གྲྭ་བ།

ཁྱོད་ལམ་ལ་ཆས་པའི་ཉིན་མོ་དེ་ནས་བཟུང
བུད་མེད་ཞིག་བསད་པའི་ཉེས་པ་བསགས་ཡོད
ཡིན་ནའང་ཁྱོད་རི་ལ་སྙེག་པའི་ལོ་ཟླའི་ནང
འདུ་ཁང་ཞིག་བཞེངས་པའི་དགེ་བ་འགྲུབ་ཡོད
 
འཇིག་རྟེན་ནི་མི་རྟག་པ
སངས་རྒྱས་ཀྱིས་ཐོག་དང་པོར་དེ་ལྟར་གསུང
ཁྱོད་ཀྱང་མི་རྟག་པ
ཆོས་ཉིད་ཀྱིས་ཐེངས་དུ་མར་དེ་ལྟར་བསྟན
ཐལ་ལྕག་ལ་ཐལ་ལྕག་གཞུས་ནས
ཁྱོས་ཀྱང་དེ་ལྟར་བོས
 
ཁྱོད་ནི་མེ་ཏོག་ལྟར་བཞད་ཅིང
སླར་ཡང་མེ་ཏོག་ལྟར་རྒུད་ཀྱིན་འདུག
ཁྱོད་ནི་འཇའ་ཚོན་ལྟར་བཀྲ་ཞིང
སླར་ཡང་འཇའ་ཚོན་ལྟར་ཡལ་གྱིན་འདུག
 
ཁྱེད་ཀྱི་ལས་སྐལ་ནི་ལུང་པ་ཁེར་རྐྱང་ཞིག་གི་དར་ལྕོག་གམ
ཁྱེད་ཀྱི་ཁ་དོག་ནི་ཟིན་བྲིས་རྫོགས་མེད་ཅིག་གི་བརྗོད་བྱ་ཉིད
གལ་ཏེ་ཡོད་ཚོད་དེབ་ཐེར་ལ་གྲུབ་རྗེས
སུ་ཞིག་གིས་སླར་ཡང་ཁྱོད་ཁོ་ན་གླེང་ཤིང
ཁྱོད་ཁོ་ན་བསྔོག་དགོས་ཨང
བདེན་དོན་བརྗོད་མཁན་གྱི་མི་རབས་འདིས
ཐ་ན་མི་ཡུལ་ལ་ནག་ཉེས་ཙམ་ཡང་འཇོག་ཐུབ་ཀིན་མི་འདུག
 
རང་དབང་ནི་འོད་སྣང་ལས་རྙེད་ཐུབ་ཅིང
སྨག་རིམ་དུ་ཅི་ཡང་སྣང་མི་ཐུབ
ཚེ་སྲོག་གིས་སྦར་བའི་མེ་ལྕེ་དང་མིག་ཆུ
གཤེར་ཞིང་བརླན་བྲལ་བའི་དེ་རིང
སྐམ་ནས་རྩི་ཡལ་བའི་ད་ལྟ
ཡོད་ཚད་བརྗེད་ཟིན་པ་དེ
ད་གཟོད་ནག་ཉེས་ཞེས་ཐང་རྙེད་ཀྱིས་བོས
 
ཁྱོད་ནི་ལན་རེར་དཀར་པོ་རུས་ལ་ཞེན་ཅིང
ཁྱོད་ནི་སྐབས་རེར་དམར་པོ་མེ་ལ་ཡལ
ལས་དབང་གིས་རྟག་ཏུ་ཡལ་བར་དོར་ཅིང
རྣམ་ཤེས་ཀྱི་རོལ་དབྱངས་ལས
ཚེ་སྲོག་གི་བདེན་པ་བརྡར
ཡིན་ནའང
ཁྱོད་ནམ་ཡང་ཁེར་རྐྱང་ཡིན་པ་ནང་བཞིན
བདེན་དོན་ཡང་དེ་བཞིན་ཉིད
 
