ཁ་བ་བབས་འདུག༼ཞར་བཀོད་གཉིས་ཡོད༽

 

 

དེ་རིང་ཡང་ཁ་བ་བབ་འདུག
གྲང་ངར་ལ་དཔུང་ཤ་འཐབ་པའི་ང་ཚོ
དབེན་འཇགས་གེར་བསྡད་ནས
འཇིག་རྟེན་གཞན་ཞིག་བློས་བསླངས་བྱེད་བཞིན
ཙོག་པུར་གཉིད་ལབ་རྒྱག་གུན་འདུག

ཁ་བ་རླུང་གིས་སྤུར་འདུག
སྒོ་འགྲམ་དང་ལམ་གཞུང་དག་དུ
ད་དུང་ཁ་བ་སྐྱ་ཚུབ་ཚུབ་ཀྱིས་འབབ་ཀྱིན་འདུག
ང་རང་མེ་ཏོག་གི་ཚལ་ཆེན་ཉུལ་ནས
བརྩེ་བ་དག་རང་གི་སྙིང་ཁར་བཏུམས

གནས་དེར་ཁ་བ་གཞི་ནས་མི་འདུག
ང་ཡིས་གནས་དེར་མེ་ཏོག་གི་ས་བོན་ཞིག་བཏབ
འདས་པོ་ཚོ་མི་ཚེ་དུ་མར་འཁྲེང་བའི
མེ་ཏོག་གི་ཞིང་ཁམས་དེ
ངས་ཀྱང་རྨི་ལམ་ལྟར་མཐོང་ཙམ་བྱས
བར་དེར་ང་རང་འཁྱག་འདར་རྒྱག་གུན་འདུག

སྒོ་འགྲམ་ན་གཞན་པ་ཚོས
ཁ་བའི་མཐུག་ཚད་སོགས་གླེང་གིན་ཡོད
ཁོ་ཚོ་ཁ་བ་ལ་སྐྲག་དོན་མེད་ཀྱང
ཁ་བ་དེ་ཁོ་ཚོའི་བདེ་སྐྱིད་ཁོ་ན་མ་ཡིན་པས
ཉི་འོད་ལ་རེ་བས་ཁོ་ཚོ་དང་ངས
གྲང་ངར་ལ་འཐབ་ནས་གཞན་ཞིག་འཚོལ་དགོས
ང་རང་ཡང་བསྐྱར་ཙོག་པུར་བསྡད
         ༢༠༡༡. ༡༡. ༤ ལ་བྲིས།

         ཁ་མི་གྲག་པའི་ཁྱོད།

སུའི་མིག་མཐའ་ན་ལུས་པའི་སྐད་ཆ་རེ་རེ
ངའི་ཡ་ཁོག་ལ་འཁྲུངས་དོན་ཅི
ངག་མི་སྨྲ་བའི་ཁྱོད་རང་ཙོག་པུར་བསྡད་དེ
སེམས་སུ་ཤར་གྱིན་པའི་སྐད་ཆ་དག
དུངས་ཞེན་གྱི་རྨི་ལམ་དེར་སྦས་ནས
ནམ་རྒྱུན་བསྒོམ་མྱོང་བའི་ལས་དབང་ལ་བཅོལ

ང་རང་གནས་གཞན་དུ་འགྲོ་དུས་སུ
རྨི་ལམ་ཞིག་ཁྱོད་ལ་བསྐྱུར་ཡོད་སྲིད
དེ་ནི་ངའི་སེམས་གཏིང་ལ་བྲིས་པའི་རི་མོ་ཞིག་སྟེ
ངའི་ན་ཟུག་གི་ཀློང་དུ་སྦས་པའི་ཁྱོད
ཚོར་བ་སྣ་ཚོགས་ཀྱིས་འཚང་ཀ་རྒྱགས་དུས་སུ
ཐོལ་གྱིས་དྲན་པའི་མེ་ཏོག་སྟེ
ངའི་ཤ་རུས་པའི་ཡང་གསེང་ནས་དྲན་པའི་ཁྱོད

