སྟོན་མཇུག་ནི་རྫོགས་ཟིན། དབྱར་ཟླ་དེ་སླེབས་བྱུང་།

རྡོ་རྗེ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-08-31
         ༡
དབྱར་ཟླ་དྲོན་མོའི་བསིལ་རླུང་དང་བསྡེབས་ནས
ཤེས་རིག་གི་ལྡིམ་རའི་ཚལ་དུ་གོམ་པ་སྤོས        
དེ་ནས་     མགྲིན་བཟང་གི་དབྱངས་སུ་བཏེགས་པའི་དགའ་སྤྲོ་དང་
བསིལ་ཆར་གྱི་བརླན་གྱིས་བརྡུང་བའི་སྐྱོ་གདུང་སོགས
མངར་སྐྱུར་འདྲེས་མའི་ཕྱིར་དྲན་རིང་དུ
ངའི་དྲན་འཛིན་གྱི་བུ་ག་རུ་ཤུགས་ཀྱིས་འཛུལ
དེ་ནི་ངའི་མི་ལོ་དྲུག་གི་མེ་ལོང་དྭངས་གསལ་ཡིན
དེ་རིང་ནི  བཅུད་ལྡན་སྙེ་མའི་མགོ་འཕང་ཐུར་དུ་དཔྱངས་པའི་དུས་དང
རྫོགས་ལྡན་གསར་བ་རེ་ཞིག་བསྡུས་པའི་དུས་སུ་གདའ
                              ༢
དེ་བཞིན    དགེ་རྒན་དང་སློབ་གྲོགས་
ཁྱེད་ཚོ་ནི་ངའི་འཆོར་སྒེག་བཏོན་སའི་སྐྱེད་ཚལ་ལས་མ་འདས
ཁྱེད་ཚོ་ནི་ངའི་འཚར་ལོངས་རྒྱས་སའི་དངོས་རྒྱུ་ལས་མ་མཆིས
དེ་བས  བཀའ་དྲིན་གྱི་སེམས་པ་ཁོངས་སུ་རུམ་ནས
ཡི་རངས་ཀྱི་སེམས་བྱུང་སྔོན་དུ་བཏང་སྟེ
ངའི་སྨིན་ལེགས་ཀྱིས་ཉིད་ལ་དྲིན་ལན་འཇལ་ཡོང       
མདོར་ན   ཐུགས་རྗེ་ཆེ   ངའི་ཉེ་འཁོར་གྱི་ཡོད་ཚད
                      ༣
ཁོ་བོ་སྔར་བཞིན   མདུན་བསྐྱོད་ཀྱི་གོམ་པ་སྔོན་དུ་བསྲིང་ནས་
དབྱར་ཟླ་དྲོན་མའི་བསིལ་རླུང་དེ་བསུ་ཡོང་།


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟོན་མཇུག་ནི་རྫོགས་ཟིན། དབྱར་ཟླ་དེ་སླེབས་བྱུང་།

2013-08-31 རྡོ་རྗེ་ཚེ་རིང་། ཀློག་གྲངས། མཆན ཡོད།
         ༡
དབྱར་ཟླ་དྲོན་མོའི་བསིལ་རླུང་དང་བསྡེབས་ནས
ཤེས་རིག་གི་ལྡིམ་རའི་ཚལ་དུ་གོམ་པ་སྤོས        
དེ་ནས་     མགྲིན་བཟང་གི་དབྱངས་སུ་བཏེགས་པའི་དགའ་སྤྲོ་དང་
བསིལ་ཆར་གྱི་བརླན་གྱིས་བརྡུང་བའི་སྐྱོ་གདུང་སོགས
མངར་སྐྱུར་འདྲེས་མའི་ཕྱིར་དྲན་རིང་དུ
ངའི་དྲན་འཛིན་གྱི་བུ་ག་རུ་ཤུགས་ཀྱིས་འཛུལ
དེ་ནི་ངའི་མི་ལོ་དྲུག་གི་མེ་ལོང་དྭངས་གསལ་ཡིན
དེ་རིང་ནི  བཅུད་ལྡན་སྙེ་མའི་མགོ་འཕང་ཐུར་དུ་དཔྱངས་པའི་དུས་དང
རྫོགས་ལྡན་གསར་བ་རེ་ཞིག་བསྡུས་པའི་དུས་སུ་གདའ
                              ༢
དེ་བཞིན    དགེ་རྒན་དང་སློབ་གྲོགས་
ཁྱེད་ཚོ་ནི་ངའི་འཆོར་སྒེག་བཏོན་སའི་སྐྱེད་ཚལ་ལས་མ་འདས
ཁྱེད་ཚོ་ནི་ངའི་འཚར་ལོངས་རྒྱས་སའི་དངོས་རྒྱུ་ལས་མ་མཆིས
དེ་བས  བཀའ་དྲིན་གྱི་སེམས་པ་ཁོངས་སུ་རུམ་ནས
ཡི་རངས་ཀྱི་སེམས་བྱུང་སྔོན་དུ་བཏང་སྟེ
ངའི་སྨིན་ལེགས་ཀྱིས་ཉིད་ལ་དྲིན་ལན་འཇལ་ཡོང       
མདོར་ན   ཐུགས་རྗེ་ཆེ   ངའི་ཉེ་འཁོར་གྱི་ཡོད་ཚད
                      ༣
ཁོ་བོ་སྔར་བཞིན   མདུན་བསྐྱོད་ཀྱི་གོམ་པ་སྔོན་དུ་བསྲིང་ནས་
དབྱར་ཟླ་དྲོན་མའི་བསིལ་རླུང་དེ་བསུ་ཡོང་།


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།