ཤིང་གི་མལ་ཁྲི་ཞིག་ཉོས་པ།༼ ཞར་བཀོད་གཉིས་ཡོད ༽

ཨ་རིག་རྗེན་པ།༼ཁྲིན་ཏུའུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-07-15

བདག་གིས་གྲོང་ཁྱེར་གྱི་ཁང་བའི་བརྩེགས་པའི་ཁུག་ན་འདུག་ཁང་ཞིག་གཡར་ཡོད
བགྲེས་པོ་ཞིག་དང་ཁྱི་གུ་ཞིག་གིས་ཀྱང་ང་ཡི་གན་ན་ཁང་མིག་ཅིག་གཡར་ཡོད
སྲང་ལམ་འདིའི་གློག་འོད་ཀྱིས་མཚན་མོ་མང་ཚད་ཅིག་རིང་བོར་འཁེལ་ཡང
ང་དང་ཁྱི་གུ་དང་བགྲེས་པོ་གསུམ་སུན་པོར་བཟོས་མི་འགྲོ

ཟླ་མཇུག་རེ་རེར་ཁང་བདག་མས་ལག་པ་ཐག་རིང་ནས་ངའི་སར་བསྲིངས་ནས
ཁྱི་གུ་དང་བགྲེས་པོའི་སར་བསྲིངས་ནས
རང་གིས་ཀྱང་ཁྱི་གུ་ཞིག་གསོ་འདོད་པ་མདང་གི་རྨི་ལམ་ལ་རྨིས་པ་ཞུས་ཤིང
ནམ་སྨད་ལ་ར་བཟི་བ་ཞིག་འོང་ནས་འདུག་ཁང་གཡོར་དུས
ཁང་མིག་འདི་དག་རྨི་ལམ་གྱིས་བསླད་འགྲོ་བའང་ཞུས་བྱུང
 
ང་ཡི་རྨི་ལམ་རས་ཕད་ནག་པོ་ཞིག་གི་ཁུད་ལ་གཅུད་ཡོད
ང་ཡི་རྨི་ལམ་སུ་ཡི་གསང་བ་ཞུ་སའི་ནམ་མཁའ་ལ་འབྱར་ཡོད
ང་ཡི་རྨི་ལམ་མི་ཚོས་འདོད་པས་ཟེད་པའི་སྙིམ་པར་བསྐྱུགས་ཡོད
ང་ཡི་རྨི་ལམ་སུ་ཞིག་ཁེར་བུར་སྡོད་དུས་བཞད་གད་འཆོར་བའི་འཁྲབ་སྟོན་རིགས་ཤིག
ང་ཡི་རྨི་ལམ་ང་ཡི་འདུག་ཁང་གི་རྩིག་ངོས་སུ
གཟེར་རྡེའུ་རིང་བོ་རིང་བོ་འགས་དམ་པོ་དམ་པོར་བརྡབས་ཡོད་པས
ང་ཡི་རྨི་ལམ་མེང་ནཱ་ལི་སའི་འཛུམ་མདངས་ལྟར་མཁྲེགས་པོར་གྱུར་ཡོད
 
ནམ་ཞིག་ཙག་བསེར་སྡོམ་པོ་ཞིག་གིས་ང་ཡི་གདོང་བར་རྡེག་རྒྱུ་བྱུང་ན
ཤིང་གི་མལ་ཁྲི་ཞིག་ཉོས་ནས་དགུན་རོལ་བར་ལྡོག་འགྲོ
ང་ཡི་རྨི་ལམ་ཁ་བ་དང་ལྷན་དུ་ཁྱེད་ཀྱི་རི་བོར་ལྷུང་ངེས།
                       ༢༠༡༣/༡༠/༢༩ ཉིན།
  མཆན། མེང་ནཱ་ལི་ས(Mona Lisa)ནི་ནུབ་གླིང་གི་རིག་རྩལ་བསྐྱར་དར་སྐབས་ཀྱི་གྲགས་ཆོད་པའི་སྒྱུ་རྩལ་བ་ཏཱ་བིན་ཁི(DaVinci)ཡི་བརྩམས་ཆོས་ཤིག་ཡིན་ལ།ད་ལྟ་ཧྥ་རན་སུའི་ལིའུ་བིར་ཕོ་བྲང(Louvre Museum)གི་རྩིག་ངོས་གང་ཞིག་ཏུ་ཐུར་དཔྱངས་ནས་ཡོད། 
                         
