ཁྱོད་དྲན་པའི་ཉིན་མོ།

 

 

ཞོགས་པའི་སྐྱ་རེངས་དང་པོའི་ཐུ་འོག་ནས།
ཁྱོད་དང་འུ་གཉིས་བར་གྱི་གཏམ་རྒྱུད་མཆེད་བྱུང་བས།
ཁྱོད་དྲན་པའི་ཉིན་མོ་རེ་རེར།
ངའི་ཡིད་སེམས་རྩ་བ་ནས་བདེ་མ་མྱོང་།
ཆེས་ཐོག་མའི་བཅོས་མིན་གྱི་འཛུམ་ཞལ་དེ་དང་།
ལྷད་མེད་ཀྱི་དགོད་སྒྲ་དེ་ཡིས།
ངའི་ཡིད་སེམས་ཁྱོད་ལ་འཁོར་ཞིང་།
ངའི་སྙན་ངག་གི་སྨྱུག་རྩེ་འདིའང་ཁྱོད་ལ་གཏད་པས།
འདི་ནི་འུ་གཉིས་བར་ལང་ཚོ་ཡི་བརྩེ་སྨིན་པའི་མགོ་སྣ་དེ་ཡིན་ལགས།
སྙིང་སྡུག་མ།
ངས་ཁྱོད་དྲན་བཞིན་འདུག།
ཁྱོད་ཉིད་ཀྱི་མིག་ཟུང་དྲན་བཞིན་འདུག
ལྷག་པར་དུ་ཁྱེད་ཉིད་ཀྱི་ཡིད་སེམས་དྲན་བཞིན་འདུག
ལོ་ཟླ་ཆུ་བོ་བཞིན་བཞུར་ཀྱང་།
གཙང་ངོགས་ན་མེ་ཏོག་བཞིན་འཚོ་བའི་ངའི་སེམས་པ།
ད་དུང་དུས་བཞིའི་འགྱུར་བག་ཁྲོད་ཇི་ལྟ་བུ་ཞིག་ཏུ་འགྱུར་བ་མི་སྣང་མོད།
ཡིན་ཡང་ངས་སང་ཉིན་གྱི་བདེ་སྐྱིད་དེར་རེ་སྒུག་བྱ་ངེས།
སྙིང་སྡུག་མ།
ཐག་རིང་ན་སྐར་ཆེན་བཞིན་འཚེར་བཞིན་འདུག་པས།
དོ་ནུབ་བདག་གིས་ཐེད་ཅིང་བོར་བའི་རྩམ་ཁུག་དེ་ཁུར་ནས།
ཁྱེད་ཀྱི་ཕྱོགས་ལ་གོམ་ཁ་བསྒྱུར་ངེས་ཡིན།
འགག་འཕྲང་དང་བྲག་རི་ཅི་ཡོད་རུང་།
ང་ལ་ཁྱེད་ལ་དགའ་བའི་བརྩེ་དུང་རྣལ་མ་ཞིག་ཡོད་ཕྱིར།
འཇིགས་པའི་སེམས་ནི་ཡེ་ནས་མེད་དོ

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་དྲན་པའི་ཉིན་མོ།

2014-01-02 ཆོས་རྒྱལ་སྐྱབས། ཀློག་གྲངས། མཆན ཡོད།

 

 

ཞོགས་པའི་སྐྱ་རེངས་དང་པོའི་ཐུ་འོག་ནས།
ཁྱོད་དང་འུ་གཉིས་བར་གྱི་གཏམ་རྒྱུད་མཆེད་བྱུང་བས།
ཁྱོད་དྲན་པའི་ཉིན་མོ་རེ་རེར།
ངའི་ཡིད་སེམས་རྩ་བ་ནས་བདེ་མ་མྱོང་།
ཆེས་ཐོག་མའི་བཅོས་མིན་གྱི་འཛུམ་ཞལ་དེ་དང་།
ལྷད་མེད་ཀྱི་དགོད་སྒྲ་དེ་ཡིས།
ངའི་ཡིད་སེམས་ཁྱོད་ལ་འཁོར་ཞིང་།
ངའི་སྙན་ངག་གི་སྨྱུག་རྩེ་འདིའང་ཁྱོད་ལ་གཏད་པས།
འདི་ནི་འུ་གཉིས་བར་ལང་ཚོ་ཡི་བརྩེ་སྨིན་པའི་མགོ་སྣ་དེ་ཡིན་ལགས།
སྙིང་སྡུག་མ།
ངས་ཁྱོད་དྲན་བཞིན་འདུག།
ཁྱོད་ཉིད་ཀྱི་མིག་ཟུང་དྲན་བཞིན་འདུག
ལྷག་པར་དུ་ཁྱེད་ཉིད་ཀྱི་ཡིད་སེམས་དྲན་བཞིན་འདུག
ལོ་ཟླ་ཆུ་བོ་བཞིན་བཞུར་ཀྱང་།
གཙང་ངོགས་ན་མེ་ཏོག་བཞིན་འཚོ་བའི་ངའི་སེམས་པ།
ད་དུང་དུས་བཞིའི་འགྱུར་བག་ཁྲོད་ཇི་ལྟ་བུ་ཞིག་ཏུ་འགྱུར་བ་མི་སྣང་མོད།
ཡིན་ཡང་ངས་སང་ཉིན་གྱི་བདེ་སྐྱིད་དེར་རེ་སྒུག་བྱ་ངེས།
སྙིང་སྡུག་མ།
ཐག་རིང་ན་སྐར་ཆེན་བཞིན་འཚེར་བཞིན་འདུག་པས།
དོ་ནུབ་བདག་གིས་ཐེད་ཅིང་བོར་བའི་རྩམ་ཁུག་དེ་ཁུར་ནས།
ཁྱེད་ཀྱི་ཕྱོགས་ལ་གོམ་ཁ་བསྒྱུར་ངེས་ཡིན།
འགག་འཕྲང་དང་བྲག་རི་ཅི་ཡོད་རུང་།
ང་ལ་ཁྱེད་ལ་དགའ་བའི་བརྩེ་དུང་རྣལ་མ་ཞིག་ཡོད་ཕྱིར།
འཇིགས་པའི་སེམས་ནི་ཡེ་ནས་མེད་དོ

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།