མང་པོས་ཁྱེད་ཀྱི་དགྲ་བོ་བུད་མེད་ཞིག་ཏུ་འདོད་ཅིང
དུས་རྟག་ཏུ་ཁྱེད་ཀྱིས་མ་རིག་པ་ཞེས་བསྙད
 
ཁྱོད་ནི་མཁས་དབང་ཚོའི་སྨྲ་ལྕེ་རུ་འཇའ་ཚོན་ཡིན་ལ་འཁྱོག་པོའང་ཡིན
ཁྱོད་ནི་སྨྱུག་ཐོགས་ཚོའི་ཟིན་བྲིས་སུ་ཟུར་ཟ་ཡིན་ལ་བསྟོད་བསྔགས་ཡང་ཡིན
 
མི་མང་པོས་ཁྱོད་ལ་ཉོན་མོངས་ཡོད་པ་ནི་ནག་ཉེས་སུ་བོས་ཀྱང
དོན་དངོས་སུ་ཁྱོད་ཀྱི་ཉོན་མོངས་ཀུན་ལས་བརྒལ་ན་འོས
གལ་ཏེ་དེ་ལྟར་མིན་ན་ཁྱེད་ཀྱི་གདོང་གཏད་ཡུལ་ལ་དོན་སྙིང་ཅི་ཞིག་ཡོད་དམ
 
ལས་སྐལ་གྱི་ཁ་དོག་ཡལ་ལ་ཉེ་དུས
མིའི་རིགས་ཀྱིས་སུ་ལའང་ངན་ཁེག་མ་འགེལ་རོགས
རང་ཉིད་ནས་འགོ་བརྩམས་པ་མཐའ་དག
རང་ཉིད་ཀྱིས་མཇུག་བསྡུས་པ་ཙམ་ཡིན
                         ༢༠༡༤ ༡  ༣ཞོགས་པར།

      (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲྭ་བ།

2014-06-01 དཀར་དམར། ཀློག་གྲངས། མཆན ཡོད།

ཁྱོད་ལམ་ལ་ཆས་པའི་ཉིན་མོ་དེ་ནས་བཟུང
བུད་མེད་ཞིག་བསད་པའི་ཉེས་པ་བསགས་ཡོད
ཡིན་ནའང་ཁྱོད་རི་ལ་སྙེག་པའི་ལོ་ཟླའི་ནང
འདུ་ཁང་ཞིག་བཞེངས་པའི་དགེ་བ་འགྲུབ་ཡོད
 
འཇིག་རྟེན་ནི་མི་རྟག་པ
སངས་རྒྱས་ཀྱིས་ཐོག་དང་པོར་དེ་ལྟར་གསུང
ཁྱོད་ཀྱང་མི་རྟག་པ
ཆོས་ཉིད་ཀྱིས་ཐེངས་དུ་མར་དེ་ལྟར་བསྟན
ཐལ་ལྕག་ལ་ཐལ་ལྕག་གཞུས་ནས
ཁྱོས་ཀྱང་དེ་ལྟར་བོས
 
ཁྱོད་ནི་མེ་ཏོག་ལྟར་བཞད་ཅིང
སླར་ཡང་མེ་ཏོག་ལྟར་རྒུད་ཀྱིན་འདུག
ཁྱོད་ནི་འཇའ་ཚོན་ལྟར་བཀྲ་ཞིང
སླར་ཡང་འཇའ་ཚོན་ལྟར་ཡལ་གྱིན་འདུག
 
