སང་ཉིན་ལ་ཞུས་པ།

འོད་དུངས་བུ།༼གཙོས༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-11-21

 

 

བལྟས་པ་ཙམ་གྱིས་གསལ་མི་ཐུབ་པའི་ཡོལ་བའི་ངོས་སུ
བདག་གི་རྨི་ལམ་ནང་ཡུན་རིང་འཇགས་པའི་རུ་སྡེ་ཡོད
རུ་སྡེ་དེས་གདན་བྱས་པའི་རྩྭ་ཐང
ཞྭ་མོར་གུས་པའི་གནམ་སྔོན་པོ
བྱིས་པ་ཞིག་གིས་རྩེད་རའི་ནང་དུ་རྙེད་པའི་བག་ཆགས་རིགས་ཤིག་སྟེ
འཚར་ལོང་གི་གོ་རིམ་ཁྲོད་ནས་འབོར་གྱིན་པའི་གཡང་འབྲི་འཛི་ཐོ་མའི་རྣ་སྐུད་ལྟར
རྫི་བོས་ཉམས་མ་བཞག་ས་ནས་འབྲི་གཅིག་གིས་ཉུང་འགྲོ
བདག་གིས་རྨི་ལམ་དུ་གཡང་འབྲི་འཛི་ཐོ་མའི་རྗེས་སུ་སྨྱུ་གུ་བཟུང
ཤོག་ལྷེབ་ངོས་སུ་ཅི་ཞིག་བོར་སོང་བའི་ཡང་སྙིང་སྟོན་བྱེད་ཀྱི་ཡི་གེ་དག་གི་གཟུགས་རིས་ཕབ
དུས་ཚོད་དེ་འདྲ་ཞིག་ལ་ང་རྫི་བོ་ཞིག་ཏུ་གྱུར་འདུག
རྣ་སྐུད་ཆད་སོང་བའི་གཡང་འབྲི་འཛི་ཐོ་མ་མཐོང་བྱུང
རྫི་བོ་ངོ་མི་ཤེས་བ་ཞིག་དང་ཡུལ་འགྲོ་མ་མྱོང་ས་ཞིག་ན
གཡང་འབྲི་འཛི་ཐོ་མས་བརྗེད་ཆུ་འཐུང་སྟེ་ནོར་ཁྱུ་གཞན་ཞིག་ལ་འདྲེས་འདུག
འཚོ་བ་གཞན་ཞིག       དྲན་འཆར་གཞན་ཞིག
ངུར་སྐད་གཞན་ཞིག       རྩྭ་ཐང་གཞན་ཞིག
གོམས་གཤིས་གཞན་ཞིག
ངས་ཀྱང་ལོ་རྒྱུས་དེ་རིམ་གྱིས་བརྗེད་ནས
རང་ཉིད་ལ་ཕོར་བ་ཞིག་ཡོད་པར་བགྱིས་ཏེ
སྙན་ངག་འདི་འབྲི་རྒྱུའི་ཆོད་སེམས་ལྷོད་སོང
རང་གི་བུ་ཕྲུག་དག་ལ
སྒེའུ་ཁུང་ལས་མངོན་པའི་ཡུལ་ལྗོངས་དེ
ང་ཚོའི་ཕ་ས་ཕ་ཡུལ་རེད་ཅེས་མ་བཤད
                    2013-7-21ཉིན་སྦྱར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སང་ཉིན་ལ་ཞུས་པ།

2013-11-21 འོད་དུངས་བུ།༼གཙོས༽ ཀློག་གྲངས། མཆན ཡོད།

 

 

བལྟས་པ་ཙམ་གྱིས་གསལ་མི་ཐུབ་པའི་ཡོལ་བའི་ངོས་སུ
བདག་གི་རྨི་ལམ་ནང་ཡུན་རིང་འཇགས་པའི་རུ་སྡེ་ཡོད
རུ་སྡེ་དེས་གདན་བྱས་པའི་རྩྭ་ཐང
ཞྭ་མོར་གུས་པའི་གནམ་སྔོན་པོ
བྱིས་པ་ཞིག་གིས་རྩེད་རའི་ནང་དུ་རྙེད་པའི་བག་ཆགས་རིགས་ཤིག་སྟེ
འཚར་ལོང་གི་གོ་རིམ་ཁྲོད་ནས་འབོར་གྱིན་པའི་གཡང་འབྲི་འཛི་ཐོ་མའི་རྣ་སྐུད་ལྟར
རྫི་བོས་ཉམས་མ་བཞག་ས་ནས་འབྲི་གཅིག་གིས་ཉུང་འགྲོ
བདག་གིས་རྨི་ལམ་དུ་གཡང་འབྲི་འཛི་ཐོ་མའི་རྗེས་སུ་སྨྱུ་གུ་བཟུང
ཤོག་ལྷེབ་ངོས་སུ་ཅི་ཞིག་བོར་སོང་བའི་ཡང་སྙིང་སྟོན་བྱེད་ཀྱི་ཡི་གེ་དག་གི་གཟུགས་རིས་ཕབ
དུས་ཚོད་དེ་འདྲ་ཞིག་ལ་ང་རྫི་བོ་ཞིག་ཏུ་གྱུར་འདུག
རྣ་སྐུད་ཆད་སོང་བའི་གཡང་འབྲི་འཛི་ཐོ་མ་མཐོང་བྱུང
རྫི་བོ་ངོ་མི་ཤེས་བ་ཞིག་དང་ཡུལ་འགྲོ་མ་མྱོང་ས་ཞིག་ན
གཡང་འབྲི་འཛི་ཐོ་མས་བརྗེད་ཆུ་འཐུང་སྟེ་ནོར་ཁྱུ་གཞན་ཞིག་ལ་འདྲེས་འདུག
འཚོ་བ་གཞན་ཞིག       དྲན་འཆར་གཞན་ཞིག
ངུར་སྐད་གཞན་ཞིག       རྩྭ་ཐང་གཞན་ཞིག
གོམས་གཤིས་གཞན་ཞིག
ངས་ཀྱང་ལོ་རྒྱུས་དེ་རིམ་གྱིས་བརྗེད་ནས
རང་ཉིད་ལ་ཕོར་བ་ཞིག་ཡོད་པར་བགྱིས་ཏེ
སྙན་ངག་འདི་འབྲི་རྒྱུའི་ཆོད་སེམས་ལྷོད་སོང
རང་གི་བུ་ཕྲུག་དག་ལ
སྒེའུ་ཁུང་ལས་མངོན་པའི་ཡུལ་ལྗོངས་དེ
ང་ཚོའི་ཕ་ས་ཕ་ཡུལ་རེད་ཅེས་མ་བཤད
                    2013-7-21ཉིན་སྦྱར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།