ཁ་བ་ལེབ་མོ་ཞིག་གི་འགྲེལ་བ།


ཁ་བའི་འདབ་མ་མང་བོས་གངས་ཀྱི་འཇིག་རྟེན་ཞིག་བསྐྲུན་ཡོད
གངས་ཀྱི་འཇིག་རྟེན་དེ་སྨྲ་བསམ་བརྗོད་མེད་ཀྱི་འོད་སྣང་དཀར་པོས་ཁྱབ
གང་ནས་འོང་བ་མི་གསལ་བའི་རྐང་རྗེས་འགའ་ཞིག་ཀྱང་གངས་ཁྲོད་དུ་རིམ་གྱིས་བབས
ཆོས་ཉིད་ལས་ཀྱང་བརྒལ་བའི་ཁ་བ་ལེབ་མོ་ཞིག་གི་འཕུར་སྟངས་ཀྱིས
ཡང་ན་ཁ་བ་ལེབ་མོ་ཞིག་ས་རྗེན་དུ་ལྷུང་བ་ལྟ་བུའི་ན་ཟུག་གིས
ཁ་བ་ལེབ་མོ་ཞིག་གིས་གངས་རི་ཉིལ་བའི་གཏམ་རྒྱུད་ཁོ་ནར་རྣ་བ་བླགས་ཡོད

གནའ་བོའི་དུས་སུ
ཁ་བ་ལེབ་མོ་དག་གིས་འཇིག་རྟེན་གྱི་སྒལ་གཞུང་ལ་དྭངས་གཙང་གི་ཚོན་རྩི་བྱུག་ཡོད་བསམ
གཙང་བོར་ལྷུང་ཟིན་པའི་ཁ་བའི་འདབ་མ་དག་གི་རྐང་རྗེས་སུས་ཀྱང་བཙལ་མྱོང་མེད
ཁ་བ་ལེབ་མོ་དེ་བཙག་དང་རླུང་ལ་འགྲོགས་ཏེ་གངས་ཁྲོད་དུ་ལྷུང་དུས
གངས་དང་མཉམ་དུ་འོད་འཚེར་ཞིང
ཁ་བའི་ཁྲོད་ནས་མདངས་མངོན་བྱུང

ཁ་བ་ལེབ་མོ་དེ་འཁོར་ཕྱོགས་ཤིག་གིས་ནགས་གསེབ་ཏུ་ལྷུང་ན་ཅི་བྱ
ཁ་བ་ལེབ་མོ་དེ་འཕུར་ཐེངས་ཤིག་གིས་རྒྱ་མཚོའི་ཕ་རོལ་དུ་བབས་ན་ཅི་བྱ
ཁ་བ་ལེབ་མོ་དེ་གྲང་ངར་ཅན་གྱི་རྫ་སུལ་དང
བུ་ཡུག་ལྡིང་བའི་རི་ལུང་དུ་མཛེས་སྡུག་གིས་བབས་ཚེ
གངས་དང་རི་ཚོགས་བཅས་ཀྱིས་ཁ་བ་ལེབ་མོ་དག་གི་གླུ་སྐད་ཁོ་ནར་ཉན་ངེས

              2014 10 23ཉིན་བྲིས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བ་ལེབ་མོ་ཞིག་གི་འགྲེལ་བ།

2015-02-06 གཉན་པོ། ཀློག་གྲངས། མཆན ཡོད།


ཁ་བའི་འདབ་མ་མང་བོས་གངས་ཀྱི་འཇིག་རྟེན་ཞིག་བསྐྲུན་ཡོད
གངས་ཀྱི་འཇིག་རྟེན་དེ་སྨྲ་བསམ་བརྗོད་མེད་ཀྱི་འོད་སྣང་དཀར་པོས་ཁྱབ
གང་ནས་འོང་བ་མི་གསལ་བའི་རྐང་རྗེས་འགའ་ཞིག་ཀྱང་གངས་ཁྲོད་དུ་རིམ་གྱིས་བབས
ཆོས་ཉིད་ལས་ཀྱང་བརྒལ་བའི་ཁ་བ་ལེབ་མོ་ཞིག་གི་འཕུར་སྟངས་ཀྱིས
ཡང་ན་ཁ་བ་ལེབ་མོ་ཞིག་ས་རྗེན་དུ་ལྷུང་བ་ལྟ་བུའི་ན་ཟུག་གིས
ཁ་བ་ལེབ་མོ་ཞིག་གིས་གངས་རི་ཉིལ་བའི་གཏམ་རྒྱུད་ཁོ་ནར་རྣ་བ་བླགས་ཡོད

གནའ་བོའི་དུས་སུ
ཁ་བ་ལེབ་མོ་དག་གིས་འཇིག་རྟེན་གྱི་སྒལ་གཞུང་ལ་དྭངས་གཙང་གི་ཚོན་རྩི་བྱུག་ཡོད་བསམ
གཙང་བོར་ལྷུང་ཟིན་པའི་ཁ་བའི་འདབ་མ་དག་གི་རྐང་རྗེས་སུས་ཀྱང་བཙལ་མྱོང་མེད
ཁ་བ་ལེབ་མོ་དེ་བཙག་དང་རླུང་ལ་འགྲོགས་ཏེ་གངས་ཁྲོད་དུ་ལྷུང་དུས
གངས་དང་མཉམ་དུ་འོད་འཚེར་ཞིང
ཁ་བའི་ཁྲོད་ནས་མདངས་མངོན་བྱུང

ཁ་བ་ལེབ་མོ་དེ་འཁོར་ཕྱོགས་ཤིག་གིས་ནགས་གསེབ་ཏུ་ལྷུང་ན་ཅི་བྱ
ཁ་བ་ལེབ་མོ་དེ་འཕུར་ཐེངས་ཤིག་གིས་རྒྱ་མཚོའི་ཕ་རོལ་དུ་བབས་ན་ཅི་བྱ
ཁ་བ་ལེབ་མོ་དེ་གྲང་ངར་ཅན་གྱི་རྫ་སུལ་དང
བུ་ཡུག་ལྡིང་བའི་རི་ལུང་དུ་མཛེས་སྡུག་གིས་བབས་ཚེ
གངས་དང་རི་ཚོགས་བཅས་ཀྱིས་ཁ་བ་ལེབ་མོ་དག་གི་གླུ་སྐད་ཁོ་ནར་ཉན་ངེས

              2014 10 23ཉིན་བྲིས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།