མུ་སྟེགས་ལྷ་མོ།
མུ་སྟེགས་པའི་ཁང་མིག་ཅིག་ཏུ
མེ་ལྕེ་སྔོན་པོ་ཞིག་ལྷེམ་ལྷེམ་འགུལ
ཡུན་རིང་ངལ་བའི་ཕྱེ་ལེབ་ཞིག
ཐ་སྙད་ཀྱི་སྡོང་རྩར་ཡིབ་ནས་ཀེམ་ཀེམ་འགུལ
མེ་རུ་འབར་གྱིན་པའི་ཐ་སྙད་ཀྱི་གཤོག་པ
སྔངས་འཚབ་སློང་བྱེད་ཀྱི་ཙག་སྒྲའི་ཀློང་དུ
ཡུན་རིང་མ་འཕྲད་པའི་ཁོ་མོའི་ངོ་གདོང་སྦས་ཡོད
ཚེ་ལས་འདས་ཁར་མུ་སྟེགས་པར་སྐྱེས་པའི་ཁོ་མོ་རེད
༢༠༡༣ ༡ ༦
རྩོམ་ཁུངས། ངེད་དྲ་བ།