དམ་པ་ཞིག་ཕེབས་ཤུལ་ཏུ།

ལྷིང་འཇགས་ཀྱི་ཞོགས་པ་ཞིག་བསུ་ལ་ཉེ་དུས
ཆབ་འགག་གི་གཡུལ་ས་ནས་ལོ་ན་སོན་ཅིང
བཙན་པོའི་ཕ་ཁྱིམ་ནས་བྱོལ་བའི་དཔའ་རྒོད་ཁེར་རྐྱང་ཞིག
རྣམ་ཤེས་ཤིག་ལས་ཅི་ཡང་མི་ཐར་བའི་གནས་གཞན་ཞིག་ཏུ་བུད་ཐལ་ཟེར

ཉིས་མདོ་ཞིག་ན་འཁོར་བ་བཟུང་བའི་སྤྱི་ཚོགས
"གང་དུ་འགྲོའམ"ཞེས་པའི་དྲི་བ་དེའི་སྐྱིབས་ནས་འབྲོ་ཐབས་མེད་ཚེ
མཛུབ་མགོ་ན་རང་དབང་གི་ས་ཁྲ་བཀྲ་བའི་སྒྲོན་མེ་ཁྱེད
ལག་བརྡ་ཐེངས་གཅིག་དང    གྱེས་ཚིག་འབྲུ་གཅིག་ཀྱང་མ་བཞག་སྟེ
བློས་བསླངས་ཀྱི་འཇིག་རྟེན་གཞན་ཞིག་ཏུ་ཕྱིན་སོང་ན
དྲི་བའི་སྐྱིབས་ན་ལྷག་པའི་སྤྱི་ཚོགས་དེས་ཐབ་ཚང་གང་ནས་རྙེད

བགྲེས་པོ་ཕུན་ཚོགས་དབང་རྒྱལ    ཁྱེད་ཀྱི་ཤུལ་ན
མིག་ཆུ་རྡོ་རུ་གྱུར་པའི་སྦྲ་ནག་པའི་དམྱལ་ཁམས་ལྷག་ཡོད
སྒྱོགས་མདེལ་དང་གོ་ཁྲབ་ཀྱིས་སྤྲས་པའི་མྱ་ངམ་གྱི་ཐང་ཆེན་ཞིག་ཀྱང་ལུས་འདུག

བགྲེས་པོ་ལགས    དེ་རིང་ཁྱེད་ཉིད་དྲན་ཚེ
ཁུ་བྱུག་གི་གྲེ་འགྱུར་དང    བསིལ་རླུང་གི་འཇམ་ཤ་གླན་ཡང
ཁ་བྱང་འདོགས་མི་ཤེས་པའི་འཁོས་ཞན་གྱི་ཚོར་སྣང་ཞིག་ལས་ཅི་ཡང་མ་ཚོར
དེ་ནི་ཁྱེད་ཀྱི་ཐུ་སྣེ་ན་རྨི་ལམ་གྱི་ཞིང་ཁམས་འཚོལ་དྲགས་པས་ཨེ་ཡིན་ནམ

མནར་གཅོད་ཀྱི་གོ་རིམ་ཁྲོད་ཉུལ་ཙམ་ཉུལ་ཙམ་བྱེད་ན
འཇིག་རྟེན་འདིའི་ངོ་གདོང་གི་ཁ་དོག་དང་དབྱིབས་གཟུགས
གཏན་ཁེལ་མེད་པའི་བརླན་ཞད་ཅན་ཞིག་ལས
གློ་བ་གཏད་སའི་ཚངས་ཐིག་ཅིག་ལོན་མེད་པས
ཁྱེད་ཀྱིས    རང་ཉིད་དེ་ལྟར་དུ་དོར་ནས་ཆས་སོང་ན་ཞེ་བདེའམ

གང་ལྟར    ཡོད་ཚད་འཕྱིས་ཚར་བས
ལུས་ཀྱི་ཚ་སྨུག་མ་འཇམ་པའི་སྐད་ཆ་དག་བཤད་ནས་ཅི་བྱེད
ཙག་ངར་དང་འདྲ་བའི་གཅོང་ནད་ཀྱི་ལག་མཐིལ་ནས
བདག་གིས"དལ་མོར་ཕེབས    བག་ཡངས་མཛོད"ཅེས་གྱེར་བ་ལས་གཞན་ཞིག་ཤོད་མ་སོང
དགོངས་དག་ཞུ
   ༢༠༡༤/༣/༣༠ཉིན་མཁས་རྒན་འབའ་བ་ཕུན་དབང་ལགས་ཕ་རོལ་ཏུ་ཆས་སོང་བ་ཐོས་ཚེ་མིག་ཆུ་ཞིག་དང་མཉམ་དུ་འདི་འདྲ་ཞིག་སོར་རྩེ་ནས་ཐལ།

               (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དམ་པ་ཞིག་ཕེབས་ཤུལ་ཏུ།

2014-07-07 འོད་འཛིན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།