ཅ་ལག་བཟོ་མཁན་གྱི་མི།
སྒེའུ་ཁུང་བརྒྱུད་དེ་རྒྱང་རིང་ལ་བལྟས་ན
གཅན་གཟན་གྱིས་ཤུལ་དུ་བསྐྱུར་བའི་ནགས་ཚལ་ཞིག་མཐོང
ཤེལ་ངོས་སུ་ཕོག་པའི་ནགས་ཚལ་གྱི་གཟུགས་བརྙན
ཚོན་ཁྲ་ཅན་གྱི་དཔེ་དེབ་དེའི་ངོས་སུ་འཕྲོས
སྲོག་རྩ་ཆད་པ་ལྟ་བུའི བཀྲེས་སྐོམ་ཐེབས་པ་ལྟ་བུའི
ཡིག་འབྲུ་ཀློག་མཁན་གྱི་སྐྱེས་པ་དེ་ང་ཁོ་ན་ཡིན
དུ་སྣེ་ལས་ཟགས་པའི་མེ་སྟག་ཅིག་གིས
དཔེ་ངོས་སུ་འཕྲོས་པའི་ནགས་ཚལ་མེ་རུ་སྦར་སོང
མེ་སྐྱོན་གྱི་རྗེས་སུ་དྲག་ཆར་བབ་ཅིང་ཤྭ་འོད་རྒྱུག
རྦབ་ཏུ་འགྲིལ་བའི་ཕ་བོང་གིས་སྒོ་དང་སྒེའུ་ཁུང་ལ་རྡེབ
གཡང་དུ་ལྷུང་བའི་རྣམ་ཤེས་མང་བོའི་ཚོགས
རྣམ་ཤེས་གཅིག་ཐེངས་འགར་ལྕེབས་པའི་ཁ་གྲངས་ཡིན
རྡོ་བས་གྲུབ་པའི་སློབ་ཁང་འདིའི་ནང་དུ
ཤིང་གིས་བཟོས་པའི་ཅ་ལག་དག་ཕན་ཚུན་འཐབ་ཅིང་རྩོད
སྒོ་སམ་གྱི་ངོས་སུ་ཤིང་ཕྲན་སྣ་ཚོགས་ཀྱི་ནགས་ཚལ་རྒྱས
ཕྱི་རོལ་གྱི་བྱ་བྱེའུ་དག་ནགས་ཚལ་གྱི་ཕྱོགས་སུ་འཕུར་རྩིས་བྱས
མི་ཞིག་གིས་ནགས་ཚལ་དུ་སྡོང་བོ་མང་བོ་བཅད
ཅ་ལག་ཀྱང་མང་བོ་ཞིག་བཟོས
2014/3/27
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།