ང་ཚོ་གྱེས་དགོས་པ་ལས་དབང་རེད།

ཤོ་ཤར་ཚེ་རིང་རྒྱལ་པོ།༼ལྷོ་ཁ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-09-09

             _____སློབ་ཆེན་གྱི་གྲོགས་པོ་BLལ་ཕུལ།
གྲོགས་པོ། སློབ་ཆེན་གྱི་ཤེས་རིག་སྐྱེད་ཚལ་ལྡུམ་རྭ་ནས་ངོ་འདྲིས་བྱུང་བའི་གྲོགས་པོ་ལགས།
ཁ་སང་།ཤེས་རིག་གི་སྐྱེད་ཚལ་དེ་ན།
ང་ཚོ། རྐང་དྲུག་བུང་བའི་རྟུལ་བཞུགས་འཛིན་ཏེ།
ཤེས་བྱའི་མེ་ཏོག་ལས་རིག་པའི་ཉིང་བཅུད་ཀྱི་སྦྲང་རྩི།
ཧུར་བརྩོན་ཆེན་པོས་ཅི་དགར་གསོག་མྱོང་།
རིག་པའི་ཉིང་བཅུད་ཀྱི་སྦྲང་རྩི་གསོག་པའི་དུས་དེར།
ང་ཚོ་་་་་ལྟོ་ཚང་གཅིག་པའི་ཆོས་གྲོགས་ཚོ།
རི་གྲོང་ནས་འོང་པའི་ཞིང་པའི་བུ་ཕྲུག་ཤ་སྟག་ཡིན་པས།
ལྟོ་གོས་ལ་དང་དོད་ཡེ་ནས་བྱེད་མ་མྱོང་།
ད་དུང་། སྐབས་དེ་དུས། ང་ཚོའི་གྲོད་པར་ཞག་ཚིའི་ཆ་དེ་ཉུང་དྲག་གམ་ཅི་ཡིན།
ཉིན་ལྟར་དགོང་དྲོར་འདྲིས་ཆེ་བའི་སློབ་གྲྭའི་བཟའ་ཁང་ནས་མི་རེར་མོག་མོག་བརྒྱད་རེ།
ཆུ་འཁོལ་གྱི་རམ་འདེགས་འོག་འཁྱུར་མིད་བྱེད་རྐྱང་བྱེད།
ངོ་མ་་ཟས་ཀྱི་ཞིམ་མངར་ལྕེ་ནས་མིད་པའི་བར་ཞེས་པའི་ཁ་ཆེ་ཕ་ལུའི་ཚིག་དུམ་དེའི་གསང་བ་ཡང་དེ་དུས་
རྟོགས།
རེད་ཡྰ་་་་འདི་ནི་སློབ་ཆེན་འཚོ་བའི་ནང་གི་དགོད་བྲོ་ཞིང་དྲན་གསོ་བྱེད་འོས་པའི་འཚོ་བའི་ཟུར་ཆ་དེ་ཡིན་པ་རེད།
ཁ་སང་གི་སློབ་ཆེན་འཚོ་བ།སྔ་ས་ནས་ལོ་ཟླའི་བཞུར་བགྲོད་ཀྱི་ཆོས་ཉིད་བཙན་པོས།
ཆར་གཞུག་གི་འཇའ་མཚོན་ལྟར་ཡལ་ན་ཡང་།
ཁྱེད་དང་མཉམ་དུ་རོལ་མྱོང་བའི་སློབ་ཆེན་འཚོ་བ་དེ། ཁོ་བོས་་་གཅེས་གཅེས་ཀྱིས་དྲན་འཛིན་དབང་པོའི་ཟབ་ས་ན་ཉར་ཡོད།
གྲོགས་པོ།ང་ཚོ་འདི་ལྟར་གྱེས་དགོས་པ་ནི་བཟློག་མེད་ཀྱི་ཆོས་ཉིད་ཡིན་ལ་ལས་དབང་ཡང་ཡིན། དེ་བས་གྱེས་དགོས་པ་ནི། རང་རང་གི་འཚོ་དོན་ཞིག་གི་ཆེད་དུའོ་།
འདུ་བྲལ་གྱི་ཆོས་ཉིད་ནི་ཆོས་དབྱིངས་ཟབ་མོའི་གནས་ལུགས་དེ་ཡིན་ཕྱིན།
ཁྱེད་ཀྱིས་་་ང་ཚོ་འདི་ལྟར་གྱེས་པར་སེམས་སྡུག་མ་གནང་རོགས་
གྱེས་དགོས་པའི་གནས་ལུགས་རྟོགས་ན། གྱེས་དགོས་པར་སྡུག་བསྔལ་དང་དངངས་སྐྲག་ཡེ་ནས་སྐྱེ་མི་ཡོང་།
ཐ་ན་ཚེ་བསོད་ལས་དབང་རྫོགས་པའི་ཉིན་མོ། མལ་མཐའི་འཆི་དབུགས་ཆད་ལ་ཁད་ཀྱི་གྱེས་བྲལ་དུས་སུ་ཡང་།
ང་ཚོས་་་ཡིད་ཕམ་དང་སྡུག་བསྔལ་ཡེ་ནས་མེད་པར་ཡིད་དང་བས་དང་ལེན་བྱས་ཏེ་ཕྱི་མའི་ལམ་ཁ་དེར་ཕྱོགས་སྲིད།
          ༢༠༡༣ལོའི་༥ཚེས་༧ཉིན། ཤོ་ཤར་ཚེ་རིང་རྒྱལ་པོས་རྒྱ་ཚྭ་རྫོང་དུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཚོ་གྱེས་དགོས་པ་ལས་དབང་རེད།

2013-09-09 ཤོ་ཤར་ཚེ་རིང་རྒྱལ་པོ།༼ལྷོ་ཁ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།