ཆང་འདི་ཡང་ཡང་མཆོད་པས།
མཆོད་མེ་སྟོང་ཕྲག་འབར་བའི་སྡོད་ཁང་གི་ཕྱི་རོལ་ནས
མི་ནག་གེའུ་ལགས་ལ་བརྩེ་སེམས་གློད་སྤྱད་ཀྱི་ཆང་འདི་ཡང་ཡང་མཆོད་པས
མཚན་མོ་སྟོང་ཕྲག་གི་ལྷིང་འཇགས་ཡོངས་སུ་དཀྲོགས
མཇེ་རུམ་ལ་བསྡུ་མཁན་གྱི་མི་ཚོགས་དེའང་ཕྱོགས་གཅིག་ཏུ་བསྡུས
མེ་ཏོག་ཀུན་འདུས་བཞད་པའི་རྨ་ཆུའི་སྤང་ཐང་ནས
གྲོགས་བདེན་སྙེགས་འབོད་པ་དེར་ཆང་འདི་ཡང་ཡང་མཆོད་པས
མི་སེམས་རྨས་མ་ཞིག་ལ་གཤགས་བཅོས་སླར་ཡང་བཏང
མོ་ལོ་བཅོ་བརྒྱད་ལོན་པའི་བུ་མོ་དེའང་ཆང་ཁང་ཞིག་ནས་རྙེད་ཐུབ་སོང
ཉི་འོད་དྲོ་འཁྱག་གང་རུང་གི་བར་ནས་ཁོམ་སྐབས་སུ
འདང་ཆེན་གྲོགས་པོ་དག་ལ་ཆང་འདི་ཡང་ཡང་མཆོད་པས
རྨི་ལམ་གྲངས་མེད་དུ་ཁོ་ཚོའི་བརྩེ་བ་གཞས་སུ་བླངས་ཡོད
༢༠༡༣་༡༠་༡༩ཉིན་རྨ་ཆུ་ནས།
རྩོམ་ཁུངས། ངེད་དྲ་བ།