ཁྱོད་རང་ལྟ་བུའི་མཚན་མོ།

རྔོག་བུ་དཔལ་ཆེན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-10-29

             ཁྱོད་རང་ལྟ་བུའི་མཚན་མོ་རེ་རེར
               ངས་ཁྱོད་ལས་ལྷག་པའི་ཚོར་བ་ཞིག་རྙེད་མ་སོང
                                 ______རྩོམ་བྱང་དང་འབྲེལ་བའི་སྐད་ཆ།

                     
ནམ་མཁའ་ལྟ་བུའི་ཤོག་དཀར་གྱི་ངོས་སུ
ངས་རང་གི་ལག་ཟུང་གཤོག་པ་ཡིན་ཁུལ་གྱིས་བརྐྱངས་ཏེ
ཁྱོད་རང་ལྟ་བུའི་མཚན་མོ་འདིའི་སེམས་ངལ་མཐའ་དག་གི་སྒོ་ཟྭ
སྙན་ངག་ཅེས་པའི་ལྡེ་མིག་འདིས་ཕྱེས་ན་བསམ་བྱུང
 
མུན་ནག་གི་ཁྲོད་ན་དྲན་སྣང་གི་གསང་བ་སྐུང་ཡོད་དམ
ཁྱོད་རང་ལྟ་བུའི་མཚན་མོ་འདིའི་གྲུ་ཟུར་རེ་རེ་ནས
རྨི་ལམ་ཟེར་བའི་གཙང་བོ་ཞིག་གི་རབ་ཁ་བརྒལ་རྒྱུ་འདི
ཚིག་དང་ཡིག་འབྲུ་གང་རུང་གིས་བརྗོད་དུ་མེད་པའི
བཟི་ཁ་བཙན་པོ་ཞིག་རེད་ཤག
 
དོ་ནུབ་ཡང      ཙོང་ཆུས་ཟི་ལིང་གི་ངོ་གདོང་ཡང་ཡང་བཀྲུས་ཏེ
སྨྲེང་སྐྱོ་རུམ་གང་དབྱངས་སུ་གྱེར་ནས་བཞུར་གྱིན་འདུག་པས
སེམས་ངལ་གྱི་ཁ་སྤུ་རེ་རེས་འཇམ་མཉེན་གྱི་སྐྱི་ལྤགས་བརྟོལ་ཡོང
 
ལོབས་དཀའ་བའི་གྲོང་ཁྱེར་འདིའི་འདུ་འཛི་དང་འུར་ཟིང་ཐོས་ཐེངས་རེར
ཚུལ་འཆོས་དང་གཡོ་སྒྱུ་མཐོང་ཐེངས་རེར
ངས་རྩྭ་ཐང་ཟེར་བའི་ཕྱི་འཇགས་ནང་འཇགས་ཀྱི་དག་ཞིང་ཞིག་དྲན་གྱིན་འདུག
རྩྭ་རྩེའི་ཆུ་ཟིལ་ལྟ་བུའི་ཕྱི་གསལ་ནང་གསལ་གྱི་དྭངས་གཙང་ཞིག་དྲན་གྱི་འདུག
 
                 ༢༠༡༣   ༩   ༩  མཚན་མོར་ཟི་ལིང་ནས།
 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་རང་ལྟ་བུའི་མཚན་མོ།

2013-10-29 རྔོག་བུ་དཔལ་ཆེན། ཀློག་གྲངས། མཆན ཡོད།

             ཁྱོད་རང་ལྟ་བུའི་མཚན་མོ་རེ་རེར
               ངས་ཁྱོད་ལས་ལྷག་པའི་ཚོར་བ་ཞིག་རྙེད་མ་སོང
                                 ______རྩོམ་བྱང་དང་འབྲེལ་བའི་སྐད་ཆ།

                     
ནམ་མཁའ་ལྟ་བུའི་ཤོག་དཀར་གྱི་ངོས་སུ
ངས་རང་གི་ལག་ཟུང་གཤོག་པ་ཡིན་ཁུལ་གྱིས་བརྐྱངས་ཏེ
ཁྱོད་རང་ལྟ་བུའི་མཚན་མོ་འདིའི་སེམས་ངལ་མཐའ་དག་གི་སྒོ་ཟྭ
སྙན་ངག་ཅེས་པའི་ལྡེ་མིག་འདིས་ཕྱེས་ན་བསམ་བྱུང
 
མུན་ནག་གི་ཁྲོད་ན་དྲན་སྣང་གི་གསང་བ་སྐུང་ཡོད་དམ
ཁྱོད་རང་ལྟ་བུའི་མཚན་མོ་འདིའི་གྲུ་ཟུར་རེ་རེ་ནས
རྨི་ལམ་ཟེར་བའི་གཙང་བོ་ཞིག་གི་རབ་ཁ་བརྒལ་རྒྱུ་འདི
ཚིག་དང་ཡིག་འབྲུ་གང་རུང་གིས་བརྗོད་དུ་མེད་པའི
བཟི་ཁ་བཙན་པོ་ཞིག་རེད་ཤག
 
དོ་ནུབ་ཡང      ཙོང་ཆུས་ཟི་ལིང་གི་ངོ་གདོང་ཡང་ཡང་བཀྲུས་ཏེ
སྨྲེང་སྐྱོ་རུམ་གང་དབྱངས་སུ་གྱེར་ནས་བཞུར་གྱིན་འདུག་པས
སེམས་ངལ་གྱི་ཁ་སྤུ་རེ་རེས་འཇམ་མཉེན་གྱི་སྐྱི་ལྤགས་བརྟོལ་ཡོང
 
ལོབས་དཀའ་བའི་གྲོང་ཁྱེར་འདིའི་འདུ་འཛི་དང་འུར་ཟིང་ཐོས་ཐེངས་རེར
ཚུལ་འཆོས་དང་གཡོ་སྒྱུ་མཐོང་ཐེངས་རེར
ངས་རྩྭ་ཐང་ཟེར་བའི་ཕྱི་འཇགས་ནང་འཇགས་ཀྱི་དག་ཞིང་ཞིག་དྲན་གྱིན་འདུག
རྩྭ་རྩེའི་ཆུ་ཟིལ་ལྟ་བུའི་ཕྱི་གསལ་ནང་གསལ་གྱི་དྭངས་གཙང་ཞིག་དྲན་གྱི་འདུག
 
                 ༢༠༡༣   ༩   ༩  མཚན་མོར་ཟི་ལིང་ནས།
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།