༢༠༡༣ལོའི་ཆེས་མཐའ་མཇུག་གི་དགོང་མོ་འདི་ལ།
ཟླ་བ་མེད་པའི་མཚན་མོ་ཞིག
བཞི་མདོ་དང་འདྲ་བའི་ཉག་ག་གང་ནས་བཞུར་འགོ་བརྩམས
ང་ཚོད་ཚོད་ལ་བྲེལ་འཚུབ་ལངས
བཞི་མདོ་ལ་ཐོན་པའི་སྣང་བ་ཞིག་ཕྱི་ནས་ནང་ལ་འཚང་བྱུང
འོ་ཇ་དཀར་ཡོལ་གང་འཐུང་ནས་ཚར
ད་ནི་དགོང་མོའི་དུས་ཚོད་བརྒྱད་དང་ཕྱེད་ཀ་རེད་འདུག
རྟ་ཕོ་གང་གི་འཚེར་སྐད་རི་ལུང་ལ་ཁྱབ་ཡོད
ངས་སུ་ཡང་དྲན་མི་སྲིད
རྒྱུ་མཚན་ནི
ང་སེམས་པའི་སྙིང་གི་ཕ་ཡུལ་ན་ཡོད་པས་སོ
སུ་ཞིག་ལ་སྨོན་འདུན་མཁོའམ
བཀྲ་ཤིས་བདེ་ལེགས་ཀྱི་ཁ་དར་དང
བྱ་བརྒྱ་ལེགས་འགྲུབ་ཀྱི་ཁ་གཡང་དག
ངས་མུན་ནག་གི་སེམས་ལ་བརྒྱུས་ནས་གནང་ཆོག
གོམ་སྒྲ་ཞིག་སྔར་ལས་ཇེ་མགྱོགས་ཡིན་པ་འདྲ
ཡང་ན་སྙིང་གི་འཕར་ལྡིང་ཡིན་འདུག
ང་སུ་ཞིག་གི་སུན་སྣང་དེ་ཡིན
བརྩེ་བ་ཕྱི་ཐུམ་ཅན་ཞིག
ཨ་ཅག་གཡུ་སྒྲོན་ལ་ལེགས་སྐྱེས་སུ་འབུལ་དགོས
ཁོ་མོར་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་ཡོད
ང་མཚན་མོ་འདི་བརྒལ་རྗེས
ཡང་བསྐྱར་གཙང་བོ་གང་ཞིག་ལ་བསྐྱལ་དགོས
གཙང་བོ་དེའི་སྣེ་ན་སུ་ཞིག་ལངས་ཡོད་དམ
མཚན་མོ་འདིའི་ཕྱི་ནང་གང་ཡིན
ངས་དེ་ལ་དབུ་ཁྱུད་ཅིག་དང་བདེ་མོ་ཞིག་འབྲི་འདོད
ང་མཚན་མོའི་མདའ་ཐིག་ན་ལངས་ཡོད
ཆེས་མཇུག་མཐའི་མཚན་མོའི་འདི་ལ
བསྡོམས་བརྩིས་ཤིག་བྱ་རན་ཨང
ཁྱོད་ལ་བསམ་གཞིགས་ཡོད་ཨེ་མྱོང
མཚན་མོ་འདིའི་ཕང་བའི་མྱི་ཡ
བླ་སྲོག་གིས་བྲིས་པ་ནི་སྙན་ངག་ཡིན་སྲིད་ཀྱང
བླ་སྲོག་གིས་བྲིས་པ་ཡང་ལོ་ཟླ་ཡིན་ཅི་ལ་མི་སྲིད
ང་ལ་གཉིད་མ་ཁུགས
༢༠༡༣ལོའི་ཆེས་མཇུག་མཐའི་དགོང་མོ་འདི་ལ
ཕ་ཡུལ་གྱི་བྲག་ཐེམ་ནས
ང་ལ་གཉིད་གཏན་ནས་མ་ཁུགས
ང་ལ་དྲན་པ་རབ་རིབ་གང་ཞིག་ཡོད་ཨང
ང་ཡི་ལང་ཚོ
གསེར་གྱི་གཤོག་པ
དངུལ་གྱི་གཤོག་པ
༢༠༡༣ ༡༢ ༣༠ཕ་ཡུལ་ནས།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།