ཁང་རྙིང་གི་སྒོ་བྱང་སྟེང་དུ་བྲིས་པའི་མིང་ཡིག

         ལྗང་བུ།
དང་པོར་ཇག་པ་ཞིག་ཡིན
བར་དུ་ལྕགས་མགར་ཅིག་ཡིན
ཐ་མར་སྒོམ་ཆེན་ཞིག་ཡིན
       
          སྨན་བླ།
དང་པོར་གླང་རྫིའི་དོར་མ་གྱོན་ཏེ་གངས་འདབས་སུ་ཡོང
བར་དུ་གངས་འདབས་ནས་རུ་སྦྲ་ཕུབ
ཐ་མར་གངས་འདབས་ནས་ཆུ་ཐིགས་ཤིག་ཏུ་གྱུར

     སྐྱབས་ཆེན་བདེ་གྲོལ།
ཐོག་མར་མེ་ཏོག་གསོ་མཁན་ཞིག་ཡིན
བར་དུ་སྦྲང་མ་གསོ་མཁན་ཞིག་བྱས
ཐ་མར་སྦྲང་རྩི་འཚོང་མཁན་ཞིག་ཏུ་གྱུར

         དོན་གྲུབ་རྒྱལ།
མདུང་རིང་དང་འཁོར་གསུམ་སྐེད་པར་སྤྲས
དགྲ་ཚོགས་དང་དཔུང་ངན་བཅོམས
འཇིག་པ་མེད་པའི་རྒྱལ་རབས་ཤིག་བཙུགས

      འཇུ་སྐལ་བཟང་།
མིག་ཤེལ་གྱི་ལོང་བུ་རྩི་སྐུད་ཀྱིས་བྱས
མགུལ་ཡོངས་སུ་ཕྱག་མདུད་ཀྱིས་ཁེངས་པའི་ཁོ
གྲོང་ཁྱེར་དུ་སློབ་མཐར་ཕྱིན་རྗེས
རྨ་ཆེན་གངས་རའི་འདབས་སུ་ཡོང་སྟེ་དགོན་པ་ཞིག་བཏབ
རྡོ་གྲུབ་ཆེན་ནི་ཁོའི་གྲྭ་རྒྱུན་ཐོག་མ་དེ་ཡིན
       
          གངས་ཞུན།
ཐོག་མར་མཚམས་ཁང་ཞིག་གི་ནང་ནས
ཉེན་རྟོག་པ་འགས་ལྟོགས་འཆི་ལས་བསྐྱབས
བར་དུ་དགོན་པའི་དོ་དམ་ཁང་གི་གཙོ་བོར་བསྐོས
ཐ་མར་སྐྱ་ཆས་གྱོན་ཏེ་དགོན་འདབས་ནས་ཕག་ཤ་བཙོངས

         ཞི་བདེ་ཉི་མ།
ཕག་མགོ་ཅན་དང་ཟླ་བའི་ལྷ་མོ་གཉིས་ཀྱིས
རྐུ་འཁྲིག་བྱེད་དུས
ལྷ་ཞིག་གིས་གོང་མཛུབ་ལ་མཆིལ་མ་བསྐུས་ཏེ་སྒེའུ་ཁུང་བརྟོལ་ནས་རྐུ་ལྟ་བྱས་པས
ལྷ་དབང་གིས་ཚོར་ཏེ་ཕག་མགོ་ཅན་དང་ལྷན་དུ
མི་ཡུལ་དུ་སྤྱུགས་པ་དེའི་མིང་ལ་མི་རྣམས་ཀྱིས་ཞི་བདེ་ཉི་མ་ཞེས་སུ་བཏགས
       
       གཅན་མེ་སྟག
དབུས་ལ་འགྲོ་བའི་སྐྱ་མི་འགས
ཉག་ཁ་ཞིག་ནས་ཐབ་རྡོ་འབུབས་དུས
རྡོ་ལེབ་ཅིག་གི་ཁ་ཕྱེ་བ་ན་རུས་སྦལ་གྱི་ལྐོགས་ཤུན་ཞིག་རྙེད
དེ་དག་གིས་གནའ་རྫས་ཤིག་ཏུ་འཁྲུལ་ནས་ལྷ་སའི་སྐུ་ལྕམ་ཞིག་ལ་བཙོངས

