སེམས་ཁོང་གི་སྒྲོལ་མ།
སེམས་ཁོང་ལ་ཚེར་མ་ལྟ་བུའི
ན་ཟུག་ལྟ་བུའི་མེ་ཏོག་ཅིག་བཞད
མེ་ཏོག་དེའི
ཁ་མདོག་དམར་བོ་རྐྱང་རྐྱང
ཞིག་ཏུའང་ཆགས་མ་ཐུབ
རླུང་བུ་ཕྱོགས་མེད་དུ་གཡུག་བྱུང
ཤབ་ཤུབ་ཏུ་བཤད་མྱོང་བའི་སྒྲོལ་མ་ཡང
ས་མཐའི་ཆར་ཆུ་རུ་འགྲེངས་པའི་མེ་ཏོག་ཅིག
སེམས་པ་གཙང་བོ་རུ་འཁྱིལ
གཙང་བོར་ཤག་སྒྲ་འཇགས་པའི
རྨི་ལམ་ཞིག་རྨིས
རྨི་ལམ་ནས་འོ་དོད་དང་འོ་དོད་བྱས
ལག་པ་ཕར་ལ་བསྲིངས
ཕ་རོལ་ནི་ཉག་ཁ་སྐྱ་བོ་ཞིག
འདྲེས་མྱོང་བའི་ངོ་གདོང་དག
རྫོངས་མཐུག་པའི་མུན་ནག་གི་མཚོ་མོ་ཞིག
སྐྱོ་ཞིང་སྐྱོ་དུས་མུན་ནག་གིས་ཁ་གཉེར་སྣ་གཉེར་བྱས
མེ་ཏོག་ལ་སྦྲང་མ་འཁོར
སྦྲང་མ་འཁོར་དུས་སྟོན་མཇུག་རེད
དུས་ཚིགས་དེར་ཟླ་བ་མཛེས
ཟླ་བ་གླེང་དུས་མིག་ཆུ་འཁོར
སྒྲོལ་མ་ཟེར་བའི་བུ་མོ་ཞིག་ཚུར་ལ་འཁོར་བྱུང
འདེགས་བཞིན་པའི་གོམ་སྒྲ་འཇགས་དུས
ཁོ་མོའི་ངོ་གདོང་ལས་ཟུར་མིག་ཅིག་བོར་འདུག
སྣང་བ་མུན་ནག་ལ་འཁྲེང
མུན་ནག་ནས་ལག་པ་མང་བོ་ཞིག་གིས
རིང་ཐུང་བརྩད་དེ་ཚུར་ལ་བསྲིངས
ཚུར་རོལ་ནི་མུན་ནག་གཞན་ཞིག
གོམ་པ་ཆུང་ཆུང་གིས
སྙིང་གི་འཕར་ལྡིང་ལ
རམ་འདེགས་ཀྱི་ཞབས་བྲོ་འཆམ
རྡོག་སྣེ་རྡོ་ལ་ཐོགས
རྡོ་བ་ལ་མིག་ཆུ་འཁྱིལ་ནས་སྡུག་གཏམ་ལུང་བ་གང་བཤད
ཡང་བསྐྱར་རྨི་ལམ་ཞིག་རྨིས
རྨི་ལམ་ལས་སྒྲོལ་མ་མཐོང་བས
ཡང་དང་བསྐྱར་དུ
གཉིད་མ་སད་ཀྱིས་སྙན་ངག་ཅིག་བྲིས
སྙན་ངག་ལ་སྒྲོལ་མ་ཞེས་པའི་མིང་ཞིག་བཏགས
༢༠༡༣ ༡༠ ༡༤
ན་ཟུག་ལྟ་བུའི་མེ་ཏོག་ཅིག་བཞད
མེ་ཏོག་དེའི
ཁ་མདོག་དམར་བོ་རྐྱང་རྐྱང
ཞིག་ཏུའང་ཆགས་མ་ཐུབ
རླུང་བུ་ཕྱོགས་མེད་དུ་གཡུག་བྱུང
ཤབ་ཤུབ་ཏུ་བཤད་མྱོང་བའི་སྒྲོལ་མ་ཡང
ས་མཐའི་ཆར་ཆུ་རུ་འགྲེངས་པའི་མེ་ཏོག་ཅིག
སེམས་པ་གཙང་བོ་རུ་འཁྱིལ
གཙང་བོར་ཤག་སྒྲ་འཇགས་པའི
རྨི་ལམ་ཞིག་རྨིས
རྨི་ལམ་ནས་འོ་དོད་དང་འོ་དོད་བྱས
ལག་པ་ཕར་ལ་བསྲིངས
ཕ་རོལ་ནི་ཉག་ཁ་སྐྱ་བོ་ཞིག
འདྲེས་མྱོང་བའི་ངོ་གདོང་དག
རྫོངས་མཐུག་པའི་མུན་ནག་གི་མཚོ་མོ་ཞིག
སྐྱོ་ཞིང་སྐྱོ་དུས་མུན་ནག་གིས་ཁ་གཉེར་སྣ་གཉེར་བྱས
མེ་ཏོག་ལ་སྦྲང་མ་འཁོར
སྦྲང་མ་འཁོར་དུས་སྟོན་མཇུག་རེད
དུས་ཚིགས་དེར་ཟླ་བ་མཛེས
ཟླ་བ་གླེང་དུས་མིག་ཆུ་འཁོར
སྒྲོལ་མ་ཟེར་བའི་བུ་མོ་ཞིག་ཚུར་ལ་འཁོར་བྱུང
འདེགས་བཞིན་པའི་གོམ་སྒྲ་འཇགས་དུས
ཁོ་མོའི་ངོ་གདོང་ལས་ཟུར་མིག་ཅིག་བོར་འདུག
སྣང་བ་མུན་ནག་ལ་འཁྲེང
མུན་ནག་ནས་ལག་པ་མང་བོ་ཞིག་གིས
རིང་ཐུང་བརྩད་དེ་ཚུར་ལ་བསྲིངས
ཚུར་རོལ་ནི་མུན་ནག་གཞན་ཞིག
གོམ་པ་ཆུང་ཆུང་གིས
སྙིང་གི་འཕར་ལྡིང་ལ
རམ་འདེགས་ཀྱི་ཞབས་བྲོ་འཆམ
རྡོག་སྣེ་རྡོ་ལ་ཐོགས
རྡོ་བ་ལ་མིག་ཆུ་འཁྱིལ་ནས་སྡུག་གཏམ་ལུང་བ་གང་བཤད
ཡང་བསྐྱར་རྨི་ལམ་ཞིག་རྨིས
རྨི་ལམ་ལས་སྒྲོལ་མ་མཐོང་བས
ཡང་དང་བསྐྱར་དུ
གཉིད་མ་སད་ཀྱིས་སྙན་ངག་ཅིག་བྲིས
སྙན་ངག་ལ་སྒྲོལ་མ་ཞེས་པའི་མིང་ཞིག་བཏགས
༢༠༡༣ ༡༠ ༡༤
རྩོམ་ཁུངས། ངེད་དྲ་བ།