ཆབ་མདོའི་མཚན་མོ།༼ཞར་བཀོད་གཅིག་ཡོད༽

སྐར་མདའ་སྔོན་པོ་དེ་འཁྱུག་རྗེས
སྲིན་བྱའི་ཧག་སྐད་དེ་རིམ་བཞིན་འཇགས་སོང
ཟླ་བ་ནག་པོ་ཞིག་གིས་སེམས་པའི་སྦུག་ནས་རྒྱ་མཚོ་བརྒལ་དུས
དོ་ནུབ་ང་ཆབ་མདོ་རུ་ཡོད་པ་བདེན་དཔང་བྱས་ཡོད
ཆབ་མདོའི་མཚན་མོ    གློག་འོད་ཟིང་སྐྱའི་རྨི་ལམ་འོག
ཡིག་ནོར་གྱི་འཚོས་པའི་གྲོང་དང་གྲོང་ཁྱེར
ཐོན་མིའི་རྗེས་རབས་པའི་ཡིག་ཕུད་གསོབ་གསོབ
བར་སྐབས་དེའི་མཚན་མོ་ཞིག་གཏན་ནས་རེད་མི་འདུག
 
    ཆབ་མདོའི་མཚན་མོ་བསྐྱལ་བ།
མི་ཚེའི་ཁོག་པ་རེ་རེ་རྐང་འོག་ནས་གཤགས་དུས
ཁ་རྫིག་ངོ་རྫིག་གི་ལག་འཇུ་ཐེབས་པའི་དོ་དགོང
འཇའ་ཚོན་གྱི་རྒྱན་རིས་འཚོལ་བའི་མིག་འབྲས་དག
གུས་གུས་ཞུམ་ཞུམ་ཁོ་ནས་འཚོ་དུས
ཚིག་མཛོད་ནང་དུ་བཙལ་ནས་རྙེད་རྒྱུ་མེད་པའི་ཐ་སྙད་རྫོབ་པོ
དུས་རབས་ལ་མཁོ་བའི་བླ་མེད་ཀྱི་ཕུགས་འདུན་ཡིན་པ་འདྲ
མཚན་གཞུང་གི་ཆབ་མདོ  
གསེར་ཆུས་སྤྲས་པའི་སྤྲང་པོའི་རྒྱལ་ཁམས་རེད
ཚག་ཚག་ཁོལ་ཁོལ་གྱི་ཆབ་མདོ  
རྡོ་བའི་གྲོང་ཁྱེར་ནས་མཐོང་མི་ཐུབ་པའི་ཤེལ་གཟུགས་དྭངས་མ་དེ་ཡིན
                                             ༡༠༡༣ལོའི་༦པའི་ཚེས་༡༨ཉིན།
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆབ་མདོའི་མཚན་མོ།༼ཞར་བཀོད་གཅིག་ཡོད༽

2013-09-05 གསེར་ཁབ། ཀློག་གྲངས། མཆན ཡོད།
སྐར་མདའ་སྔོན་པོ་དེ་འཁྱུག་རྗེས
སྲིན་བྱའི་ཧག་སྐད་དེ་རིམ་བཞིན་འཇགས་སོང
ཟླ་བ་ནག་པོ་ཞིག་གིས་སེམས་པའི་སྦུག་ནས་རྒྱ་མཚོ་བརྒལ་དུས
དོ་ནུབ་ང་ཆབ་མདོ་རུ་ཡོད་པ་བདེན་དཔང་བྱས་ཡོད
ཆབ་མདོའི་མཚན་མོ    གློག་འོད་ཟིང་སྐྱའི་རྨི་ལམ་འོག
ཡིག་ནོར་གྱི་འཚོས་པའི་གྲོང་དང་གྲོང་ཁྱེར
ཐོན་མིའི་རྗེས་རབས་པའི་ཡིག་ཕུད་གསོབ་གསོབ
བར་སྐབས་དེའི་མཚན་མོ་ཞིག་གཏན་ནས་རེད་མི་འདུག
 
    ཆབ་མདོའི་མཚན་མོ་བསྐྱལ་བ།
མི་ཚེའི་ཁོག་པ་རེ་རེ་རྐང་འོག་ནས་གཤགས་དུས
ཁ་རྫིག་ངོ་རྫིག་གི་ལག་འཇུ་ཐེབས་པའི་དོ་དགོང
འཇའ་ཚོན་གྱི་རྒྱན་རིས་འཚོལ་བའི་མིག་འབྲས་དག
གུས་གུས་ཞུམ་ཞུམ་ཁོ་ནས་འཚོ་དུས
ཚིག་མཛོད་ནང་དུ་བཙལ་ནས་རྙེད་རྒྱུ་མེད་པའི་ཐ་སྙད་རྫོབ་པོ
དུས་རབས་ལ་མཁོ་བའི་བླ་མེད་ཀྱི་ཕུགས་འདུན་ཡིན་པ་འདྲ
མཚན་གཞུང་གི་ཆབ་མདོ  
གསེར་ཆུས་སྤྲས་པའི་སྤྲང་པོའི་རྒྱལ་ཁམས་རེད
ཚག་ཚག་ཁོལ་ཁོལ་གྱི་ཆབ་མདོ  
རྡོ་བའི་གྲོང་ཁྱེར་ནས་མཐོང་མི་ཐུབ་པའི་ཤེལ་གཟུགས་དྭངས་མ་དེ་ཡིན
                                             ༡༠༡༣ལོའི་༦པའི་ཚེས་༡༨ཉིན།
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།