སྦྲུལ་འཁྲིད་མི་འོང་རོགས།(ཞར་བཀོད་གཉིས་ཡོད)


ཁ་བརྡའི་བར་གྱི་རྣོ་ལྕགས་ཀྱི་ཚེར་མས
ཡིད་སེམས་སྲེག་པར་བྱེད
སྨྲ་ལྕེའི་སྟེང་གི་ཨ་སྟོང་གི་རྣམ་པ་དེ་ཡིས
རྒོལ་ལན་སློག་ཐུབ་ཨང

བཞད་འཛུམ་ཤོར་བའི་འགྱིག་གི་མེ་ཏོག་རེ་རེས
རྨི་ལམ་དག་མཛེས་པར་སྤྲས་རུང
ཁ་རླངས་ཀྱི་མཚོན་ཆས
རས་གཞིའི་ངོས་སུ་མེ་སྟག་གྲངས་མེད་བྲིས

རང་ཉིད་གླེན་པར་མི་འདོད་ནའང
རང་གིས་རང་ལ་འགྲམ་ལྕག་གཏོང་གིན་འདུག
སྤྱང་པར་འདོད་ནའང
རྟག་ཏུ་རང་གི་གམ་དུ་སྦྲུལ་ཁྲ་བོ་རེ་འཁྲིད་ཀྱིན་འདུག

         __2014. 8. 6 

             ཐ་སྙད་དག་ལ་ཤུད་ལྷམ་སྤྲད་པ།

ཤོག་བུ་སྟོང་པ་ཞིག་གི་སྟེང་གི
སྨྱུག་གུའི་ཆག་རོ་དེ་ཚོ
སྙིང་ན་བྱེད་ཀྱི་ཉིན་དང་མཚན
མཛུབ་མོ་གསུམ་ལྷན་དུ་བརྩིངས་འདྲའི་རི་ཟུར་གསུམ་མ
གང་ལའང་ཐོགས་པ་མེད་པའི་རླུང་དང་ཆུ
རྒྱ་མཚོ་ཞིག་བྱེ་ཐང་དུ་བསྒྱུར་བའི་ལོ་རྒྱུས་ཀྱི་གླེགས་བམ
གཤོག་པ་ཐོགས་པའི་རྟ་མཆོག་བདུན་གྱི་འཕུར་རྩལ
ཤི་འདྲེ་བཞིན་འཁྱམས་པའི་ང
ཡང་ཤི་ཡང་སོས་ནང་གི་ཁྱོད་དང་ཁྱོད་ཀྱི་རུས་མིང
ཐམས་ཅད་གཅིག་ཀྱང་འབྲེལ་བ་མི་འདུག
གྱེས་རྗེས་འབྲེལ་མི་སྲིད་ལ
འབྲེལ་རྗེས་གྱེས་མི་ཐུབ་པའི་མེ་ལྕེབས
དེ་ཚོར་སྙིང་པོ་ཞིག་ཡོད་དམ
ཡང་ན སྙིང་པོའི་ནང་གི་དམ་དུ་སྦྲེལ་བ་དེ་རེད
གདོང་གི་མིག་ཤེལ་ཕུད་ནས་ལྟོས་དང
ཉེ་གམ་ན་ཅི་ཞིག་ལྷག་འདུག
         2014. 7. 30

 

              གློ་བུར་དུ་བུམ་པ་སྟོང་ཚུལ།

བུམ་པ་སྟོང་པ་ཞིག
རྡོ་རུག་དང་འདམ་རྫོབ་ཀྱིས་ནོན་ནས
ཧྲུག་ཆག་ཏུ་གྱུར་ལ་ཉེ
དེ་གྲུབ་བྱེད་ཀྱི་ས་རྡུལ་དང་ཆུ་རྡུལ
ཤི་ཚར་བའི་ལག་པ་བཅས་ནི
བསྐལ་བའི་ཡུན་ནས་གཤིབས་ཡོང་པའི་གྲིབ་མ་དང
ཡང་དང་བསྐྱར་དུ་རུས་པ་གདུས་པའི་ཁུ་ཞག
མགོ་ཐོག་གི་རླུང་ཁེམ་བུ་གང་སྟེ
ཐལ་བ་སྦར་མོ་གང་རླུང་གིས་སྤུར་བ་ལྟར
སོ་སོར་གཞི་མེད་དུ་དེངས་ཚེ
བློ་ངོས་ཀྱི་བུམ་པ་གཞན་དག་ཀྱང་འཐོར་འགྲོ
             2014. 5. 22

