ཀྱེ། ང་ཡི་སོག་རྫོང་།

ཀྱེ་ཀྱེ    མི་རིགས་ཀྱི་བདེན་དབང་སྐྱ་བོ
མགོ་བོ་ཀྲོག་ཀྲོག་དང་རྣ་བ་ཀེར་ཀེར་གྱིས་ཉོན་དང
གློག་ཞགས་འཁྱུག་འཁྱུག་གི་དུས་རབས་ཀྱི་དཀྱོགས་མཚམས་ཁྲོད
རླུང་འཚུབ་ནང་གི་མར་མེ་ལྟར་གཟིམ་བཞིན་པ་དེ་ཁྱེད་ཀྱི་ཚེ་སྲོག་ཡིན་ནམ
བར་སྣང་ན་སྤྲིན་ནག་གིས་བཀླུབས་པའི་མཁའ་དབྱིངས་ཀྱི་ཉི་འོད་དེའང
ཁྱེད་ཀྱི་ཡང་སྙིང་ཡིན་ནམ
ཀེང་རུས་ལྟ་བུའི་མི་རིགས་འཐར་འཐོར
གངས་རི་དང་རྩྭ་ཐང་ནས་ཙད་ཀྱིས་བཅོམ་པའི་མེ་ཏོག་ཆུན་པོ་དེ་ཁྱེད་ཀྱི་ལུགས་སྲོལ་ཡིན་ནམ

                     ༡
ཀྱེ  ང་ཡི་སོག་རྫོང 
མིག་ཟུང་ཀེམ་ཀེམ་གྱིས་ལྟོས་དང
དེ་རིང  སྙིགས་གཞོང་དུ་དོར་བའི་ཤོག་ལྷེ་རལ་བོ་དེ་ཁྱེད་ཀྱི་ཡིག་ཚགས་ཡིན་ནམ
ཉག་ཁ་ནས་རླུང་ཁར་སྐྱོམ་གྱིན་པའི་རས་དར་ཟད་པོ་དེའང་ཁྱེད་ཀྱི་དབང་ཐང་ཡིན་ནམ
ཕ་སྐད་གསེར་གྱི་ཟེགས་མ་བསྐམས་ཟིན་པའི་སྤྲང་བོ་ལྟ་བུའི་མི་རིགས་དེ
མདོག་ཡལ་བའི་སྦྲ་གུར་ནང་ནས་དུ་བ་ཆད་སོང་བའི་ཁྱིམ་ཚང་དབུལ་བོ་དེ་ཁྱེད་ཀྱི་གནའ་བོའི་དན་རྟགས་ཡིན་ནམ
 
                    ༢
 
ཀྱེ  ང་ཡི་སོག་རྫོང 
ཤ་གསེང་གི་ཁྲག་དམར  རུས་རྐང་གི་ཉིང་བཅུད
ལོ་རྒྱུས་ཀྱི་སྒལ་གཞུང་ནས་དར་རྒུད་ཐེབས་པའི་དྭ་ཕྲུག་དེ་ཁྱེད་ཀྱི་ཁུ་ཁྲག་གི་ས་བོན་ཡིན་ནམ
ཁྱོད་ནི་མེས་པོ་ཚོའི་ཤ་ཁྲག་འཇིབ་བཞིན་པའི་འདྲེ་སྲིན་གྱི་ཚོགས་ནག་ཀྱེ
ཚེ་སྲོག་གི་ཟུངས་ཁྲག་དྭངས་མོ་མཆོད་རྐོང་དུ་ལྡུད་པའི་ཀླ་ཀློའི་རིགས་རྒྱུད
ད་དུང རང་ཉིད་ཀྱི་སྨྲ་ལྕེ་ལ་ལྕགས་ཟྭ་བརྒྱབས་ཟིན་པའི་སོག་རྫོང་ལགས
 
                       ༣
ཀྱེ   ཀྱེ    ང་ཡི་སོག་རྫོང     ཁྲག་གི་རལ་གྲི
སྙིང་གི་དཔའ་སྤོབས   རྟ་ཕོའི་རྨིག་རྡུལ
སུ་ཅིག་གིས་རྨེག་མེད་དུ་བཟོས་སོང་ཟེར
ང་ཡིས་ཁྱོད་ཚོར་འདྲི   ཁྱོད་ལ་དོན་ངོ་མར་རང་ཉིད་སྐྱོབས་བྱེད་ཀྱི་ཆོས་ལུགས་ཤིག་ཡོད་དམ
གཏི་མུག་ཁྲོད་ཀྱི་ལག་པ་ཤི་རོ
ཁྱོད་གནའ་བོའི་བུ་རབས་ཚ་རྒྱུད་ཀྱི་རུས་རྐང་བརྡུངས་པའི་སྡར་མ་སྐྱག་གཟན་དེ་ཡིན་ནམ
ཁྱོད་ནི་བོད་སོག་གཉིས་ཀྱི་བར་དོ་རུ་འཁྱམས་པའི་རོ་སྒམ་ནང་གི་རྣམ་ཤེས་དེ་ཡིན་ནམ
ཁྱོད་ཀྱིས་བདག་ལ་དྲང་མོར་ཤོད
གུག་ཅིང་འཁྱོག་པའི་སྒོ་བྱང་ཐོག་གི་སོག་ཡིག་གསེར་བྲིས་མ་དེ་ཁྱོད་ཀྱི་ཚེ་སྲོག་ཡིན་ནམ
ཀློག་འདོན་ཤེས་པའི་གསར་བུ་དང་གསར་མོ་ག་ཚོད་ཡོད       
ཀྱེ  ང་ཡི་སོག་རྫོང
 
                   ༤
ཁྱོད་ནི་སོག་རྫོང་ཞེས་པའི་མིང་གཟུགས་ཀྱི་ཁ་གཏད་ནས་གཉིད་ཀྱིན་ཡོད
ཁྱོད་ནི་མུན་འོབས་ཤིག་ན་ལྐུགས་དྲགས་འདུག
མི་རིགས་ཞེས་པའི་འགན་འཁྲི་འདིའི་གོ་ས་ན
ཁྱོད་རང་སྤྲང་བོ་ལག་ཆག་ཅིག་དང་འདྲ་བར
དུས་རབས་འདིའི་ངོ་གདོང་དང་ལོ་རྒྱུས་ཀྱི་གླེགས་བམ་བར་ན་འཇམ་ཅག་གེར   རྗེས་ལུས་རེད 
ཀྱེ ང་ཡི་སོག་རྫོང སོག་ལྭ་གྱོན་པའི་གཟུགས་མདོག་དོད་པོ་ཞིག་སྟེ    
ངག་ནས་སོག་སྐད་བོར་ཟིན་པའི་ཇིང་གེར་གྱི་རྒྱུད་པ་རལ་བོ
གནའ་སྔ་མོའི་ཁྱོད   ད་ལྟའི་ཁྱོད་འདུ་ཤེས་ཤི་རོ་ཞིག་ལ་ངོས་འཛིན་བྱའོ།
               ༢༠༡༠   ལོར་བྲིས།    ༢༠༡༣  ལོར་བཅོས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀྱེ། ང་ཡི་སོག་རྫོང་།

2013-12-10 བེ་དུང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།