           ཁང་མིག་སྟོང་བའི་ནང་གི་རྨི་ལམ།
                                                                   
རི་དྭགས་གླེང་བར་སྤྲོ་བའི་མི་ཞིག་དང་ལྷན་དུ་ཉིན་ཞག་གསུམ་བསྐྱས
ཁོས་ཤྭ་བ་ཞིག་དང་དོམ་དྲེད་ཞིག་དང་ཁྭ་ཏ་ཞིག
ད་དུང་ཉི་མར་སྡང་བའི་མེ་ཏོག་ནག་པོ་ཞིག་བཅས་ནགས་ཚལ་ཞིག་ལ་བསྐངས
དེ་ནས་ནམ་མཁའ་ཞིག་ལ་སྤྲིན་པ་དཀར་ནག་གཉིས་བསྲེས
སྦྲུམ་མ་ཞིག་གཅེར་བུར་ཕུད་ནས་སྡོང་སྐམ་ཞིག་ལ་དམ་དུ་བཅུག
ཁོས་ནགས་ཚལ་དང་སྤྲིན་པ་འཁྲིག་པའི་ནམ་མཁའི་ཁུད་ལ
སྡིགས་པ་ཡི་གད་མོ་བགད  ཨུ་ཚུགས་ཀྱི་དངན་པ་རིང་མོ་ཞིག་ཕྱུང
ཁོས་རང་གི་གདོང་བར་དམར་ཐིག་ཅིག་ཕབ་ནས་ང་ལ་འཆི་བ་གླེང
འཆི་བ་ནི་རྨི་ལམ་ཁྲོད་ནས་ལག་པ་ཞིག་ཚུར་བསྲིངས་འོང་པ་དང་འདྲ
ཚུར་བསྲིངས་ནས་ང་ལ་གཡབ་མོ་ཐེངས་མང་ཞུ་བ་ལྟ་བུ
འཆི་བ་ནི་ང་ཡི་རྨི་ལམ་གྱི་སྟོང་བའི་ལག་པ་འདི་དག་དང་ཤིན་ཏུ་འདྲ
 
རྨི་ལམ་གྱི་མི་དང་རི་དྭགས་དང་རྩི་ཤིང་མཐའ་དག་གཅེར་བུར་བུད་ཅིང
འདོད་པས་སྲེད་པའི་ཡལ་ག་དག་ང་ཡི་ཕྱོགས་སུ་རབ་རིབ་འགུལ
ཤིང་གི་མི་ཞིག་ང་ཡི་མདུན་སར་འགྲེང་ནས་ང་ལ་བཞད་གད་སློང
ང་ཡི་ཁང་མིག་གྲུ་བཞི་འདིའང་རྨི་ལམ་རིགས་མི་འདྲ་བ་མང་བོས་གཏམས
མེ་ལོང་ལ་བལྟ་དུས་བརྙན་དག་དུམ་བུར་གས་ཤིང་སྟོང་བར་ཟགས་འགྲོ
ང་རང་བེམ་པོ་དང་ཤེས་པ་གཉིས་སུ་གྱེས་ཤིང་སྐྱེ་བོ་གཉིས་ལ་ཆགས
ལག་པས་བཏུམས་པའི་གདོང་བ་འདི་སུ་ལའང་མི་དབང་བ་སོགས་རྨིས
འཕྲུལ་བས་སྦུབས་པའི་མི་ཞིག་ཀྱང་ཟློས་ཀྱིས་ང་ཡི་རྨི་ལམ་ལ་འཁོར་འོང
 
ཉི་མ་དེ་ལྟར་བཟོད་མི་ཚུགས་པའི་ཚ་བོ་འདུག་དུས
མི་རྣམས་རང་སོའི་གྲིབ་གཟུགས་འོག་སྦ་གང་ཐུབ་བྱེད
ང་ཡི་སྙན་ངག་ཅིག་གི་བླ་ནི་ཉི་མས་འཚིག་གིན་པ་དེའོ།།
                   2014/3/12
                   2014/4/12
                   2014/4/26
 
