ངས་བུ་མོ་ཞིག་བོར་སོང་།༼ཞར་བཀོད་གཅིག་ཡོད༽

བིས་མདོ་བ་ཆོས་སྐྱོང་།༼དཀར་མཛེས མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-09-23

 

དགའ་མ་ཟེར་བའི་བུ་མོ་ཞིག་བོར་སོང
བརྩེ་བ་དང་མཉམ་དུ་བོར་སོང
ཁོ་མོ་འབོར་ཚུལ་ནི
བྱམས་ཟེར་བའི་ཁ་པར་ཨང་གྲངས་ཤིག་བོར་ཚུལ་དེ་ཡིན

མེ་ལོང་ནག་པོ་ཞིག་ལས
ངོ་གདོང་དཀར་བོ་ཞིག་ནོག་པས
བུ་མོ་ཞིག་བོར་སོང
ནམ་མཁའ་དམར་བོར་བསྒྱུར་རུང
བུ་མོ་ཞིག་བོར་སོང
སྙིང་གཏམ་ཟེར་བའི
དར་གོས་ཡུག་ཆེན་ཞིག་གི་ཁུགས་ནས་བོར་སོང

བུ་མོ་ཞིག་གྲག་མེད་འགུལ་མེད་ཀྱིས་བོར་བས
ང་ནི་བརྩེ་བ་ཡ་གཅིག་མ་ཅན་གྱི་བྱ་ཞིག་ཏུ་གྱུར་
ཡོད
མིག་ཆུ་ལ་སེམས་པ་ཡོད་ན
ངས་མིག་ཆུ་ཟེར་བའི་སྙན་ངག་ཅིག
སེམས་ཀྱིས་འབྲི་ངེས་ཡིན

ངས་བུ་མོ་ཞིག་བོར་སོང
བྱམས་ཟེར་བའི་བུ་མོ་ཞིག་སྙན་ངག་ན་ལུས་ཡོད
ཁོ་མོས་ཕྱིར་མིག་ཟེར་བ་ཞིག་བསྐྱུར་བ་དེས
ང་ནི་བཞི་མདོ་ཞིག་ན
ཁེར་ཧྲེང་ངེར་ལངས་པའི་མྱི་བུ་ཞིག་ལ་བསྐྲུན་ཨང

རྣམ་ཤེས་རང་རྐྱ་མ་ཞིག
ངའི་བླ་སྲོག་ན་ནར་བས
སྙན་ངག་ཟེར་བ་ཞིག་ལས
ང་ལ་ཁེར་རྐྱང་ལྷག་ཡོད

ངས་བུ་མོ་ཞིག་བོར་སོང
ལམ་སྐྱ་མོ་འཕྲེད་དུ་གཤག་དུས
དགའ་མ་ཟེར་བའི་བུ་མོ་ཞིག་བོར་སོང

ངས་བོར་སོང
ཁོ་མོས་ང་ལ་ཁེར་རྐྱང་ཟེར་བ་ཞིག
ཆ་རྐྱེན་ཅི་ཡང་མེད་པར་བསྐྱུར་འདུག

སྣང་བ་རྟ་བཞོན་མ་དེས
ཕ་ཁའི་ཉག་ཁ་ཁེར་རྐྱང་མ་དེར
དར་ལྕོག་གཅིག་པུ་དེ་ལས
དར་ལྕོག་གཞན་ཞིག་གི་གཡུག་ཚུལ་དེ་ཡང་འབྲི་འདོད་འདུག
ད་དུང་ཇག་པ་རྐང་ཐང་བ་དེ་ལ་ཡང
གནས་ཚང་ཞིག་གཡོར་འདོད་ཡོད་སྐད

སྙན་ངག་བཟི་སོང་བ་ཡིན་ན
གཞས་ཚིག་འཁྱམ་སོང་བ་ཡིན་ན
ཁོ་མོ་ནི་ནས་ཆང་དེ་བསྙལ་མཁན་དེའོ
༢༠༡༣ ༨ ༢༦

         ངས་ཁྱོད་དྲན་མྱོང་།
སྤྲིན་པ་ལ་མིག་ཆུ་འཁྱིལ་བ་ནི
ཆར་བ་ཟེར་བའི་སེམས་པ་ཕྱི་གསལ་ནང་གསལ་ཞིག་ཡོད་པ་དེའོ

