འབོད་སྒྲ།

གཉལ་བཀྲ་ཤིས་བསྟན་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-12-30

            __བོད་པའི་བུ་མོ་ཞིག་གིས་རང་ཉིད་འདྲ་བའི་བུ་མོ་མང་པོ་ཞིག་ཕ་ས་ནས་བྲལ་ཏེ་གནས་གཞན་དུ་འཚོ་གིན་ཡོད་ཅེས་པའི་གཏམ་ཐོས་རྗེས།

སེམས་པ་འདི་གཡོ་དྲགས་པས།
ས་མཐོན་པོ་འབོལ་གདན་ཡིན་སྙམ་མཁན་དཀོན།
ལུས་པོ་འདི་བཙོག་དྲག་པས།
སྤྲིན་དཀར་པོ་མལ་ཆས་སུ་སྒོམ་མཁན་ཅང་མེད།
བོད་པའི་བུ་མོ་ཚོ།
མེས་པོའི་རྣམ་ཤེས་ལ་འཁྱུད་ནས།
མ་འཆི་བར་གནས་འདིར་འཚོ་རོགས།

སྐྱེས་རྒྱུད་གཙང་མ་ཞིག་གིས།
མ་ཕམ་གཡུ་མཚོ་བླ་མཚོ་རུ་འབོད་ཡོད།
བཞུར་རྒྱུན་གཙང་མ་ཞིག་གིས།
ཡར་ལྷ་ཤམ་ཆུར་མངར་ཁ་ལྡན་ཡོད།
བོད་པའི་བུ་མོ་ཚོ།
ཁྱེད་ཚོ་བརྡོལ་སླ་བའི་ལྒང་ཕུག་མིན།
འཐེན་བདེ་བའི་འགྱིག་ཐག་མིན།
བོད་པའི་བུ་མོ་ཚོ།
རིགས་རྒྱུད་གཙང་མ་ཞིག་གི་མཚོ་མོ་མ་སྐམ་བར།
ཉ་མོ་བཞིན་ཕ་ས་གངས་ལྗོངས་སུ་བཞུགས་རོགས།

ལུ་གུའི་འབའ་སྒྲས་གནམ་ས་གཡོ་དུས།
བོད་པའི་བུ་མོ་ཚོ།
སྟོད་ཕྱོགས་འབྲོག་གི་འབྲོག་བདག་རེད།
ལ་གླུ་སྙན་མོ་ཕ་གིའི་བྲག་ལ་གཏད་ནས་ལེན་དགོས་ལ།
མ་གིའི་མཚོ་མོར་ཕྱོགས་ནས་ལེན་དགོས།
སྐད་ངག་གཙང་མ་ཞིག་གིས།
སེམས་པ་གཙང་མོ་ནོར་ལུག་ལ་ཕྱོགས་དགོས།

ལུས་པོའི་སྟངས་སྟབས་མཛེས་པའི་ལོ་ཞིང་།
མགོ་ལྕོག་ལྡེམ་ལྡེམ་གཡོ་བཞིན་པའི་པད་ཁའི་མེ་ཏོག
བོད་པའི་བུ་མོ་ཚོ།
ཁྱེད་ཚོ་ཕ་ཡུལ་ལ་མཁོ་བའི་བཅུད་ལྡན་ནས་རྡོག་རེད།
མཚར་སྡུག་གིས་སྤུད་པའི་པད་ཁའི་མེ་ཏོག་རེད།
ནས་ཞིང་སྐྲ་ལོ་བྲེགས་པའི་ཞིང་ཁུལ་གྱི་སྙན་ངག
ཐོགས་མེད་ཀྱིས་རྗེས་རབས་པར་གྱེར་དགོས་ལ།
སེམས་ན་བཞད་པའི་ནས་རྡོག་གཅིག་གི་གཏམ་རྒྱུད།
རྨུ་ཐགས་བཞིན་རྗེས་རབས་པར་བསྲིང་དགོས།
བོད་པའི་བུ་མོ་ཚོ།
གསན་བྱུང་ངམ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབོད་སྒྲ།

