ཉི་མ་མི་མཐོང་བའི་དུས་སུ།


དོ་ནུབ་ཟླ་བ་ཆུ་ནང་དུ་ལྷུང་འདུག
སྐབས་དེ་དུས་ང་རང་ནམ་མཁའ་རུ་ཡོད
ནམ་མཁའི་ཀ་བ་ལྟ་བུའི་རྩྭ་རྐང་གཅིག་གི་འགུལ་ཙམ་གྱིས
རླུང་བུས་ངའི་རྨི་ལམ་ནང་གི་ཟླ་བ་གཏོར་སོང
ལུག་ཁྱུས་འཁུན་སྒྲ་མི་ཚོར་བའི་སྐབས་སུ
ཟླ་བ་ཡང་བསྐྱར་མཚོ་ཁ་རུ་ལྷུང་ངམ
ངས་རང་གི་རྨི་ལམ་གྱི་ཆག་རོ་ལ་རོལ་ན་མི་འདོད
ང་རང་ལུག་ཁྱུ་འདིའི་བདག་པོ་ཡིན
གནམ་སའི་རང་དབང་གི་ངོ་བོ་རྨི་ལམ་ལས་རོལ་ཆོག
རྨི་ལམ་འཇིག་རྟེན་དུ་གྲུབ་པའི་ཉིན་མོ་དེ་ནས
ང་རང་ཉི་འོད་ལས་རིང་དུ་འགྲོ་མཁན་དེ་ཁོ་ནའོ
       ༢༠༡༤/༡/༡༥ཉིན་དབུས་སུ་གྲུབ།

    (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་མ་མི་མཐོང་བའི་དུས་སུ།

2014-05-19 ས་དམར་གྲགས་པ། ཀློག་གྲངས། མཆན ཡོད།


དོ་ནུབ་ཟླ་བ་ཆུ་ནང་དུ་ལྷུང་འདུག
སྐབས་དེ་དུས་ང་རང་ནམ་མཁའ་རུ་ཡོད
ནམ་མཁའི་ཀ་བ་ལྟ་བུའི་རྩྭ་རྐང་གཅིག་གི་འགུལ་ཙམ་གྱིས
རླུང་བུས་ངའི་རྨི་ལམ་ནང་གི་ཟླ་བ་གཏོར་སོང
ལུག་ཁྱུས་འཁུན་སྒྲ་མི་ཚོར་བའི་སྐབས་སུ
ཟླ་བ་ཡང་བསྐྱར་མཚོ་ཁ་རུ་ལྷུང་ངམ
ངས་རང་གི་རྨི་ལམ་གྱི་ཆག་རོ་ལ་རོལ་ན་མི་འདོད
ང་རང་ལུག་ཁྱུ་འདིའི་བདག་པོ་ཡིན
གནམ་སའི་རང་དབང་གི་ངོ་བོ་རྨི་ལམ་ལས་རོལ་ཆོག
རྨི་ལམ་འཇིག་རྟེན་དུ་གྲུབ་པའི་ཉིན་མོ་དེ་ནས
ང་རང་ཉི་འོད་ལས་རིང་དུ་འགྲོ་མཁན་དེ་ཁོ་ནའོ
       ༢༠༡༤/༡/༡༥ཉིན་དབུས་སུ་གྲུབ།

    (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།