ཉིན་མོ་ཟེར་བའི་ཡིག་འབྲུ་གཉིས་ལ
འགྲེལ་བཤད་གསར་བ་ཞིག་བྱས་ན
དེ་ནི་ཁོམ་ལོང་ཟེར་བའི་ཐ་སྙད་སྒྱིད་ལུག་ཅན་ཞིག

མཚན་མོ་ཟེར་བའི་མེ་ལོང་ནག་པོ་ཞིག་གི་ཁ་གཏད་དུ་ལངས་ན
ཟླ་བ་གཅིག་པུ་མེ་ལོང་དེ་ན་འཛུམ་པའི་ངོ་གདོང་ཞིག་ལགས

ཚོད་ཚོད་ལ་ཁོང་འདར་ཞིག་བྱུང་བ་ནི
ཁྱོད་ཅེས་པའི་དྲན་ཤིང་ཞིག
ངའི་ཡ་ཆུང་བརྟོལ་ནས་ལྡིང་བའོ

ཟླ་འོད་འཇམ་པོ་དེས
སྙིང་གཏམ་གྱི་ཟེགས་མ་གཏོར་ནས
ངའི་སྒེའུ་ཁུང་ལ་འཛུལ་བ་དེ
ངས་ཁྱོད་ལ་བཤད་པའི་གཏམ་རྒྱུད་ཀྱི་མཚན་མོ་ཉིད

དབྱར་ཁ་ཟེར་བའི་རི་ཀླུང་ཞིག
སྔོ་བཞིན་སྔོ་བཞིན་ང་ཚོ་དང་གྱེས་པ་ནི
སྙིང་གཏམ་ཞིག་གི་ཁུགས་ནས་བོར་བའི་ཁྱོད་དོ

ཅོག་ཙེ་་ན་འཛུམ་པའི་ཤོག་བུ་དེ་རླུང་ལ་ཞོན་རྗེས
སྨྱུ་གུ་དེ་ཡང་ས་ལ་འགྲིལ་སོང
སྨྱུ་གུ་ལ་བརྩེ་བ་ཡོད་ཆོག་ན
ང་ཡི་མཁའ་དབྱིངས་ལ
ངས་ཁྱོད་དྲན་མྱོང་ཞེས་འབྲི་རོགས་ཞུ
      ༢༠༡༣ ༨ ༢༨
 
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངས་བུ་མོ་ཞིག་བོར་སོང་།༼ཞར་བཀོད་གཅིག་ཡོད༽

2013-09-23 བིས་མདོ་བ་ཆོས་སྐྱོང་།༼དཀར་མཛེས ཀློག་གྲངས། མཆན ཡོད།

 

དགའ་མ་ཟེར་བའི་བུ་མོ་ཞིག་བོར་སོང
བརྩེ་བ་དང་མཉམ་དུ་བོར་སོང
ཁོ་མོ་འབོར་ཚུལ་ནི
བྱམས་ཟེར་བའི་ཁ་པར་ཨང་གྲངས་ཤིག་བོར་ཚུལ་དེ་ཡིན

མེ་ལོང་ནག་པོ་ཞིག་ལས
ངོ་གདོང་དཀར་བོ་ཞིག་ནོག་པས
བུ་མོ་ཞིག་བོར་སོང
ནམ་མཁའ་དམར་བོར་བསྒྱུར་རུང
བུ་མོ་ཞིག་བོར་སོང
སྙིང་གཏམ་ཟེར་བའི
དར་གོས་ཡུག་ཆེན་ཞིག་གི་ཁུགས་ནས་བོར་སོང

བུ་མོ་ཞིག་གྲག་མེད་འགུལ་མེད་ཀྱིས་བོར་བས
ང་ནི་བརྩེ་བ་ཡ་གཅིག་མ་ཅན་གྱི་བྱ་ཞིག་ཏུ་གྱུར་
ཡོད
མིག་ཆུ་ལ་སེམས་པ་ཡོད་ན
ངས་མིག་ཆུ་ཟེར་བའི་སྙན་ངག་ཅིག
སེམས་ཀྱིས་འབྲི་ངེས་ཡིན

ངས་བུ་མོ་ཞིག་བོར་སོང
བྱམས་ཟེར་བའི་བུ་མོ་ཞིག་སྙན་ངག་ན་ལུས་ཡོད
ཁོ་མོས་ཕྱིར་མིག་ཟེར་བ་ཞིག་བསྐྱུར་བ་དེས
ང་ནི་བཞི་མདོ་ཞིག་ན
ཁེར་ཧྲེང་ངེར་ལངས་པའི་མྱི་བུ་ཞིག་ལ་བསྐྲུན་ཨང