          འཚོ་བ་དཀྱུས་མ་ཞིག་དང་དེའི་ཁྲོད་ཀྱི་ཟུག་གཟེར་ལྷག་པ་དག
 
ནམ་སྨད་ལ་ང་རང་ཅི་བྱ་གཏོལ་མེད་ངང་ལུས་པ་ཁྱེད་ལ་བཤད་འདོད་ནས
འདུག་ཤག་གི་སྟོང་བའི་མཁའ་དབུགས་ཁྲོད་ལག་སྙོབས་བྱས
རྨི་ལམ་འཁྲུག་པའི་མཚན་མོ་ཞིག་ལ་སུ་ཡི་གཟུགས་སྣང་རབ་རིབ་ཅིག
ང་ཡི་མཐོང་ལམ་དུ་ཡང་ཡང་མངོན་འོངས
གློ་བུར་མི་ཞིག་དྲན་པ་ཁྱེད་ལ་བཤད་པར་རྩོམ་དུས་དེའང་བརྗེད་དུ་བོར
ང་རང་ཞེད་པས་ཐག་རིང་ལ་བདས་ནས་ཁྱེད་ཀྱི་ཉེ་སར་ཐོན་ཞིང
དགུན་ཁའི་འུག་པ་དག་ཀྱང་ང་ཡི་ཁང་ལེབ་འདིའི་སྒང་ལ་བུད་ནས
ཀུ་ཅོ་དང་སྡུག་ཡུས་ཀྱི་ཨག་ཞག་འཕེན
 
ང་ཡི་ཉེ་འགྲམ་གྱི་མི་དག་ནི་དུས་ཁེལ་བའི་འཕྲུལ་ཆས་ཤིག་དང་ཤིན་ཏུ་འདྲ
ཐ་གུ་རེའི་སྣེ་མོར་དཔྱངས་པ་ལྟ་བུའི་གདོང་བའི་ཚོགས་ནི་ང་ལ་གཟས་འོང་བ་ལྟར་སྣང
ནངས་མོ་རེ་རེར་ལྕགས་སྒམ་གྲུ་བཞི་ཞིག་ལ་ཅ་ལག་བཞིན་འཚང་གིན
བྲེལ་ཟིང་གི་ཚེར་མ་དག་རབ་ཏུ་འཛིང་བའི་ཁུག་ལ་ཡིབ་འགྲོ
ཆ་མེད་པའི་མི་མང་བོ་ཞིག་དང་ངོ་ཤེས་མཐུན་རྗེས
ང་རང་ཁོ་ཚོའི་འཕྲུལ་བའི་ཁྲོད་ཀྱི་རི་དྭགས་ཤིག་ཡིན་ན་བསམ་བྱུང
རྩིག་པའི་ངོས་སུ་འབྱར་བའི་འབག་སྐུ་དེ་དག་ཀྱང་ཡིན་སྲིད
ང་རང་ཞར་བ་ཞིག་ཡིན་སྲིད་ལ་འོན་པ་ཞིག་ཀྱང་ཡིན་ངེས
དོན་དམ་ང་ནི་འཁོས་ཀ་ཞན་པའི་སྣུམ་མཚོན་རི་མོ་དེའི་ནང་གི་མི་ཞིག་ཡིན
ཉིན་མོའི་དུས་སུMarina Abramovicནང་བཞིན་གཅེར་བུར་མི་ཚོགས་ཀྱི་ཁུད་ལ་འགྲེང་ཡོད
 
སྤྲིན་པ་ནད་པ་དག་ཡར་བཏེགས་པའི་སོ་ཕག་དང་ཤེལ་ལེབ་བརྩེགས་པའི་ཁུག་ཏུ
སྡིག་པ་ར་ཙ་དང་སྐྱག་སྦྲང་དང་ཁྭ་ཏའི་ཚོགས་ལ་འཁྲབ་སྟོན་འབུལ་མཁན་དེའང་ངའོ༎
 
                            2013/12/18
                            2014/4/26
             Marina Abramovicནི་ཡོབ་གླིང་གི་ཡོའུ་གྷོ་སུ་ལ་ཝེ་འ(Yugoslavia)ཡི་མི་ཡིན་ལ།འཛམ་གླིང་སྒང་ལ་གྲགས་པ་འབར་བའི་སྒྱུ་རྩལ་པ་ཞིག
 
      (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཤིང་གི་མལ་ཁྲི་ཞིག་ཉོས་པ།༼ ཞར་བཀོད་གཉིས་ཡོད ༽

2014-07-15 ཨ་རིག་རྗེན་པ།༼ཁྲིན་ཏུའུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།