འདོད་དང་ཁམས།
འདོད།
གྲང་རླུང་གིས་བ་སྤུ་དག་གཟེང་བར་བྱེད།
ངའི་ཁ་དང་སྣ།
ཡང་ན་དེ་ལས་གཞན་དག་གི་བུ་ག་རེ་རེར།
སྡུག་བསྔལ་དང་མི་འདོད་པས་འཁྲབ་སྟོན་བྱས།
མཛེས་སྡུག་ལ་འཁྲུལ་བ་དེ།
སྐྱི་པགས་དང་སྐྱི་པགས་ཀྱི་རྨོངས་བའི་ཁྲོད།
འདོད་རྩ་དང་མགྲིན་པ་ལ་རྣམ་རིག་རྒྱས།
གཞོན་ནུ་དང་གཞོན་ནུ་མ་དག་གིས།
འདོད་ཆགས་དང་འཁུན་སྒྲའི་བར་གསེང་ན།
དམངས་གཙོས་འཇུ་རེས་བྱས།
ཁུ་བ་དང་རྣག་ཁྲག་གི་ཁྲོད་དུ།
རང་དབང་རྩོད་ལེན་བྱས།
ཁམས།
ལང་ཚོ་ནི་སྨིན་དང་མ་སྨིན་པའི་ཟེའུ་འབྲས་ནང་སྙིང་།
ཉམས་མྱོང་ལ་དབེན་པ་དག
ལུས་ཟུངས་ཐམས་ཅད་མི་ཁའི་སྡིགས་རླུང་གིས་གྱོང་།
སྐད་ངག་ཡོད་ཚད་ཕུ་ཐག་མ་ཆོད་པར་འགག
བདེ་སྐྱིད་ཀྱི་ཁམས་རེ་རེའི་ཁྲོད་དུ།
ཤུགས་རིང་གི་ཉེས་པ་ཁོ་ན་མཆོངས་བཞིན་འཐོར།
ཡོད་དོ་ཅོག་ཁམས་གསུམ་ན་བདེ་ཚོར་གྱི་དབེན།
མ་ཤེས་པ་དག་་མེད་པར་འཆུགས
ཁོང་ཁྲོ་ནི་མིག་ཆུ་མེད་པའི་ངུ་སྒྲ་དེ།
གཞན་དག
མཁས་པ་དག་ལྕེ་དང་མིག་གིས་དབེན།
དེ་ལས་གཞན་དག
མི་ཁོམ་པའི་གནས་སུ་ལྟུང་།
ཕྲ་རགས་ཀྱི་རྣམ་ཤེས་དག་བར་སྟོང་ན་རྒྱུ།
སེམས་ཀྱི་བདེ་བ་མཐའ་དག་
བྲག་ཁུང་དང་ནགས་གསེང་འགྲིམས།
གྲོང་ཁྱེར་གྱི་མཁའ་དབུགས་ལ་གཡའ་དྲི་འཐིབས།
བྱིས་པ་ཚོ་རྒས་ནས་གང་སར་རྒན་བཤད་བྱས།
རྩོམ་ཁུངས། ངེད་དྲ་བ།