       རེ་རྐང་གླིང་།
ཡིག་ནོར་དང་བརྡ་ལོག་གིས་ཁེངས་པའི་
བརྡ་འཕྲིན་ཅིག
རེབ་གོང་གི་ལུང་བ་ཞིག་གི་ནང་དུ་བབས
མི་ཞིག་གིས་གནམ་ཡིག་ཏུ་འཁྲུལ་ཏེ
དེ་གཟུངས་འཇུག་བྱས་ནས་རོང་བོ་དགོན་པའི་འདབས་སུ་མཆོད་རྟེན་ནག་པོ་ཞིག་བཞེངས

        མར་ཁུ་རྒྱལ་མཚན།
ཨ་ཆུང་གནམ་རྫོང་གི་ཨ་ནེ་ཇོ་མོ་དག་གི་མཆོད་རྐོང་ལས
ཙི་གུ་ཞིག་གིས་མར་ཞུན་བར་མེད་བརྐུས་ཏེ་འཐུང་པ་དེ་ནི་ཁོ་ཡིན་ཞིང
དགོན་པར་ཆོས་གླུ་ཉུང་ཙམ་ཐོས་པའི་དྲིན་གྱིས
དེས་ཀྱང་གནས་ལུགས་ཐན་ཐུན་ཞིག་འཆད་པར་བྱེད
གནས་ལུགས་ཁོ་ན་འཆད་བྱེད་ཀྱི་ཁ་དེ་གྲུ་བཞི་ཞིག་ཡིན
         
         བོང་སྟག་རིལ་བུ།
སྤྱང་ཀི་ཞིག་གིས་རྫ་འདབས་ཤིག་ནས་ལུག་ལྤགས་ཤིག་རྙེད
དེས་པགས་པ་གྱོན་ཏེ་ལུག་ཡིན་ཁུལ་གྱིས་ལུག་ཁྱུར་ཡོང
ལུག་རྫིས་ཁྲོམ་ཞིག་ཏུ་འཁྲུལ་ཏེ་རླིག་པ་བཅད
ལུག་རྫི་ཡིག་རྨོངས་དེས་ད་དུང་ཡང་ལུག་ཅིག་ཡིན་པར་འདོད
         
           གཉན།
རྟ་ཁྱུ་ཞོགས་པས་ཆུ་མོའི་ནང་གི་ཉེའུ་ཞིག་གཉིད་ལས་དཀྲོག
ཁྱུང་མཆུའི་རྩྭ་ཐང་གི་བུ་མོ་ཞིག་གིས་སྐྱོགས་ལ་བཅུས་ཏེ་སྦྲ་ནང་དུ་ཐོན
       
         རུ་ངན་བླ་མ་ཐར།
ན་བུན་བན་བུན་ཞིག་གིས་རྟ་ཕོའི་མིག་ལམ་བསྒྲིབས
ཡིན་ནའང་རྟ་ཕོའི་འཚེར་སྐད་ཀྱིས་རྐྱང་ཁྱུ་དག་འགུག་པར་བྱེད

     བྱ་མདོ་རབ་རྒྱས།
གྲྭ་ཕྲུག་གིས་གཟི་ཞིག་རྙེད
ཡིན་ནའང་གྲྭ་རྒན་གྱིས་གཞུང་བཞེས་བྱས
ཕྱིས་སུ་གྲྭ་ཕྲུག་དེས་སླར་ཡང་གཟི་ཞིག་རྙེད་མ་བྱུང
         
      རྨོག་བྱམས་པ།
གནའ་བོའི་གླེགས་བམ་ཞིག་ལས་ཤོག་ལྷེ་གཅིག་ཕར་སློག་ཚུར་སློག་ཚུར་བྱས་རྗེས
ཁོས་གཞི་ནས་རང་གི་མིང་ཡིག་དེ་རྙེད
     