གཏམ་མི་སྨྲ་བའི་ཁྱོད་རང
གཉོམ་དུང་ངེར་འགྲེང་བའི་ཁྱོད་རང
བརྒལ་མྱོང་བའི་བརྩེ་དུང་གི་སྐྱིད་སྡུག་ཙམ་ཡང
གླེང་འདོད་ལ་གླེང་མི་ཕོད་པའི་ཁྱོད
ངའི་གླུ་ངག་གི་དགའ་སྐྱོ་ཁོ་ན་ལ་ཉན་ནས
དགའ་སྡུག་གི་ཚོར་བའི་ཟབ་ཚད་དེ་དག
མིག་ཆུ་དང་འཛུམ་མདངས་རེས་མོས་ཀྱིས
ངའི་སྙིང་ཆུང་ལ་བསྐུར་བའི་འཕྲིན་པ་མོད

ཁྱོད་རང་ཁ་རོག་གེར
ངའི་ཉེ་སའི་ལམ་འགྲམ་དེར་སྦས་ནས
ཚོར་བ་ག་ཙམ་ཞིག་བཏུས་སོང་བ་རེད
གྱེས་བྲལ་གྱི་ན་ཟུག་མཐའ་དག
ཁྱོད་ཀྱིས་ཁ་རོག་གེར་མྱོང་ནས་ཟད་འདུག
ལས་དབང་འདི
ངེད་གཉིས་ཀྱི་འཚོ་བ་ཡིན་པས
ཁྱོད་ཁ་རོག་གེར་སྡོད་དོན་མེད
ང་ཁོ་ནའི་མི་ཚེ་འདི་བཤད་ནས་ག་ལ་ཟད
ཁྱོད་ཀྱིས་ཁ་གྲག་རོགས
                ༢༠༡༡. ༡༡. ༤ལ་བྲིས།

          ཁེར་རྐྱང་དུ།

           ༡
དེ་རིང་གི་སེམས་པ་ལ་ཁ་དོག་མི་འདུག
དྲན་གདུང་ཡང་དེ་བཞིན་རེད
དེ་རིང་གི་ཉི་འོད་དང་རླུང་བུ
ད་དུང་བར་མེད་ཉུལ་བའི་མི་ཚོགས་དག
དེ་རིང་འཇམ་ཐང་ངེ་ལྷོད་ཅག་གེར་ང་ལ་ཉན་འདུག་པ་ཇི་བཞིན་ནོ
           ༢
ཁེར་རྐྱང་གི་ང་དང་ངའི་སྐད་ཆ་དག
སྔོ་མོ་ནས་འགག་འདུག་པ་རེད
ཁེར་རྐྱང་དུ་ལག་པ་བྲང་ཁར་བཞག་ནས་བརྒྱུད་མྱོང་བའི་ལམ་ཁ་དེར་ཕྱི་
དྲན་གཏོར
སྐྱོ་གདུང་གི་སེམས་པ་ཞིག་ངའི་ཚོར་བའི་གཏིང་རུམ་ན་འགུལ་བཞིན་འདུག
སྐབས་དེར་འཁྱག་ཤུལ་ཤུལ་གྱི་མིག་ཆུ་ཞིག
དབུགས་རིང་ཞིག་དང་འགྲོགས་ནས་བཞུར་ཡོང་ངོ
             ༣
དེ་རིང་ཅི་ཞིག་བོར་སོང་བ་ལྟར་ང་རང་སྟོང་སང་ངེ་བ་ཞིག་ཏུ་གྱུར་འདུག
མཐའ་སྐོར་གྱི་ཅ་ལག་དག་རང་སར་གནས་
ང་ཡང་དེ་བཞིན་གཡོ་འགུལ་མེད་པར་ལྷག
གསལ་ལ་མི་གསལ་བའི་ཕྱི་འདང་ཞིག་ལ་འཐམ
ཞེན་ཆགས་ཀྱིས་བྲིས་པའི་ཚོར་བརྙན་ཁག་ཅིག་སྤྲིན་རུམ་ན་དལ་གྱིས་འབབ་
པའི་ཆར་ཟིམ་བཞིན
ངའི་སྙིང་ཁ་རུ་ལྷོད་ཀྱིས་བབ་བྱུང་ངོ
           ༢༠༡༡. ༡༡. ༢༨ལ་བྲིས།


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བ་བབས་འདུག༼ཞར་བཀོད་གཉིས་ཡོད༽

