འབྱུང་བ་ལ་དཔེ་བཞག་ན།

 

རྐང་བ་གཉིས་མིའི་མགོ་ཐོག་ལ་བཞག
ལེ་ལོ་ཡིས་ཡོངས་སུ་འཐིབས་པའི་ད་ལྟའི་ཐོག་ཁང་དུ
མཚན་མོ་ཁོ་ན་ལྷིང་འཇགས་དང་འོད་དུ་འཁྱུག
ང་ཡི་ལུས་པོ་ལ་ན་ཚ་དང་ཁ་སྤུ་སྐྱེས
ཁྱོད་ཀྱིས་བཤད་པའི་སྐད་ཆ་ལ་མེ་སྟག་མཆེད
དུས་ཚིགས་གང་དུ་ཡང་མེ་ཏོག་ཡོད་པའི་ས་ཆར
ཁོ་བོ་ག་ལེར་ག་ལེར་རྒྱང་ཐག་རིང་བའི་རྨི་ལམ་དུ་སླེབས

འདི་ནི་སྐྱག་པ་མང་པོ་ཡོད་པའི་ཁང་མིག་ཅིག་ཡིན
དེ་ལ་འཁོར་བའི་འབུ་དང་རྩི་ཤིང་གི་རིགས
གཅོང་ནད་དང་མེད་མུག་གིས་ཟིན

སའི་གོ་ལའི་གློ་བར་དུད་དྲེག་ཆགས་པའི
བུམ་པ་ཡང་ཁེར་རྐྱང་དུ་གྱུར་བས
ལྷ་སྒྲུང་བཤད་མཁས་པའི་བུ་མོ་དེ་ནི་མེ་ལོང་གི་གཡང་གཟར་ལ་ལྕེབས
ཁྱོད་ཁོ་ན་ང་ཡི་གམ་དུ་སྡོད་པ་ལས
གློག་འོད་ཀྱིས་སུ་ཡི་མིག་ཟུང་ལ་འདྲེ་དང་རབ་རིབ་བྲིས

ཐང་ཆད་པའི་ལོ་མ་དག་ཀྱང་ལམ་ལ་ཆས
ཡིག་འབྲུ་གཅིག་ཆད་སོང་བའི་སྙན་ངག་དང་སྒྲུང་གཏམ་ལ
བཙའ་ཡིས་ཟིན་པའི་གྲི་ཡིས་ཡང་ཡང་བསྣུན
བཙོན་ཁང་དུ་ལྷག་པ་ནི་རང་དབང་དང
གྲིབ་མའི་འཚབ་ཏུ་ཕྱིར་དྲན་རེ་བཞག་ནས
འཇིགས་སྐྲག་ཁོ་ན་རྒྱལ་ཁའི་ཚོན་རྩི་རུ་འདོད

ང་ནི་རླུང་བུ་ཡིན་ནམ་སྙམ
མེ་ཡིས་ཁྱོད་རང་ཚིག་པའི་ཐལ་བ་ལ་གནས་ཚང་གང་དུ་ཡོད

གཙང་བོས་ང་ཚོ་གྲུ་གཟིངས་དང་མཉམ་དུ་ལྗོངས་རྒྱུར་ཁྲིད
ནམ་མཁའི་འཇའ་ཚོན་ནི་མིས་རྣམ་ཤེས་ཀྱིས་བརྩིགས་པའི་ཕོ་བྲང་དཀར་དམར
ཨ་ཕ་ཟེར་བའི་རྒྱལ་བོ་དེ་ནི་ང་རང་ཡིན་ནམ
ས་གཞིའི་སྙིང་ཁ་ནས་ད་དུང་ཁྲག་གི་ཐམ་ཀ་བརྐོས
              2014/4/18

             (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྱུང་བ་ལ་དཔེ་བཞག་ན།

2014-10-18 དུག་ཞགས། ཀློག་གྲངས། མཆན ཡོད།

 

རྐང་བ་གཉིས་མིའི་མགོ་ཐོག་ལ་བཞག
ལེ་ལོ་ཡིས་ཡོངས་སུ་འཐིབས་པའི་ད་ལྟའི་ཐོག་ཁང་དུ
མཚན་མོ་ཁོ་ན་ལྷིང་འཇགས་དང་འོད་དུ་འཁྱུག
ང་ཡི་ལུས་པོ་ལ་ན་ཚ་དང་ཁ་སྤུ་སྐྱེས
ཁྱོད་ཀྱིས་བཤད་པའི་སྐད་ཆ་ལ་མེ་སྟག་མཆེད
དུས་ཚིགས་གང་དུ་ཡང་མེ་ཏོག་ཡོད་པའི་ས་ཆར
ཁོ་བོ་ག་ལེར་ག་ལེར་རྒྱང་ཐག་རིང་བའི་རྨི་ལམ་དུ་སླེབས

འདི་ནི་སྐྱག་པ་མང་པོ་ཡོད་པའི་ཁང་མིག་ཅིག་ཡིན
དེ་ལ་འཁོར་བའི་འབུ་དང་རྩི་ཤིང་གི་རིགས
གཅོང་ནད་དང་མེད་མུག་གིས་ཟིན

སའི་གོ་ལའི་གློ་བར་དུད་དྲེག་ཆགས་པའི
བུམ་པ་ཡང་ཁེར་རྐྱང་དུ་གྱུར་བས
ལྷ་སྒྲུང་བཤད་མཁས་པའི་བུ་མོ་དེ་ནི་མེ་ལོང་གི་གཡང་གཟར་ལ་ལྕེབས
ཁྱོད་ཁོ་ན་ང་ཡི་གམ་དུ་སྡོད་པ་ལས
གློག་འོད་ཀྱིས་སུ་ཡི་མིག་ཟུང་ལ་འདྲེ་དང་རབ་རིབ་བྲིས

ཐང་ཆད་པའི་ལོ་མ་དག་ཀྱང་ལམ་ལ་ཆས
ཡིག་འབྲུ་གཅིག་ཆད་སོང་བའི་སྙན་ངག་དང་སྒྲུང་གཏམ་ལ
བཙའ་ཡིས་ཟིན་པའི་གྲི་ཡིས་ཡང་ཡང་བསྣུན
བཙོན་ཁང་དུ་ལྷག་པ་ནི་རང་དབང་དང
གྲིབ་མའི་འཚབ་ཏུ་ཕྱིར་དྲན་རེ་བཞག་ནས
འཇིགས་སྐྲག་ཁོ་ན་རྒྱལ་ཁའི་ཚོན་རྩི་རུ་འདོད

ང་ནི་རླུང་བུ་ཡིན་ནམ་སྙམ
མེ་ཡིས་ཁྱོད་རང་ཚིག་པའི་ཐལ་བ་ལ་གནས་ཚང་གང་དུ་ཡོད

གཙང་བོས་ང་ཚོ་གྲུ་གཟིངས་དང་མཉམ་དུ་ལྗོངས་རྒྱུར་ཁྲིད
ནམ་མཁའི་འཇའ་ཚོན་ནི་མིས་རྣམ་ཤེས་ཀྱིས་བརྩིགས་པའི་ཕོ་བྲང་དཀར་དམར
ཨ་ཕ་ཟེར་བའི་རྒྱལ་བོ་དེ་ནི་ང་རང་ཡིན་ནམ
ས་གཞིའི་སྙིང་ཁ་ནས་ད་དུང་ཁྲག་གི་ཐམ་ཀ་བརྐོས
              2014/4/18

             (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།