སྡུག་གི་མེ་ཏོག་བཞད་དུ་བཅུག
 
རླབས་ཆེ་བའི་ཨ་མ་དག་གི་བྱམས་བརྩེ་དང་འཛུམ་མདངས    ལྷག་བསམ་དང་སྐད་ངག་ལ
སྨྲ་བསམ་བརྗོད་འདས་ཀྱི་ཁ་དོག་གཞན་ཞིག་ལྡན་ཡོད
དུངས་བ་བླ་ལྷག་གི་མངར་ཁ་གཞན་ཞིག་འཁྱིལ་ཡོད
 
མདོར་ན   ཨ་མས་བུ་ཕྲུག་ཚོའི་བདེ་སྐྱིད་འབའ་ཞིག་གི་ཆེད་དུ
ཞོགས་པ་ནས་ས་སྲོད་རེ་རེར་ཁྱིམ་ལས་ཀྱི་དཀའ་སྡུག་ཇི་ལྟར་མྱང་ཡང
སུ་ཡིས་ཚོར་གྱིན་ཡོད་ཨང          ཚོར་གྱིན་ཡོད་ཨང
                                                 ༢༠༡༣   。༥  。 ༡༢   ཉིན་ཟི་ལིང་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲན་པའི་དབྱིངས་སུ་བཏེགས་པའི་ཨ་མ།

2013-05-23 རྔོག་བུ་དཔལ་ཆེན། ཀློག་གྲངས། མཆན ཡོད།

              --- འཛམ་གླིང་མ་ཡུམ་དུས་ཆེན་ལ་ཕུལ།
                               
ཨ་མ་ནི་ལོ་ཟླའི་རི་རབ་ཀྱི་འགག་འཕྲང་བརྒྱུད་པའི་གཙང་བོ་ཞིག་སྟེ
གཙང་བོའི་བཞུར་རྒྱུན་མ་འགག་བར་དུ
གསེར་ཉའི་ཚོགས་ལ་བདེ་སྐྱིད་ཀྱི་གནས་མལ་དྲོད་མོ་ཞིག་ཡོད
 
ནམ་མཁའ་ལྟ་བུའི་ཨ་མའི་སེམས་གྱི་མངའ་ཐང་གིས
ང་ཚོ་བྱ་ཞིག་ཡིན་པའི་དབང་དུ་བཏང་ན་གཤོག་རྩལ་རྒྱས་སུ་བཅུག་ཅིང
རྒྱ་མཚོ་ལྟ་བུའི་ཨ་མའི་ཡིད་ཀྱི་འབྱོར་ཕྱུག་གིས
ང་ཚོ་ཉ་ཞིག་ཡིན་པའི་དབང་དུ་བཏང་ན་རྐྱལ་རྩལ་རྒྱས་སུ་བཅུག་ཡོད
 
ད་ནི      ཨ་མའི་མིག་ཟུང་གིས་བུ་ཕྲུག་གི་རྒྱབ་གཟུགས་མ་བོར་བའི་ལོ་ཟླ་ཚར་གྱིན་འདུག
ཨ་མའི་ཡིད་སེམས་ཀྱིས་བུ་ཕྲུག་གི་བདེ་སྡུག་མ་དོར་བའི་ཉིན་མཚན་འདས་ཀྱིན་འདུག
དེ་བས           ཨ་མ་ཡང་འཆི་མེད་རྒས་མེད་ཅིག་ག་ལ་ཡིན་ཨང
 
ཨ་མ་ནི་ཆེས་སྤྱིར་བཏང་གི་འབྲོག་མོ་ཞིག་ཡིན
ལོ་ཟླའི་རྒས་གཉེར་གྱི་རི་མོ་ཐོད་ལ་འབབ་ཀྱིན་པའི་ཨ་མས
དབུ་སྐྲའི་ཉག་མ་རེ་རེ་ལ་ཁ་བའི་མེ་ཏོག་འཛུམ་གྱིན་པའི་ཨ་མས
ལྷག་བསམ་གྱི་ཀློང་ནས་བསྩལ་བའི་བྱམས་བརྩེའི་དྲོད་ཁོལ་རེ་རེས
བུ་དང་བུ་མོ་ཚོའི་ཡིད་ལ་མཛེས་སྡུག་གི་མེ་ཏོག་བཞད་དུ་བཅུག
 
རླབས་ཆེ་བའི་ཨ་མ་དག་གི་བྱམས་བརྩེ་དང་འཛུམ་མདངས    ལྷག་བསམ་དང་སྐད་ངག་ལ
སྨྲ་བསམ་བརྗོད་འདས་ཀྱི་ཁ་དོག་གཞན་ཞིག་ལྡན་ཡོད
དུངས་བ་བླ་ལྷག་གི་མངར་ཁ་གཞན་ཞིག་འཁྱིལ་ཡོད
 
མདོར་ན   ཨ་མས་བུ་ཕྲུག་ཚོའི་བདེ་སྐྱིད་འབའ་ཞིག་གི་ཆེད་དུ
ཞོགས་པ་ནས་ས་སྲོད་རེ་རེར་ཁྱིམ་ལས་ཀྱི་དཀའ་སྡུག་ཇི་ལྟར་མྱང་ཡང
སུ་ཡིས་ཚོར་གྱིན་ཡོད་ཨང          ཚོར་གྱིན་ཡོད་ཨང
                                                 ༢༠༡༣   。༥  。 ༡༢   ཉིན་ཟི་ལིང་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།