2013-12-26 བཙན་ཞགས།༼རྨ་ཆུ༽ ཀློག་གྲངས། མཆན ཡོད།

 

 

དེ་རིང་ཡང་ཁ་བ་བབ་འདུག
གྲང་ངར་ལ་དཔུང་ཤ་འཐབ་པའི་ང་ཚོ
དབེན་འཇགས་གེར་བསྡད་ནས
འཇིག་རྟེན་གཞན་ཞིག་བློས་བསླངས་བྱེད་བཞིན
ཙོག་པུར་གཉིད་ལབ་རྒྱག་གུན་འདུག

ཁ་བ་རླུང་གིས་སྤུར་འདུག
སྒོ་འགྲམ་དང་ལམ་གཞུང་དག་དུ
ད་དུང་ཁ་བ་སྐྱ་ཚུབ་ཚུབ་ཀྱིས་འབབ་ཀྱིན་འདུག
ང་རང་མེ་ཏོག་གི་ཚལ་ཆེན་ཉུལ་ནས
བརྩེ་བ་དག་རང་གི་སྙིང་ཁར་བཏུམས

གནས་དེར་ཁ་བ་གཞི་ནས་མི་འདུག
ང་ཡིས་གནས་དེར་མེ་ཏོག་གི་ས་བོན་ཞིག་བཏབ
འདས་པོ་ཚོ་མི་ཚེ་དུ་མར་འཁྲེང་བའི
མེ་ཏོག་གི་ཞིང་ཁམས་དེ
ངས་ཀྱང་རྨི་ལམ་ལྟར་མཐོང་ཙམ་བྱས
བར་དེར་ང་རང་འཁྱག་འདར་རྒྱག་གུན་འདུག

སྒོ་འགྲམ་ན་གཞན་པ་ཚོས
ཁ་བའི་མཐུག་ཚད་སོགས་གླེང་གིན་ཡོད
ཁོ་ཚོ་ཁ་བ་ལ་སྐྲག་དོན་མེད་ཀྱང
ཁ་བ་དེ་ཁོ་ཚོའི་བདེ་སྐྱིད་ཁོ་ན་མ་ཡིན་པས
ཉི་འོད་ལ་རེ་བས་ཁོ་ཚོ་དང་ངས
གྲང་ངར་ལ་འཐབ་ནས་གཞན་ཞིག་འཚོལ་དགོས
ང་རང་ཡང་བསྐྱར་ཙོག་པུར་བསྡད
         ༢༠༡༡. ༡༡. ༤ ལ་བྲིས།

         ཁ་མི་གྲག་པའི་ཁྱོད།

སུའི་མིག་མཐའ་ན་ལུས་པའི་སྐད་ཆ་རེ་རེ
ངའི་ཡ་ཁོག་ལ་འཁྲུངས་དོན་ཅི
ངག་མི་སྨྲ་བའི་ཁྱོད་རང་ཙོག་པུར་བསྡད་དེ
སེམས་སུ་ཤར་གྱིན་པའི་སྐད་ཆ་དག
དུངས་ཞེན་གྱི་རྨི་ལམ་དེར་སྦས་ནས
ནམ་རྒྱུན་བསྒོམ་མྱོང་བའི་ལས་དབང་ལ་བཅོལ

ང་རང་གནས་གཞན་དུ་འགྲོ་དུས་སུ
རྨི་ལམ་ཞིག་ཁྱོད་ལ་བསྐྱུར་ཡོད་སྲིད
དེ་ནི་ངའི་སེམས་གཏིང་ལ་བྲིས་པའི་རི་མོ་ཞིག་སྟེ
ངའི་ན་ཟུག་གི་ཀློང་དུ་སྦས་པའི་ཁྱོད
ཚོར་བ་སྣ་ཚོགས་ཀྱིས་འཚང་ཀ་རྒྱགས་དུས་སུ
ཐོལ་གྱིས་དྲན་པའི་མེ་ཏོག་སྟེ
ངའི་ཤ་རུས་པའི་ཡང་གསེང་ནས་དྲན་པའི་ཁྱོད

