གཤོག་པ་ལྗང་གུ

 

སྒེའུ་ཁུང་ལས་འཕུར་བའི་རྨི་ལམ་དེའི་རྗེས་སུ
ངས་རང་ལ་གཤོག་པ་ལྗང་གུ་ཞིག་བཟོས

ཤེལ་སྒོའི་ངོས་ནས་འཛར་བའི་རླངས་པའི་རྡུལ
ཉི་འོད་ཀྱི་སེམས་དང་མཛེས་སྡུག་གི་ཞོགས་པ
མེ་ལོང་ནང་ནས་ཚུར་ལ་མཆོངས་པའི་སེང་གེ་དང་སྟག
མི་ལོ་བརྒྱ་ལ་བདས་ཀྱང་རྗེས་མི་ཆོད་པའི་སྣང་བ་དམར་ནག
ཕྱོགས་སུ་མཆེད་པའི་སྐར་མ་ཞིག་ལྟར་ཡལ་རྗེས
མི་རྣམས་གྱང་ངོས་ཀྱི་ཡི་གེ་ལ་རབ་ཏུ་སུན་ཏེ
དགོས་མེད་ཀྱི་ཚོན་རྩི་སྣ་མང་ཞིག་རང་རང་གི་ཁང་བར་བྱུགས

ང་ཡིས གཤོག་པ་ལྗང་གུ་ཞིག་བྲིས་ཤིང
སྤྲིན་ཀྱི་འདབ་མ་ལ་རང་གི་སྒྲོ་མདོག་བརྡར་ཡང
ཁ་བ་འབབ་པའི་དུས་ཚུགས་ཀྱི་རུམ་ཁ་དེ་རུ
མེ་ཏོག་ཅིག་ཉམ་ཆུང་བའི་ངང་ནས་སུ་ལ་གྱེས་ཤིང
སྐྱོ་བ་དང་གདུང་བ་དང་སྡུག་པ་གང་གི་བར་གསེང་ནས
རང་གི་ཨག་སྐད་འདྲ་བ་ཞིག་མཚན་མོའི་འུག་ཚོགས་ལ་གཏད

མུན་པའི་ཡོལ་བ་དང་དེའི་ཁ་དོག་ནག་པོ
ཕྱེ་མ་ལེབ་ཀྱི་གཤོག་ལྷབ་ཀྱི་བར་ནས་རྙེད་ཅིང
ངོ་གདོང་སྲབ་མོ་དག་གི་ཕྱི་ནང་བར་གསུམ་དུ
གློག་འོད་ཅིག་བར་མེད་དུ་ཁྱབ་ཅིང
མཐོང་སྣང་དང་མྱོང་སྣང་མེད་པའི་ཐ་སྙད་ཀྱི་གཏིང་ན
རང་གི་གཤོག་པ་ལྗང་གུ་དེ་སྦས་ཡོད

དེ་ཡང་འཆི་བའི་དུས་དང་ཉི་ནུབ་ཀྱི་མཚམས་སུ
སྣང་བ་མེ་རུ་བསྒྲོན་པའི་གཏམ་རྒྱུད་ཀྱི་གཤོག་པ་ཡིན་པས
དམྱལ་ཁམས་དང་དག་ཞིང་གང་ལ་ལྷུང་ཡང
གཤོག་པ་ལྗང་གུ་ནི་རང་དབང་གི་མཚོན་རྟགས་ཤིག་ཡིན
ང་ཚོ་དེ་སྤྱད་ནས་འཚོ་བ་དང་ཕུགས་བསམ་ལ་གྱེས་ཆོག་ཨང
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཤོག་པ་ལྗང་གུ

2014-01-06 རྡོ།༼རྨ་ཆུ༽ ཀློག་གྲངས། མཆན ཡོད།

 

སྒེའུ་ཁུང་ལས་འཕུར་བའི་རྨི་ལམ་དེའི་རྗེས་སུ
ངས་རང་ལ་གཤོག་པ་ལྗང་གུ་ཞིག་བཟོས

ཤེལ་སྒོའི་ངོས་ནས་འཛར་བའི་རླངས་པའི་རྡུལ
ཉི་འོད་ཀྱི་སེམས་དང་མཛེས་སྡུག་གི་ཞོགས་པ
མེ་ལོང་ནང་ནས་ཚུར་ལ་མཆོངས་པའི་སེང་གེ་དང་སྟག
མི་ལོ་བརྒྱ་ལ་བདས་ཀྱང་རྗེས་མི་ཆོད་པའི་སྣང་བ་དམར་ནག
ཕྱོགས་སུ་མཆེད་པའི་སྐར་མ་ཞིག་ལྟར་ཡལ་རྗེས
མི་རྣམས་གྱང་ངོས་ཀྱི་ཡི་གེ་ལ་རབ་ཏུ་སུན་ཏེ
དགོས་མེད་ཀྱི་ཚོན་རྩི་སྣ་མང་ཞིག་རང་རང་གི་ཁང་བར་བྱུགས

ང་ཡིས གཤོག་པ་ལྗང་གུ་ཞིག་བྲིས་ཤིང
སྤྲིན་ཀྱི་འདབ་མ་ལ་རང་གི་སྒྲོ་མདོག་བརྡར་ཡང
ཁ་བ་འབབ་པའི་དུས་ཚུགས་ཀྱི་རུམ་ཁ་དེ་རུ
མེ་ཏོག་ཅིག་ཉམ་ཆུང་བའི་ངང་ནས་སུ་ལ་གྱེས་ཤིང
སྐྱོ་བ་དང་གདུང་བ་དང་སྡུག་པ་གང་གི་བར་གསེང་ནས
རང་གི་ཨག་སྐད་འདྲ་བ་ཞིག་མཚན་མོའི་འུག་ཚོགས་ལ་གཏད

མུན་པའི་ཡོལ་བ་དང་དེའི་ཁ་དོག་ནག་པོ
ཕྱེ་མ་ལེབ་ཀྱི་གཤོག་ལྷབ་ཀྱི་བར་ནས་རྙེད་ཅིང
ངོ་གདོང་སྲབ་མོ་དག་གི་ཕྱི་ནང་བར་གསུམ་དུ
གློག་འོད་ཅིག་བར་མེད་དུ་ཁྱབ་ཅིང
མཐོང་སྣང་དང་མྱོང་སྣང་མེད་པའི་ཐ་སྙད་ཀྱི་གཏིང་ན
རང་གི་གཤོག་པ་ལྗང་གུ་དེ་སྦས་ཡོད

དེ་ཡང་འཆི་བའི་དུས་དང་ཉི་ནུབ་ཀྱི་མཚམས་སུ
སྣང་བ་མེ་རུ་བསྒྲོན་པའི་གཏམ་རྒྱུད་ཀྱི་གཤོག་པ་ཡིན་པས
དམྱལ་ཁམས་དང་དག་ཞིང་གང་ལ་ལྷུང་ཡང
གཤོག་པ་ལྗང་གུ་ནི་རང་དབང་གི་མཚོན་རྟགས་ཤིག་ཡིན
ང་ཚོ་དེ་སྤྱད་ནས་འཚོ་བ་དང་ཕུགས་བསམ་ལ་གྱེས་ཆོག་ཨང
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།