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྦྲུལ་འཁྲིད་མི་འོང་རོགས།(ཞར་བཀོད་གཉིས་ཡོད)

2014-12-24 དུར་འཕག ཀློག་གྲངས། མཆན ཡོད།


ཁ་བརྡའི་བར་གྱི་རྣོ་ལྕགས་ཀྱི་ཚེར་མས
ཡིད་སེམས་སྲེག་པར་བྱེད
སྨྲ་ལྕེའི་སྟེང་གི་ཨ་སྟོང་གི་རྣམ་པ་དེ་ཡིས
རྒོལ་ལན་སློག་ཐུབ་ཨང

བཞད་འཛུམ་ཤོར་བའི་འགྱིག་གི་མེ་ཏོག་རེ་རེས
རྨི་ལམ་དག་མཛེས་པར་སྤྲས་རུང
ཁ་རླངས་ཀྱི་མཚོན་ཆས
རས་གཞིའི་ངོས་སུ་མེ་སྟག་གྲངས་མེད་བྲིས

རང་ཉིད་གླེན་པར་མི་འདོད་ནའང
རང་གིས་རང་ལ་འགྲམ་ལྕག་གཏོང་གིན་འདུག
སྤྱང་པར་འདོད་ནའང
རྟག་ཏུ་རང་གི་གམ་དུ་སྦྲུལ་ཁྲ་བོ་རེ་འཁྲིད་ཀྱིན་འདུག

         __2014. 8. 6 

             ཐ་སྙད་དག་ལ་ཤུད་ལྷམ་སྤྲད་པ།

ཤོག་བུ་སྟོང་པ་ཞིག་གི་སྟེང་གི
སྨྱུག་གུའི་ཆག་རོ་དེ་ཚོ
སྙིང་ན་བྱེད་ཀྱི་ཉིན་དང་མཚན
མཛུབ་མོ་གསུམ་ལྷན་དུ་བརྩིངས་འདྲའི་རི་ཟུར་གསུམ་མ
གང་ལའང་ཐོགས་པ་མེད་པའི་རླུང་དང་ཆུ
རྒྱ་མཚོ་ཞིག་བྱེ་ཐང་དུ་བསྒྱུར་བའི་ལོ་རྒྱུས་ཀྱི་གླེགས་བམ
གཤོག་པ་ཐོགས་པའི་རྟ་མཆོག་བདུན་གྱི་འཕུར་རྩལ
ཤི་འདྲེ་བཞིན་འཁྱམས་པའི་ང
ཡང་ཤི་ཡང་སོས་ནང་གི་ཁྱོད་དང་ཁྱོད་ཀྱི་རུས་མིང
ཐམས་ཅད་གཅིག་ཀྱང་འབྲེལ་བ་མི་འདུག
གྱེས་རྗེས་འབྲེལ་མི་སྲིད་ལ
འབྲེལ་རྗེས་གྱེས་མི་ཐུབ་པའི་མེ་ལྕེབས
དེ་ཚོར་སྙིང་པོ་ཞིག་ཡོད་དམ
ཡང་ན སྙིང་པོའི་ནང་གི་དམ་དུ་སྦྲེལ་བ་དེ་རེད
གདོང་གི་མིག་ཤེལ་ཕུད་ནས་ལྟོས་དང
ཉེ་གམ་ན་ཅི་ཞིག་ལྷག་འདུག
         2014. 7. 30

 

              གློ་བུར་དུ་བུམ་པ་སྟོང་ཚུལ།

བུམ་པ་སྟོང་པ་ཞིག
རྡོ་རུག་དང་འདམ་རྫོབ་ཀྱིས་ནོན་ནས
ཧྲུག་ཆག་ཏུ་གྱུར་ལ་ཉེ
དེ་གྲུབ་བྱེད་ཀྱི་ས་རྡུལ་དང་ཆུ་རྡུལ
ཤི་ཚར་བའི་ལག་པ་བཅས་ནི
བསྐལ་བའི་ཡུན་ནས་གཤིབས་ཡོང་པའི་གྲིབ་མ་དང
ཡང་དང་བསྐྱར་དུ་རུས་པ་གདུས་པའི་ཁུ་ཞག
མགོ་ཐོག་གི་རླུང་ཁེམ་བུ་གང་སྟེ
ཐལ་བ་སྦར་མོ་གང་རླུང་གིས་སྤུར་བ་ལྟར
སོ་སོར་གཞི་མེད་དུ་དེངས་ཚེ
བློ་ངོས་ཀྱི་བུམ་པ་གཞན་དག་ཀྱང་འཐོར་འགྲོ
             2014. 5. 22

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།