གཏམ་མི་སྨྲ་བའི་ཁྱོད་རང
གཉོམ་དུང་ངེར་འགྲེང་བའི་ཁྱོད་རང
བརྒལ་མྱོང་བའི་བརྩེ་དུང་གི་སྐྱིད་སྡུག་ཙམ་ཡང
གླེང་འདོད་ལ་གླེང་མི་ཕོད་པའི་ཁྱོད
ངའི་གླུ་ངག་གི་དགའ་སྐྱོ་ཁོ་ན་ལ་ཉན་ནས
དགའ་སྡུག་གི་ཚོར་བའི་ཟབ་ཚད་དེ་དག
མིག་ཆུ་དང་འཛུམ་མདངས་རེས་མོས་ཀྱིས
ངའི་སྙིང་ཆུང་ལ་བསྐུར་བའི་འཕྲིན་པ་མོད

ཁྱོད་རང་ཁ་རོག་གེར
ངའི་ཉེ་སའི་ལམ་འགྲམ་དེར་སྦས་ནས
ཚོར་བ་ག་ཙམ་ཞིག་བཏུས་སོང་བ་རེད
གྱེས་བྲལ་གྱི་ན་ཟུག་མཐའ་དག
ཁྱོད་ཀྱིས་ཁ་རོག་གེར་མྱོང་ནས་ཟད་འདུག
ལས་དབང་འདི
ངེད་གཉིས་ཀྱི་འཚོ་བ་ཡིན་པས
ཁྱོད་ཁ་རོག་གེར་སྡོད་དོན་མེད
ང་ཁོ་ནའི་མི་ཚེ་འདི་བཤད་ནས་ག་ལ་ཟད
ཁྱོད་ཀྱིས་ཁ་གྲག་རོགས
                ༢༠༡༡. ༡༡. ༤ལ་བྲིས།

          ཁེར་རྐྱང་དུ།

           ༡
དེ་རིང་གི་སེམས་པ་ལ་ཁ་དོག་མི་འདུག
དྲན་གདུང་ཡང་དེ་བཞིན་རེད
དེ་རིང་གི་ཉི་འོད་དང་རླུང་བུ
ད་དུང་བར་མེད་ཉུལ་བའི་མི་ཚོགས་དག
དེ་རིང་འཇམ་ཐང་ངེ་ལྷོད་ཅག་གེར་ང་ལ་ཉན་འདུག་པ་ཇི་བཞིན་ནོ
           ༢
ཁེར་རྐྱང་གི་ང་དང་ངའི་སྐད་ཆ་དག
སྔོ་མོ་ནས་འགག་འདུག་པ་རེད
ཁེར་རྐྱང་དུ་ལག་པ་བྲང་ཁར་བཞག་ནས་བརྒྱུད་མྱོང་བའི་ལམ་ཁ་དེར་ཕྱི་
དྲན་གཏོར
སྐྱོ་གདུང་གི་སེམས་པ་ཞིག་ངའི་ཚོར་བའི་གཏིང་རུམ་ན་འགུལ་བཞིན་འདུག
སྐབས་དེར་འཁྱག་ཤུལ་ཤུལ་གྱི་མིག་ཆུ་ཞིག
དབུགས་རིང་ཞིག་དང་འགྲོགས་ནས་བཞུར་ཡོང་ངོ
             ༣
དེ་རིང་ཅི་ཞིག་བོར་སོང་བ་ལྟར་ང་རང་སྟོང་སང་ངེ་བ་ཞིག་ཏུ་གྱུར་འདུག
མཐའ་སྐོར་གྱི་ཅ་ལག་དག་རང་སར་གནས་
ང་ཡང་དེ་བཞིན་གཡོ་འགུལ་མེད་པར་ལྷག
གསལ་ལ་མི་གསལ་བའི་ཕྱི་འདང་ཞིག་ལ་འཐམ
ཞེན་ཆགས་ཀྱིས་བྲིས་པའི་ཚོར་བརྙན་ཁག་ཅིག་སྤྲིན་རུམ་ན་དལ་གྱིས་འབབ་
པའི་ཆར་ཟིམ་བཞིན
ངའི་སྙིང་ཁ་རུ་ལྷོད་ཀྱིས་བབ་བྱུང་ངོ
           ༢༠༡༡. ༡༡. ༢༨ལ་བྲིས།


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།