ཁྱེད་ཀྱི་ལས་སྐལ་ནི་ལུང་པ་ཁེར་རྐྱང་ཞིག་གི་དར་ལྕོག་གམ
ཁྱེད་ཀྱི་ཁ་དོག་ནི་ཟིན་བྲིས་རྫོགས་མེད་ཅིག་གི་བརྗོད་བྱ་ཉིད
གལ་ཏེ་ཡོད་ཚོད་དེབ་ཐེར་ལ་གྲུབ་རྗེས
སུ་ཞིག་གིས་སླར་ཡང་ཁྱོད་ཁོ་ན་གླེང་ཤིང
ཁྱོད་ཁོ་ན་བསྔོག་དགོས་ཨང
བདེན་དོན་བརྗོད་མཁན་གྱི་མི་རབས་འདིས
ཐ་ན་མི་ཡུལ་ལ་ནག་ཉེས་ཙམ་ཡང་འཇོག་ཐུབ་ཀིན་མི་འདུག
 
རང་དབང་ནི་འོད་སྣང་ལས་རྙེད་ཐུབ་ཅིང
སྨག་རིམ་དུ་ཅི་ཡང་སྣང་མི་ཐུབ
ཚེ་སྲོག་གིས་སྦར་བའི་མེ་ལྕེ་དང་མིག་ཆུ
གཤེར་ཞིང་བརླན་བྲལ་བའི་དེ་རིང
སྐམ་ནས་རྩི་ཡལ་བའི་ད་ལྟ
ཡོད་ཚད་བརྗེད་ཟིན་པ་དེ
ད་གཟོད་ནག་ཉེས་ཞེས་ཐང་རྙེད་ཀྱིས་བོས
 
ཁྱོད་ནི་ལན་རེར་དཀར་པོ་རུས་ལ་ཞེན་ཅིང
ཁྱོད་ནི་སྐབས་རེར་དམར་པོ་མེ་ལ་ཡལ
ལས་དབང་གིས་རྟག་ཏུ་ཡལ་བར་དོར་ཅིང
རྣམ་ཤེས་ཀྱི་རོལ་དབྱངས་ལས
ཚེ་སྲོག་གི་བདེན་པ་བརྡར
ཡིན་ནའང
ཁྱོད་ནམ་ཡང་ཁེར་རྐྱང་ཡིན་པ་ནང་བཞིན
བདེན་དོན་ཡང་དེ་བཞིན་ཉིད
 
མང་པོས་ཁྱེད་ཀྱི་དགྲ་བོ་བུད་མེད་ཞིག་ཏུ་འདོད་ཅིང
དུས་རྟག་ཏུ་ཁྱེད་ཀྱིས་མ་རིག་པ་ཞེས་བསྙད
 
ཁྱོད་ནི་མཁས་དབང་ཚོའི་སྨྲ་ལྕེ་རུ་འཇའ་ཚོན་ཡིན་ལ་འཁྱོག་པོའང་ཡིན
ཁྱོད་ནི་སྨྱུག་ཐོགས་ཚོའི་ཟིན་བྲིས་སུ་ཟུར་ཟ་ཡིན་ལ་བསྟོད་བསྔགས་ཡང་ཡིན
 
མི་མང་པོས་ཁྱོད་ལ་ཉོན་མོངས་ཡོད་པ་ནི་ནག་ཉེས་སུ་བོས་ཀྱང
དོན་དངོས་སུ་ཁྱོད་ཀྱི་ཉོན་མོངས་ཀུན་ལས་བརྒལ་ན་འོས
གལ་ཏེ་དེ་ལྟར་མིན་ན་ཁྱེད་ཀྱི་གདོང་གཏད་ཡུལ་ལ་དོན་སྙིང་ཅི་ཞིག་ཡོད་དམ
 
ལས་སྐལ་གྱི་ཁ་དོག་ཡལ་ལ་ཉེ་དུས
མིའི་རིགས་ཀྱིས་སུ་ལའང་ངན་ཁེག་མ་འགེལ་རོགས
རང་ཉིད་ནས་འགོ་བརྩམས་པ་མཐའ་དག
རང་ཉིད་ཀྱིས་མཇུག་བསྡུས་པ་ཙམ་ཡིན
                         ༢༠༡༤ ༡  ༣ཞོགས་པར།

      (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།