དབུགས་དབྱུང་།
ང་ཡི་ཚེ་སྲོག་ལ་གཡབ་མོ་བྱེད་ཀྱིན་འདུག
འཕྲེང་ཞེན་གྱི་བུང་བ་འཁོར་སའི
དྲན་ཤིང་གི་མེ་ཏོག་དམར་པོ་ཞིག
ང་ཡི་བྲང་གཞུང་གི་སྤང་ཁུགས་སུ་དབྱར་དགུན་མེད་པར་བཞད་ཡོད
མི་སེམས་ཀྱི་ལྗོན་པའི་སྟེང་ལ
བསམ་གཞིག་གི་ཡལ་ག་ཐོགས་ཤིང
འགན་འཁྲི་ཞེས་པའི་ལོ་མ་ཁ་ཤས་ཀྱང་འབུས་པ་ནས་བཟུང
སྙན་ངག་ཅིག་བྲིས་པའང་དབུགས་དབྱུང་ཐེངས་ཤིག་གོ
༢༠༡༣ ༦ ༩ ས་སྲོད་དུ།
རྩོམ་ཁུངས། ངེད་དྲ་བ།