2014-12-30 གཉལ་བཀྲ་ཤིས་བསྟན་པ། ཀློག་གྲངས། མཆན ཡོད།

            __བོད་པའི་བུ་མོ་ཞིག་གིས་རང་ཉིད་འདྲ་བའི་བུ་མོ་མང་པོ་ཞིག་ཕ་ས་ནས་བྲལ་ཏེ་གནས་གཞན་དུ་འཚོ་གིན་ཡོད་ཅེས་པའི་གཏམ་ཐོས་རྗེས།

སེམས་པ་འདི་གཡོ་དྲགས་པས།
ས་མཐོན་པོ་འབོལ་གདན་ཡིན་སྙམ་མཁན་དཀོན།
ལུས་པོ་འདི་བཙོག་དྲག་པས།
སྤྲིན་དཀར་པོ་མལ་ཆས་སུ་སྒོམ་མཁན་ཅང་མེད།
བོད་པའི་བུ་མོ་ཚོ།
མེས་པོའི་རྣམ་ཤེས་ལ་འཁྱུད་ནས།
མ་འཆི་བར་གནས་འདིར་འཚོ་རོགས།

སྐྱེས་རྒྱུད་གཙང་མ་ཞིག་གིས།
མ་ཕམ་གཡུ་མཚོ་བླ་མཚོ་རུ་འབོད་ཡོད།
བཞུར་རྒྱུན་གཙང་མ་ཞིག་གིས།
ཡར་ལྷ་ཤམ་ཆུར་མངར་ཁ་ལྡན་ཡོད།
བོད་པའི་བུ་མོ་ཚོ།
ཁྱེད་ཚོ་བརྡོལ་སླ་བའི་ལྒང་ཕུག་མིན།
འཐེན་བདེ་བའི་འགྱིག་ཐག་མིན།
བོད་པའི་བུ་མོ་ཚོ།
རིགས་རྒྱུད་གཙང་མ་ཞིག་གི་མཚོ་མོ་མ་སྐམ་བར།
ཉ་མོ་བཞིན་ཕ་ས་གངས་ལྗོངས་སུ་བཞུགས་རོགས།

ལུ་གུའི་འབའ་སྒྲས་གནམ་ས་གཡོ་དུས།
བོད་པའི་བུ་མོ་ཚོ།
སྟོད་ཕྱོགས་འབྲོག་གི་འབྲོག་བདག་རེད།
ལ་གླུ་སྙན་མོ་ཕ་གིའི་བྲག་ལ་གཏད་ནས་ལེན་དགོས་ལ།
མ་གིའི་མཚོ་མོར་ཕྱོགས་ནས་ལེན་དགོས།
སྐད་ངག་གཙང་མ་ཞིག་གིས།
སེམས་པ་གཙང་མོ་ནོར་ལུག་ལ་ཕྱོགས་དགོས།

ལུས་པོའི་སྟངས་སྟབས་མཛེས་པའི་ལོ་ཞིང་།
མགོ་ལྕོག་ལྡེམ་ལྡེམ་གཡོ་བཞིན་པའི་པད་ཁའི་མེ་ཏོག
བོད་པའི་བུ་མོ་ཚོ།
ཁྱེད་ཚོ་ཕ་ཡུལ་ལ་མཁོ་བའི་བཅུད་ལྡན་ནས་རྡོག་རེད།
མཚར་སྡུག་གིས་སྤུད་པའི་པད་ཁའི་མེ་ཏོག་རེད།
ནས་ཞིང་སྐྲ་ལོ་བྲེགས་པའི་ཞིང་ཁུལ་གྱི་སྙན་ངག
ཐོགས་མེད་ཀྱིས་རྗེས་རབས་པར་གྱེར་དགོས་ལ།
སེམས་ན་བཞད་པའི་ནས་རྡོག་གཅིག་གི་གཏམ་རྒྱུད།
རྨུ་ཐགས་བཞིན་རྗེས་རབས་པར་བསྲིང་དགོས།
བོད་པའི་བུ་མོ་ཚོ།
གསན་བྱུང་ངམ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།