རྣམ་ཤེས་རང་རྐྱ་མ་ཞིག
ངའི་བླ་སྲོག་ན་ནར་བས
སྙན་ངག་ཟེར་བ་ཞིག་ལས
ང་ལ་ཁེར་རྐྱང་ལྷག་ཡོད

ངས་བུ་མོ་ཞིག་བོར་སོང
ལམ་སྐྱ་མོ་འཕྲེད་དུ་གཤག་དུས
དགའ་མ་ཟེར་བའི་བུ་མོ་ཞིག་བོར་སོང

ངས་བོར་སོང
ཁོ་མོས་ང་ལ་ཁེར་རྐྱང་ཟེར་བ་ཞིག
ཆ་རྐྱེན་ཅི་ཡང་མེད་པར་བསྐྱུར་འདུག

སྣང་བ་རྟ་བཞོན་མ་དེས
ཕ་ཁའི་ཉག་ཁ་ཁེར་རྐྱང་མ་དེར
དར་ལྕོག་གཅིག་པུ་དེ་ལས
དར་ལྕོག་གཞན་ཞིག་གི་གཡུག་ཚུལ་དེ་ཡང་འབྲི་འདོད་འདུག
ད་དུང་ཇག་པ་རྐང་ཐང་བ་དེ་ལ་ཡང
གནས་ཚང་ཞིག་གཡོར་འདོད་ཡོད་སྐད

སྙན་ངག་བཟི་སོང་བ་ཡིན་ན
གཞས་ཚིག་འཁྱམ་སོང་བ་ཡིན་ན
ཁོ་མོ་ནི་ནས་ཆང་དེ་བསྙལ་མཁན་དེའོ
༢༠༡༣ ༨ ༢༦

         ངས་ཁྱོད་དྲན་མྱོང་།
སྤྲིན་པ་ལ་མིག་ཆུ་འཁྱིལ་བ་ནི
ཆར་བ་ཟེར་བའི་སེམས་པ་ཕྱི་གསལ་ནང་གསལ་ཞིག་ཡོད་པ་དེའོ

ཉིན་མོ་ཟེར་བའི་ཡིག་འབྲུ་གཉིས་ལ
འགྲེལ་བཤད་གསར་བ་ཞིག་བྱས་ན
དེ་ནི་ཁོམ་ལོང་ཟེར་བའི་ཐ་སྙད་སྒྱིད་ལུག་ཅན་ཞིག

མཚན་མོ་ཟེར་བའི་མེ་ལོང་ནག་པོ་ཞིག་གི་ཁ་གཏད་དུ་ལངས་ན
ཟླ་བ་གཅིག་པུ་མེ་ལོང་དེ་ན་འཛུམ་པའི་ངོ་གདོང་ཞིག་ལགས

ཚོད་ཚོད་ལ་ཁོང་འདར་ཞིག་བྱུང་བ་ནི
ཁྱོད་ཅེས་པའི་དྲན་ཤིང་ཞིག
ངའི་ཡ་ཆུང་བརྟོལ་ནས་ལྡིང་བའོ

ཟླ་འོད་འཇམ་པོ་དེས
སྙིང་གཏམ་གྱི་ཟེགས་མ་གཏོར་ནས
ངའི་སྒེའུ་ཁུང་ལ་འཛུལ་བ་དེ
ངས་ཁྱོད་ལ་བཤད་པའི་གཏམ་རྒྱུད་ཀྱི་མཚན་མོ་ཉིད

དབྱར་ཁ་ཟེར་བའི་རི་ཀླུང་ཞིག
སྔོ་བཞིན་སྔོ་བཞིན་ང་ཚོ་དང་གྱེས་པ་ནི
སྙིང་གཏམ་ཞིག་གི་ཁུགས་ནས་བོར་བའི་ཁྱོད་དོ

ཅོག་ཙེ་་ན་འཛུམ་པའི་ཤོག་བུ་དེ་རླུང་ལ་ཞོན་རྗེས
སྨྱུ་གུ་དེ་ཡང་ས་ལ་འགྲིལ་སོང
སྨྱུ་གུ་ལ་བརྩེ་བ་ཡོད་ཆོག་ན
ང་ཡི་མཁའ་དབྱིངས་ལ
ངས་ཁྱོད་དྲན་མྱོང་ཞེས་འབྲི་རོགས་ཞུ
      ༢༠༡༣ ༨ ༢༨
 
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།