          སྨྲེང་བུ།
སྒྲིག་ལམ་ལ་བཟང་བའི་སློབ་མ་ཞིག
གསུམ་བཟང་སློབ་མར་བདམས
སློབ་མ་དེས་ཀྱང་སྒྲིག་ལམ་ཆ་ཚང་ལྡན་པའི་ལས་བྱ་དང་གནང་ཞུ་ཡི་གེ་མང་དུ་བྲིས
          
        འབྲོང་།
གེ་སར་རྒྱལ་བོའི་དམག་སྒར་གྱི་འདབས་སུ
དགའ་ཡང་མ་མྱོང་ལ་སྐྱོ་ཡང་མ་མྱོང་ཞིང
སྡུག་ཀྱང་མ་མྱོང་ཞིང་ངུ་ཡང་མ་མྱོང་པའི་
རྒན་པོ་ཁེར་འདུག་ཅིག་གིས
རས་གུར་ཅིག་ཕུབ་སྟེ་ཚེ་གང་བོར་དེ་ནས་བསྡད

        རོང་བོ་དགེ་འདུན་ལྷུན་གྲུབ།
གནའ་དགོན་གྱི་དཔེ་ཁང་ནང་དུ་ཙི་གུ་ཞིག་ཡོད
གློ་བུར་དུ་ཅོང་རྙིང་གི་འདོག་ཐག་ཆད་དེ་ལྷུང་པས་ཙི་གུ་ནང་དུ་བཅུག
ཁོས་དེ་བརྡུངས་པས་སྙན་ངག་ལྟ་བུ་འགའ་གྲགས                                     
 
         ལྡོང་ཡོན་ཏན།
ལུང་ཚིག་འགའ་ཤོག་ངོས་སུ་བྲིས་ཏེ་རུམ་ལ་བཅུག
ཤོག་ངོས་དང་ཐིག་ཕྲེང་བློར་བཟུང
སུར་འཕྲད་ན་དེ་འདོན
ཨ་མར་འཕྲད་པས
ཁ་ཆུ་གཏོར་བཞིན་བཤད
གཞན་གྱི་མགོ་བོ་འབུར་འབུར་བྱེད་དུས
ཞེ་སྡང་སྦྲུལ་གྱི་མགོ་བོ་ཅན་ཞིག་ཏུ་གྱུར་ཏེ
དུག་ལྕེ་དམར་པོ་དེ་འཕེན་པར་སྲིད

          རོང་བོ་གངས་དཀར།

གནའ་བོའི་དགོན་ཤུལ་གྱི་བྱེ་ཐང་དུ་
གྲྭ་ཕྲུག་ཞིག་གིས་དྲིལ་བུ་ཆག་པོ་ཞིག་རྙེད་
ཁོས་ཤག་ཏུ་ཁྱེར་ཏེ་གཡུག་པས་སྔར་བཞིན་གྲགས
       
       བྱ་གཞུང་གཡང་བྷ།
སྐབས་འགར་མ་བོས་ཀྱང་གྲགས་ལ
སྐབས་འགར་བོས་ཀྱང་མི་གྲགས་པའི་གླིང་བུ་ཞིག

        རྒྱ་གྲོལ།
སྟོན་པ་བཅོམ་ལྡན་འདས་ཀླུ་ཚང་དགོན་དུ་ཕེབས
རྒྱ་གྲོལ་གྱིས་ཞིབ་འཇུག་སློབ་མ་ར་སྐོར་གང་ལ་སློབ་ཁྲིད་བྱེད་ཀྱིན་གདའ
ཅི་ཡིན་དྲིས་པར་ནང་བསྟན་དཔལ་འབྱོར་རིག་པ ་དང་དམག་དོན་རིག་པ་ཡིན་ཅེས་བཤད
སངས་རྒྱས་ཀྱིས་མ་མཁྱེན
ཁོས་མདོ་སྔགས་གཉིས་ཀ་ལས་ལུང་རེ་དྲངས
སངས་རྒྱས་ཀྱིས་ད་དུང་ཡང་མ་མཁྱེན་པར་དབུ་ཞལ་ཐད་དུ་གཡུག

        ༢༠༡༣--༧--༡༡
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།