ནམ་མཁའ་དང་ངའི་བར་ཐག

རྟ་མགྲིན་དབང་རྒྱལ།༼ཀླུ་ཆུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-11-28

ང་རྫ་རིའི་མཐོ་ནས་འགྲེངས་ཏེ་ནམ་མཁའི་དབྱིངས་སུ་སྤར་འབྲད་ཅིག་བྱེད་འདོད
ནམ་མཁའ་འདི་རྒྱང་ཐག་རིང་སོང་བ་མིན་ན་ཧ་ཅང་སྙིང་ཉེ་བའི་ཚུལ་ཞིག་འདུག
མཁའ་དབུགས་དང་གཤོག་ཐོགས་ཀྱི་རྨི་ལམ་མང་པོས་སྤྲོ་དགའི་འཛུམ་རྒྱ་གྲོལ
ཟུངས་ཁྲག་གི་འཁོར་བསྐྱོད་ལན་སོང་བ་མིན་ན
མཁའ་དབྱིངས་འདིའང་ངའི་སྙིང་ཉེ་དེ་ཅི་ལ་མིན
 
གདོད་མ་ཉིད་ནས་མི་ཚོགས་ཀྱི་གོམ་ཁ་ཞེན་དབང་དུ་གྱུར་བས་ཁྱེད་ལ་བསྟོད
ཐང་གཞུང་གི་སྐྱ་ལམ་དེ་ལོ་ཟླའི་མངའ་ཐང་གིས་ཟད་རྗེས་སུ
སུ་ལའང་ནམ་མཁར་འཕུར་འདོད་པའི་འཆར་ཡན་རྒོད་ཅིང
ཉི་ཟླ་དཔུང་དུ་བསྡུ་བའི་ཧམ་སེམས་ཤིག་གཤིས་སུ་ཆགས
 
ཐང་དཀར་རྒོད་པོ་ཡིན་རུང་གཤོག་རྩ་འདར
འབྲོང་ཁྱུ་དར་མ་ཡིན་རུང་རླུང་གིས་བཅིམས
སྦྲ་ནག་ཚང་དེ་འགྲེམས་སྟོན་བྱས་ཉིན་ནས་སུ་ཞིག་གི་བློ་ཁ་བདེ་མྱོང
ནམ་མཁའ་དེ་མ་གཞི་ནས་ཐང་ཆེན་དང་འདྲེས་པ་གོ་འཛོལ་དང་ཆག་ཀྲུམ་ཞིག
 
ནམ་མཁའ་དེ                    སེམས་ཁོངས་སུ་ཞོག་དང
ཁྱོད་ནི་གཤོག་ཐོགས་ཀྱི་འཕུར་ཡ་དངསྤྲིན་དཀར་གྱི་རང་མདངས་ཡིན
གངས་དཀར་པོ་ཞེས་པ་རང་ཚུགས་དང་ཐང་ཡངས་མོ་ཞེས་པ་བློ་རྒྱ་ཞིག
བསྐལ་བ་བཟང་བའི་དབྱར་གཞུང་གི་ས་སྲོད་དུ
ངས་ཡུན་གྱིས་ཚོར་བ་ནི་ནམ་མཁའ་ང་དང་གཏན་དུ་གྱེས་འགྲོ་བཞིན་འདུག
སྦྲ་ནག་དེ་མཁའ་དབུགས་ཀྱིས་ཟད་འགྲོ་བཞིན་འདུག
 
དུས་དེ་རིང                     ལྟོ་གོས་འཛོམས་པའི་དུས་དེ་རིང་ལ
ངས་ནམ་མཁའ་དེ་ལྷག་ཏུ་ཐོབ་འདོད་སྐྱེས་ཤིང་སྤྲིན་པ་དེ་མཐའ་རུ་བསྐྲོད་འདོད་འདུག
རྒྱུ་མཚན་ནི་མི་ཚོགས་ནམ་མཁའ་དང་འདྲེས་སོང་ལ་སྤྲིན་པར་དམ་པོར་འཁྱུདསོང་བས་སོ
མེས་པོའི་ཐང་གཞུང་འདི་ནས་བྲང་ཁོག་ཚལ་བར་གཤགས་ཏེ་ནམ་མཁའ་ལ་ཕྱོགས་པ་འདི
གླེན་པ་སུ་ཞིག་གི་ངང་ཚུལ་ཡིན་ལགས
བདེན་ལུགས་གང་ཞིག་གི་སྒྲུབ་བྱེད་ཡིན་འདུག
 
དབྱངས་རྟ་ཁོ་ནས་སེམས་པ་དཀྲོགས་ཤིང
ལྗོན་ཤིང་ཁོ་ནས་ངལ་གསོ་བཞིན་པ་ནི་ང་ཚོའི་འཚོ་བ་ཡིན་ལ
ཆང་དང་ལྦུ་རག་གིས་ལང་ཚོ་བསྟོད་པ་ནི་བདེ་མལ་གྱི་ཕུགས་འདུན་སྙེག་ཚུལ་ཡིན
 
ནམ་མཁའ་ཚུར་ཤོག་དང
སྙན་ངག་གིས་ཁྱེད་ལ་སྤྲོད་འདོད་པ་ནི་ཡུལ་ལྗོངས་ཧྲིལ་བོ་ཞིག་དང
མི་རབས་ཤིག་གི་འཚོ་བཞེས་ཀྱི་གཞི་རྐང་དེ
བླ་སྲོག་གི་རང་གཤིས་རྣལ་མ་དེ
ངའི་སྙིང་ཉེ་ཚོ                      ཁྱེད་ཚོས་ཕྱིར་མིག་ཅིག་གཟིགས་དང
ཕ་ས་འདིའི་དབྱར་གཞུང་ད་སླེབས་རུང་ཡིན

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནམ་མཁའ་དང་ངའི་བར་ཐག

2013-11-28 རྟ་མགྲིན་དབང་རྒྱལ།༼ཀླུ་ཆུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།