སྙིང་ནད།
མག་མོག་གི་ས་སྲོས་ཁུ་སུམ་མེར
སྦྲའི་ཁ་ཚུབ་ནས་ཐོན་པའི་དུ་བ་སྔོ་སྐྱ
འདོད་མི་འདོས་ཀྱིས་ནམ་མཁར་འཕག
ཡུག་རྒན་མས། དུད་དྲེག་གིས་ཟོས་པའི་སྦྲ་རྒན་ལ་ལྟ་བཞིན
ལྗིད་ཏིག་ཏིག་གི་མགོ་བོ་འཕྲེད་དུ་གཡུག
དུད་དྲེག་གིས་ཟོས་པའི་སྦྲ་རྒན
ལྷིང་འཇགས་ཀྱི་རི་འདབས་དེར་དལ་ཅག་གེར
ལོ་རྒན་དྲུག་ཅུའི་སྐོགས་ཤུན་ལ་ལེ་བདའ་བྱེད་བཞིན
འུ་ཐུག་གི་དངན་པ་རིང་བོ་བར་མེད་དུ་ཤོར
དོར་མ་གྱོན་མེད་པའི་བྱིས་པ་ཞིག
རྩིད་པའི་ཁྱོན་ཐག་ལ་ཁེན་ནས
འཐེབ་མགོ་ནུ་ཞོར་རྒྱང་གི་མཚམས་སྤྲིན་ཕྱོགས་ལ་ཅེར
ངོ་མ། ཨ་མས་བཤད་པ་ནང་བཞིན
ཨ་ཕ་ས་སྲོས་ཀྱི་མཚམས་སྤྲིན་ལ་ཞོན་ཏེ་བུད་སོང་བ་ཡིན་ནམ
འོ་ན། ཕྱིར་ལ་ནམ་ལོག་རྒྱུ
རྩོམ་ཁུངས། ངེད་དྲ་བ།