ཁ་མི་གྲགས་པའི་སྒྲུང་ཞིག་བཀླགས་པ།
མི་ཀ་བ་འདི་ལ་ནད་ཅིག་འདུག
མིག་མཐོང་ལག་ཟིན་གྱི་གོམ་སྒྲ
སེམས་ཀྱི་གཟུགས་རིས་དང་ཕྱིའི་ཉམས་རྒུད
དང་པོ་ནས་བསྒྱུར་སོང་བ་མ་ཡིན་ནམ
ཁོས་གསལ་བོ་ཞིག་མཐོང་མ་མྱོང་བ་དག
“འདི་ལྟར་རྒས་ཀྱིན་པ་ནི་དངོས་གནས་མཚར་སོང་”ཟེར
མི་ཁ་བ་དེས་ཀྱང་གསོག་གསོབ་ཏུ་བལྟས་པའི་རྗེས་ནས
མིག་མདུན་གྱི་ཤེལ་པང་གི་དག་གི་ངོས་སུའང
ཁོར་ཡུག་དང་དེའི་ནང་གི་ཡུལ་ཁམས་གཞན་དག
“གསལ་བོ་ཞིག་རྒྱུ་ཐུབ་པ་མ་ཡིན་ནོ”ཞེས་འཆད་བཞིན་འཁུམས་པས
དེའི་རྗེས་ཀྱི་ཉི་རེ་རེ་ཆུ་ཐིག་བཞིན་བསྐམ་འགྲོ་བའང
གང་ཟག་སུས་ཀྱང་མི་ཤེས་པ་མེད་དོ། །
༢༠༡༣།༧།༢༠ཉིན།
རྩོམ་ཁུངས། ངེད་དྲ་བ།