མི་ཚེ།

ཡེ་ཤེས་བསྟན་འཛིན།༼རྨ་ཆུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-09-30

 

 

རང་སྣང་གིས་གྲུབ་པའི་མི་ཚེ
ཁ་གཏད་དང་རྒྱབ་འགལ་གྱི་མི་ཚེ
ཨུ་ཚུགས་དང་བཙན་འཛུལ་གྱི་མི་ཚེ
སྟོང་ཉིད་དང་གཏི་མུག་གི་མི་ཚེ
ཀུ་ཅོ་དང་ཀྱལ་ཀ་ཡི་མི་ཚེ
སྐད་ངན་དང་སྐད་ལོག་གི་མི་ཚེ
དབུལ་བོ་དང་ཕྱུག་པོའི་མི་ཚེ
དཔོན་པོ་དང་མི་དམངས་ཀྱི་མི་ཚེ
འཁྲེང་ཞེན་དང་དྲན་གདུང་གི་མི་ཚེ
འཛུམ་མདངས་དང་རེ་སྒུག་གི་མི་ཚེ
མཚན་སྙན་དང་ཆོ་ལོ་ཡི་མི་ཚེ
མུན་ནག་དང་འོད་སྣང་གི་མི་ཚེ
བཅོས་མ་དང་རྟག་བརྟན་གྱི་མི་ཚེ
མི་ཚེ  དགའ་སྐྱིད་ཀྱི་ལོངས་སྤྱོད་ལྡན་པར་སྨོན
མི་ཚེ  སྒྱུ་མ་དང་ཞེ་འཁོན་མེད་པར་སྨོན
མི་ཚེ  བཙན་གཉོམ་གྱི་དབྱེ་བ་དབེན་པར་སྨོན
མི་ཚེ  དྲང་བདེན་གྱི་རྦ་རླབས་འཕྱོ་བར་སྨོན
མི་ཚེ  ཡིད་འོང་གི་ལམ་བུ་རྙེད་པར་སྨོན
མི་ཚེ  བརྩེ་ཟུང་གི་འོད་མདངས་འཕྲོ་བར་སྨོན
མི་ཚེ  བཅུད་ལྡན་གྱི་འཚོ་བ་རྒྱས་པར་སྨོན
མི་ཚེ  ཀུན་བྱམས་དང་སྙིང་རྗེ་ཡོད་པར་སྨོན
མི་ཚེ  ལས་འབྲས་དང་རྒྱུ་འབྲས་བརྩི་བར་སྨོན
མི་ཚེ  ཞི་བ་དང་གོ་རྟོགས་སད་པར་སྨོན
མི་ཚེ  བསམ་པ་དང་སྤྱོད་ཚུལ་ལེགས་པར་སྨོན
མི་ཚེ བསླབ་བྱ་དང་ཞབས་རྗེས་རྟོགས་པར་སྨོན
མི་ཚེ  སྟོབས་འབྱོར་དང་ཡར་རྒྱས་བདོག་པར་སྨོན、

                 2013.4.16ཉིན་གྱི་དགོང་མོར་རང་སྦྱོང་གི་སྐབས་སུ་ཤར་མར་བྲིས་པའོ།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ཚེ།

2013-09-30 ཡེ་ཤེས་བསྟན་འཛིན།༼རྨ་ཆུ༽ ཀློག་གྲངས། མཆན ཡོད།

 

 

རང་སྣང་གིས་གྲུབ་པའི་མི་ཚེ
ཁ་གཏད་དང་རྒྱབ་འགལ་གྱི་མི་ཚེ
ཨུ་ཚུགས་དང་བཙན་འཛུལ་གྱི་མི་ཚེ
སྟོང་ཉིད་དང་གཏི་མུག་གི་མི་ཚེ
ཀུ་ཅོ་དང་ཀྱལ་ཀ་ཡི་མི་ཚེ
སྐད་ངན་དང་སྐད་ལོག་གི་མི་ཚེ
དབུལ་བོ་དང་ཕྱུག་པོའི་མི་ཚེ
དཔོན་པོ་དང་མི་དམངས་ཀྱི་མི་ཚེ
འཁྲེང་ཞེན་དང་དྲན་གདུང་གི་མི་ཚེ
འཛུམ་མདངས་དང་རེ་སྒུག་གི་མི་ཚེ
མཚན་སྙན་དང་ཆོ་ལོ་ཡི་མི་ཚེ
མུན་ནག་དང་འོད་སྣང་གི་མི་ཚེ
བཅོས་མ་དང་རྟག་བརྟན་གྱི་མི་ཚེ
མི་ཚེ  དགའ་སྐྱིད་ཀྱི་ལོངས་སྤྱོད་ལྡན་པར་སྨོན
མི་ཚེ  སྒྱུ་མ་དང་ཞེ་འཁོན་མེད་པར་སྨོན
མི་ཚེ  བཙན་གཉོམ་གྱི་དབྱེ་བ་དབེན་པར་སྨོན
མི་ཚེ  དྲང་བདེན་གྱི་རྦ་རླབས་འཕྱོ་བར་སྨོན
མི་ཚེ  ཡིད་འོང་གི་ལམ་བུ་རྙེད་པར་སྨོན
མི་ཚེ  བརྩེ་ཟུང་གི་འོད་མདངས་འཕྲོ་བར་སྨོན
མི་ཚེ  བཅུད་ལྡན་གྱི་འཚོ་བ་རྒྱས་པར་སྨོན
མི་ཚེ  ཀུན་བྱམས་དང་སྙིང་རྗེ་ཡོད་པར་སྨོན
མི་ཚེ  ལས་འབྲས་དང་རྒྱུ་འབྲས་བརྩི་བར་སྨོན
མི་ཚེ  ཞི་བ་དང་གོ་རྟོགས་སད་པར་སྨོན
མི་ཚེ  བསམ་པ་དང་སྤྱོད་ཚུལ་ལེགས་པར་སྨོན
མི་ཚེ བསླབ་བྱ་དང་ཞབས་རྗེས་རྟོགས་པར་སྨོན
མི་ཚེ  སྟོབས་འབྱོར་དང་ཡར་རྒྱས་བདོག་པར་སྨོན、

                 2013.4.16ཉིན་གྱི་དགོང་མོར་རང་སྦྱོང་གི་སྐབས་སུ་ཤར་མར་བྲིས་པའོ།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།